ཁ་སྐོང་གི་ཆོས་བཅུ་གསུམ་

ཡོང་ཁུངས་Wikipedia

ཁ་སྐོང་གི་ཆོས་བཅུ་གསུམ།[རྩོམ་སྒྲིག]

མི་འདུག་པར་འགྲེང་བྱ་མ་ཡིན། གང་ལ་བྱ་བའི་ཡུལ་མ་ཡིན། འདུན་པ་དང་ཡོངས་སུ་དག་པའི་ཆོ་ག་མ་ཡིན། བསྙེན་པར་མ་རྫོགས་པ་མ་ཡིན། ཉམས་པ་མ་ཡིན། མཚམས་མེད་བྱས་པ་མ་ཡིན། སྡིག་ལྟ་ཅན་མ་ཡིན། ས་གཞན་ན་གནས་པ་མ་ཡིན། ཐ་དད་དུ་གནས་པ་མ་ཡིན། འཁྲུལ་བཅས་མ་ཡིན། མཚམས་གཞན་ན་གནས་པ་མ་ཡིན། དཀོན་མཆོག་གཞན་མ་ཡིན། ཤེས་པ་རང་བཞིན་དུ་མི་གནས་པ་མ་ཡིན། མཚན་མི་མཐུན་པ་མ་ཡིན། ཞེས་བཅུ་བཞི་ཡོད་པ་ལས་ཆོས་ཕྱོགས་པས་ལས་བྱེད་ན་ཐ་དད་དུ་གནས་པ་མ་གཏོགས་པ་བཅུ་གསུམ་དང༌། ཆོས་མ་ཡིན་པའི་ཕྱོགས་པས་ལས་བྱེད་ན་སྡིག་ལྟ་ཅན་མ་ཡིན་པ་མ་གཏོགས་བཅུ་གསུམ་མོ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།