ཀུན་རྟོགས་བརྒྱད་ཅུ་

ཡོང་ཁུངས་Wikipedia

ནང་པ་སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་བླ་མེད་ཀྱི་གཞུང་ཕལ་ཆེ་བ་ལས་གསུངས་པའི་ཀུན་རྟོགས་བརྒྱད་ཅུ་ནི། སྣང་བའི་རང་བཞིན་གྱི་རྟོག་པ་སུམ་ཅུ་སོ་གསུམ། མཆེད་པའི་རང་བཞིན་གྱི་རྟོག་པ་བཞི་བཅུ། ཉེར་ཐོབ་རང་བཞིན་གྱི་རྟོག་པ་བདུན་བཅས་ཡིན་ཅིང་། འདིར་གྲངས་འདྲེན་ཙམ་ལས་སོ་སོའི་ངོས་འཛིན་དང་། སྐྱེ་ཚུལ། ཕྲ་རགས་ཀྱི་ཁྱད་པར། རིམ་བཞིན་འགག་ཚུལ་དང་། སླར་ཡང་རིམ་བཞིན་སྐྱེ་ཚུལ་སོགས་ཞིབ་ཕྲ་དཔལ་གསང་བ་འདུས་པའི་བསྐྱེད་རྫོགས་ཀྱི་ཁྲིད་ཡིག་རྣམས་ལས་གསལ་བས་འདིར་མ་བཀོད་ལགས།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།