ཁམས་གསུམ་

ཡོང་ཁུངས་Wikipedia

སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་བཤད་ཚུལ་ལ། རང་ཅག་འཚོ་གནས་བྱེད་པའི་འཇིག་རྟེན་གྱི་ཁམས་ཆེན་པོ་འདི་ལ་ནང་གསེས་ཁམས་གསུམ་དུ་ཕྱེ་བ་སྟེ། འདོད་ཁམས།གཟུགས་ཁམས། གཟུགས་མེད་ཁམས་བཅས་ཡོད་པ་དང༌། འདོད་ཁམས་ལ་འགྲོ་བ་རིགས་དྲུག་དང༌། གཟུགས་ཁམས་ལ་གནས་རིས་བཅུ་བདུན། གཟུགས་མེད་ཁམས་ལ་གནས་བཞི་བཅས་ཡོད་པར་གསུངས། དེ་རྣམས་ཀྱི་གོ་དོན་དང་དབྱེ་བ་བཅས་མིང་ཚིག་སོ་སོའི་ཐད་ཀར་བཀོད་པ་དེར་གཟིགས།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།