ཀུ་ཤ་ནའི་རྒྱལ་རབས་

ཡོང་ཁུངས་Wikipedia

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི《གཏམ་རྒྱུད་གསེར་ཐང》ཤོག་གྲངས༣༡༤པར་ཤ་ཀ་དང་པྲ་ཐི་ན་རྣམས་རྒྱ་གར་དུ་ཆགས་པའི་སྐབས་སླར་ཡང་རྒྱ་གར་དུ་ཡུའི་ཙི་བྱ་བའི་མཐའ་མིའི་འབྲོག་སྡེ་ཆེན་པོ་གཞན་ཞིག་ཏུ་སླེབས། འདི་དག་གི་རྩ་བའི་ཡུལ་རྒྱ་ནག་ནུབ་བྱང་གི་ཕྱོགས་སུ་ཆགས་པ་ལས་རིམ་གྱིས་ཤཱཀྱའི་ཡུལ་དང་ལི་ཡུལ་གྱི་བྱང་ཕྱོགས་རྣམས་བཟུང་ཞིང་། ཨོ་རྒྱན་དང་དྲི་ཟའི་ཡུལ་སོགས་སུ་སླེབས་ཏེ་ཁང་ཁྱིམ་ཅན་དུ་གྱུར། ནང་གསེས་སུ་རིགས་ལྔ་ཡོད་པ་ལས་ཀུ་ཤ་ནའི་མཆོག་ཏུ་གྱུར་པ་དེའི་རིགས་ལས་རྒྱལ་པོ་ཀ་དྭ་ལི་ཤ་བྱ་བ་སངས་རྒྱས་འདས་ལོ་དྲུག་བརྒྱ་པའི(སྤྱི་ལོའི་དུས་རབས་དང་པོའི་མཇུག་ཙམ)ཕྱེད་སྔ་མའི་ནང་དུ་རྒྱལ་སྲིད་ཐོབ་སྟེ་ཁ་ཆེའི་ཡུལ་གྱི་ཕྱེད་བར་དུ་དབང་བསྒྱུར། དེའི་བུ་ཀ་དྭ་ལི་ཤ་གཉིས་པས་སྲིད་དབང་བཟུང་སྐབས་རྒྱ་གར་ཝ་ར་ཎྰ་སི་ལ་ཐུག་གི་བར་དབང་བསྒྱུར། དེའི་འོག་ཏུ་རྒྱལ་པོ་ཀ་ནི་ཤྐས་སྲིད་དབང་བཟུང་ཞེས་གསུངས་པ་ལྟར་ན་རྒྱལ་པོ་ཀ་ནི་ཤྐ་ནི་ཀུ་ཤ་ནའི་རྒྱལ་རབས་ཀྱི་རྒྱལ་པོ་ཡིན་པ་ལྟ་བུར་སྣང་། ཡང་ཕྱི་རྒྱལ་དུ་བཞུགས་པའི་བོད་ཀྱི་མཁས་པ་འགའ་ཞིག་ཀིས་རྒྱལ་པོ་ཀ་ནི་ཤྐས་ཀུ་ཤ་ནའི་རྒྱལ་རབས་གཏོར་ནས་དབུས་ཨེ་ཤི་ཡ་དང་། ཨབ་གྷ་ནེ་སི་ཐན་དང་། རྒྱ་གར་ནུབ་བྱང་དང་། རྒྱ་གར་བྱང་ཕྱོགས་བཅས་མངའ་འོག་ཏུ་བསྡུས་པའི་རྒྱལ་ཁབ་ཤིན་ཏུ་སྟོབས་ཆེན་ཞིག་བཙུགས་ཞེས་གསུངས་འདུག་པ་གོང་གསལ་གསུང་ཚུལ་མི་འདྲ་བ་གཉིས་གང་ཞིག་ཁུངས་བཙན་པ་ཡིན་མིན་ཁོ་བོས་ཁ་ཚོན་བཅད་མ་ནུས་པས་ཞིབ་དཔྱད་གནང་བར་ཞུ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།