ཁ་འབབ་ཀྱི་ཆུ་བོ་བཞི་

ཡོང་ཁུངས་Wikipedia

ཁ་འབབ་ཀྱི་ཆུ་བོ་བཞི།[རྩོམ་སྒྲིག]

ཡར་ཀླུང་གཙང་པོའི་ཆུ་མགོ་རྟ་མཆོག་ཁ་འབབ། ཆུ་བོ་གངྒའི་ཆུ་མགོ་རྨ་བྱ་ཁ་འབབ། ཆུ་བོ་སིན་དྷུའི་ཆུ་མགོ་གླང་ཆེན་ཁ་འབབ། ཆུ་བོ་སི་ཏའི་ཆུ་མགོ་སེང་གེ་ཁ་འབབ་བོ། འདི་ལ་བོད་ཡིག་གི་ལོ་རྒྱུས་ཡིག་ཆ་མང་པོ་ཞིག་ཏུ་གངས་རི་ཏི་སེའི་ཕྱོགས་བཞི་ནས་འབབ་པའི་ཆུ་བོ་བཞི་ཞེས་དང༌། འགའ་ཞིག་མཚོ་མ་དྲོས་པའམ་མཚོ་མ་ཕམ་གྱི་ཕྱོགས་བའི་ནས་འབབ་པའི་ཆུ་བོ་བཞི་ཞེས་གསུང་ཚུལ་མི་འདྲ་བ་ཡོད་ཀྱང༌། དོན་སྙིང་ཆུ་བོ་དེ་རྣམས་ཀྱི་ཆུ་མགོའི་རི་དེ་དག་སྲོག་ཆགས་བཞིའི་ཁ་འདྲ་བ་ནས་འབབས་ཚུལ་སྐོར་གཤམ་དུ་ཆུ་བོ་བཞི་སོ་སོའི་མིང་གི་ཐད་ཀར་འགྲེལ་བཤད་བྲིས་ཡོད་པ་དེར་གཟིགས།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།