Jump to content

ཁལ་ཁ་རྗེ་བཙུན་དམ་པ་བློ་བཟང་ཚུལ་ཁྲིམས་འཇིགས་མེད་བསྟན་པའི་རྒྱལ་མཚན་

ཡོང་ཁུངས་Wikipedia

(ཁལ་ཁ་སྐུ་ཕྲེང་ལྔ་པ)རབ་བྱུང་བཅུ་བཞི་པའི་ཤིང་ཕག་(༡༨༡༥)ལོར་སྐུ་འཁྲུངས། སྐུ་ན་ཕྲ་མོའི་དུས་ནས་དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་ནས་གསན་བསམ་ལ་ཐུགས་བརྩོན་ཆེ། ཏཱ་ལའི་བླ་མ་ཚུལ་ཁྲིམས་རྒྱ་མཚོ་དང༌། པཎ་ཆེན་རིན་པོ་ཆེ་བསྟན་པའི་ཉི་མ་སོགས་དམ་པ་མང་པོའི་དྲུང་ནས་མདོ་སྔགས་ཀྱི་ཆོས་བཀའ་རྒྱ་ཆེར་གསན། པཎ་ཆེན་རིན་པོ་ཆེའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རང་ཡུལ་དུ་ཕེབས་ནས་དགོན་སྡེ་ཁག་གི་སློབ་གཉེར་དང༌། ཆོས་འཆད་ཉན་སོགས་གོང་འཕེལ་གྱི་ཐབས་ཚུལ་འབད་པ་ཆེར་བསྐྱེད་མཛད། རབ་བྱུང་བཅུ་བཞི་པའི་མེ་བྱ(༡༨༣༧)ལོར་དགེ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་གྲྭ་རིགས་ཐམས་ཅད་གྲྭ་ཚང་བཀྲ་ཤིས་ཆོས་འཕེལ་གླིང་དང་ཀུན་དགའ་ཆོས་གླིང་གཉིས་སུ་བསྡུས་ནས་སྒོ་མང་གྲྭ་ཚང་དང༌། བློ་གསལ་གླིང་གྲྭ་ཚང་གསར་འཛུགས་གནང༌། པེ་ཅིན་དུ་ཕེབས་ནས་གོང་མ་བཏྭ་བཀྭང་དང་མཇལ་ཏེ་སྔར་སྲོལ་དང་མཐུན་པའི་གུས་བཀུར་དང་གནང་སྦྱིན་མཛད། དགུང་ལོ་ཉེར་བདུན་པ་རབ་བྱུང་བཅུ་བཞི་པའི་ལྕགས་གླང(༡༨༤ཤྭ)ལོར་བོད་དབུས་གཙང་དུ་ཐེངས་གཉིས་པ་ཕེབས་པའི་ལམ་བར་དུ་སྐུ་གཤེགས། རྣམ་ཐར་སྐོར། མཁན་པོ་ནོ་མིན་ཧན་ངག་དབང་ཡེ་ཤེས་ཐུབ་བསྟན་རབ་འབྱམས་པས་མཛད་པའི་《སྐྱབས་མགོན་རྗེ་བཙུན་དམ་པ་བློ་བཟང་ཚུལ་ཁྲིམས་འཇིགས་མེད་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་ལས་བརྩམས་པའི་བསྟོད་པ་དད་པའི་ཤིང་རྟ》ཤིང་དཔར་ལ་ཤོག་གྲངས༧ཡོད་པ་རྩོམ་པ་པོའི་གསུང་འབུམ་པོད[ཁ]པའི་ནང་དུ་བཞུགས།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།