ཀུ་རུ་ཀུ་ལླེ་ལྷ་བཅོ་ལྔ་མ་

ཡོང་ཁུངས་Wikipedia

སློབ་དཔོན་ཨ་བྷྱ་ཀ་རས་མཛད་པའི《དཀྱིལ་ཆོག་རྡོ་རྗེ་ཕྲེང་བ》ནས་གསུངས་པའི་དཀྱིལ་འཁོར་རིགས་མི་འདྲ་བ་བཞི་བཅུ་ཞེ་གཉིས་ཡོད་པའི་ནང་ཚན་བཅུ་གཉིས་པ། གཙོ་བོ་ལྷ་མོ་ཀུ་རུ་ཀུ་ལླེ་ལ་འཁོར་ལྷ་མོ་བཅུ་བཞི་སྟེ། རིམ་པ་དང་པོའི་ཕྱོགས་བཞི་དང་། རིམ་པ་གཉིས་པའི་ཕྱོགས་མཚམས་བརྒྱད། སྟེང་འོག་གཉིས་བཅས་ལ་ལྷ་མོ་རེ་ཡོད་པ། བདག་མེད་ལྷ་མོ་བཅོ་ལྔའི་འཁོར་དང་འདྲ་བས་བསྐོར་བ་ཞིག་ཡིན། ཞིབ་པར《དབང་རྡོ་རྗེ་དབང་ཆོག》ལྕང་སྐྱ་ངག་དབང་ཆོས་ལྡན་གྱི་གསུང་འབུམ་པོད[ག]པའི་ནང་དུ་ཡོད་པ་དེར་གསལ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།