ཀྲོའུ་ཡིའུ་ཀོང་།
| ཀྲོའུ་ཡིའུ་ཀོང་། | |
|
| |
| མིང་། | 周有光
|
| Template loop detected: Template:Infobox person/Wikidata | |
དཔལ་འབྱོར་རིག་པ་མཁས་ཅན།
[རྩོམ་སྒྲིག]ཆུང་དུས་ཧྲང་ཧའེ་ཧྲེང་གཡོད་ཧན་སློབ་ཆེན་གྱི་དཔལ་འབྱོར་ཆེད་ལས་སུ་རྒྱུགས་འཕྲོད་པ་མ་ཟད། ཐོ་ཁེའོ་སློབ་ཆེན་དང་ཅིང་ཏུའུ་སློབ་ཆེན་དུ་སློབ་གཉེར་བྱས། ཕྱིས་སུ་ཤིན་ཧྭ་དངུལ་ཁང་དུ་ལས་བསྐོས་བརྒྱབ་ནས་ཨ་རི་དང་ཡོ་རོབ་ཏུ་མངགས། ༡༩༤༩ལོར་ཧྲང་ཧའེ་ལ་བཅིངས་འགྲོལ་བཏང་རྗེས་རྒྱལ་ནང་དུ་ལོག་ནས་ཧྥུའུ་ཏན་སློབ་ཆེན་དང་ཧྲང་ཧའེ་ནོར་དཔལ་སློབ་གླིང་གི་དཔལ་འབྱོར་རིག་པའི་དགེ་རྒན་བྱས།
རྒྱ་ཡིག་སྒྲ་སྦྱོར་གྱི་ཡབ་ཆེན།
[རྩོམ་སྒྲིག]ལོ་༥༠ཙམ་ལ་ལས་སྒྱུར་བྱས། རྒྱལ་ཡོངས་ཀྱི་ཡི་གེ་སྒྱུར་བཅོས་གྲོས་ཚོགས་ལ་ཞུགས་རྗེས་རྒྱ་ཡིག་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་དུ་བསྡད་པ་མ་ཟད།《རྒྱ་སྐད་ཀྱི་སྒྲ་སྦྱོར་རྣམ་གཞག》བཟོ་བའི་ལས་ལ་ཞུགས། ཕྱིས་སུ་རྒྱ་སྐད་ཀྱི་སྒྲ་སྦྱོར་དེ་རྒྱལ་ཡོངས་སློབ་ཆུང་གི་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཏུ་གྱུར། ༡༩༨༢ལོར་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་རྩ་འཛུགས་ཀྱིས་འདེམས་ཤོག་འཕངས་ཏེ།《རྒྱ་སྐད་ཀྱི་སྒྲ་སྦྱོར་རྣམ་གཞག》དེ་རྒྱ་ཡིག་གི་ཚིག་འབྲུ་དེད་ནས་འབྲི་བའི་རྒྱལ་སྤྱིའི་ཚད་གཞིར་གཏན་འཁེལ་བྱས།
