ཁམས་བཅོ་བརྒྱད་

ཡོང་ཁུངས་Wikipedia

དམིགས་པ་ཡུལ་གྱི་ཁམས་དྲུག་དང༌། རྟེན་དབང་པོའི་ཁམས་དྲུག བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག་སྟེ་བཅོ་བརྒྱད། དང་པོའི་དྲུག་ནི། གཟུགས། སྒྲ། དྲི། རོ། རེག་བྱ། ཆོས། གཉིས་པའི་དྲུག་ནི། མིག་གི་དབང་པོ་དང༌། རྣ་བའི་དབང་པོ། སྣའི་དབང་པོ། ལྕེའི་དབང་པོ། ལུས་ཀྱི་དབང་པོ། ཡིད་ཀྱི་དབང་པོ། གསུམ་པའི་དྲུག་ནི། མིག་གི་རྣམ་ཤེས་དང༌། རྣ་བའི་རྣམ་ཤེས། སྣའི་རྣམ་ཤེས། ལྕེའི་རྣམ་ཤེས། ལུས་ཀྱི་རྣམ་ཤེས། ཡིད་ཀྱི་རྣམ་ཤེས་བཅས་བསྡོམས་པས་ཁམས་བཅོ་བརྒྱད་དེ་ཁམས་ཆེན་བཅོ་བརྒྱད་ཀྱང་ཟེར་རོ། །

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།