Jump to content

ཀུ་ན་ལ་

ཡོང་ཁུངས་Wikipedia

རྒྱལ་པོ་མྱ་ངན་མེད་ཀྱི་སྲས་ཡིན། བོད་ཡིག་གི་ལོ་རྒྱུས་མང་ཆེ་བར་རྒྱ་གར་གྱི་ལོ་རྒྱུས་ཐོག་རྒྱལ་པོ་མྱ་ངན་མེད་སྔ་རྗེས་གཉིས་བྱུང་བའི་བཤད་སྲོལ་མི་སྣང་ཡང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་རྒྱ་གར་གྱི་ལོ་རྒྱུས་མང་པོར་ཞིབ་འཇུག་མཛད་ནས་གསུང་དོན་དུ། བཙུན་མོས་དབྱེན་སྦྱོར་ཕྲ་མ་བཅུག་ནས་ཡབ་རྒྱལ་པོ་མྱ་ངན་མེད་ཀྱི་བཀའ་ཡིག་བརྫུས་མ་ཞིག་བཟོས་ཏེ་མིག་འདོན་དུ་བཅུག་པའི་སྲས་ཀུ་ན་ལ་ཟེར་བ་དེ་མྱ་ངན་མེད་རྗེས་མ་དེའི་སྲས་ཡིན་ཚུལ་གསུངས་ཡོད་པ་ལྟར་ཁུངས་དག་གམ་སྙམ། བསྟན་འགྱུར་གྱི་འདུལ་བའི་སྡེ་ཚན་ནང《ཀུ་ན་ལ་མིག་གི་རྟོགས་པ་བརྗོད་པ》ཞེས་པ་ཞིག་ཡོད་པ་སྡེ་དགེ་བསྟན་འགྱུར་པོད[སུ]པའི་ནང་བཞུགས་ཤིང་། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི《རྒྱ་གར་ཆོསའབྱུང》གི་སྐབས་བརྒྱད་པ་རྒྱལ་པོ་མྱ་ངན་བྲལ་གྱི་དུས་ཀྱི་གཏམ་ལས། ཀུ་ན་ལའི་ལོ་རྒྱུས་གནད་བསྡུས་ཤིག་གསུངས་ཡོད།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།