ཀིརྟི་སྐུ་ཕྲེང་དྲུག་པ་དགེ་འདུན་ཆོས་ཀྱི་དབངཕྱུག་

ཡོང་ཁུངས་Wikipedia

མདོ་སྨད་རེབ་གོང་གི་ཆུ་མ་ཞེས་པའི་ས་ཆར་ཀླུ་རྒྱལ་གྱི་ཁྱིམ་ཚང་དུ་ཡབ་ངག་དབང་རབ་བརྟན་དང་ཡུམ་སྙིང་མོ་ཐར་གྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་(༡༧༧༣)ལོར་འཁྲུངས། 《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》གསར་རྩོམ་ནང་འདིའི་དགུང་རྙིང༡༧༥༧ལོ་སྟེརབ་བྱུང་བཅུ་གསུམ་པའི་མེ་གླང་ལོ་ཡིན་པར་བཤད་པནོར་བ་སྟེ། 9་གླང་དེ་ནས་རྩིས་པའི་ལོ་ཉེར་ལྔ་པ་ལྕགས་གླང(༡༧༨༡)ལོ་ཡིན་པས་དེ་ལོར་རྗེ་འདི་དགོངས་པ་མྱ་ངན་ལས་འདས་ཟིན་དགོས། དེ་ལྟར་ན་དེ་ཡི་ཕྱི་ལོ་ཆུསྟག་ལོ་ནས་རྩིས་པའི་ལོ་བཅུ་པ་ལྕགས་ཕག(༡༧༩༡)ལོར་འཇམ་བཞད་བར་པ་འཇིགས་མེད་དབང་པོ་དགོངས་པ་རྫོགས་པ་ཡིན་པས་དེའི་དགོངས་རྫོགས་ཀྱི་མཆོད་འབུལ་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་གདན་དྲངས་ཐབས་མེདཔས་སོ། ། དགུང་ལོ་ལྔ་ལ་ཕེབས་པ་མེ་སྤྲེལ་ལོར་ངོསའཛིན་དང་བརྟག་དཔྱད་བཟང་པོ་བྱུང་བར་བརྟེན་ཀིརྟི་སྐུ་ཕྲེང་ལྔ་པའི་ཡང་སྤྲུལ་དུ་ཐག་བཅད་དེ་གདན་སར་བརྐད། མཛོད་དགེ་རི་ཁྲོད་དབང་སོ་མཁས་གྲུབ་བསྟན་འཛིན་དང་ཨང་སྨོན་སྤྲུལ་སྐུ་དགེ་རྒན་དུ་བསྟེན་ནས་གསན་བསམ་མཛད། འཇམ་བཞད་བར་པ་འཇིགས་མེད་དབང་པོ་དགོངས་པ་རྫོགས་པའི་མཆོད་འབུལ་གྱི་ཚོགས་དབུའི་གྲས་སུ་ཕེབས། དགུང་ལོ་ཉེར་ལྔ་པ་རབ་བྱུང་བཅུ་གསུམ་པའི་མེ་འབྲུག(༡༧༩༦)ལོར་སྐུ་མྱ་ངན་ལས་འདས། གསུངརྩོམ་འགའ་ཞིག་ཡོད་ཚོད་འདུག་ཀྱང་དཔྱད་གཞི་མ་རྙེད། རྣམ་ཐར་ལོ་རྒྱུས་སྐོར《མདོ་སྨད་ཆོས་འབྱུང》ལྕགས་དཔར་མའི་ཤོག་གྲངས༧༡༩དང་། 《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》ཤོག་གྲངས༣༨ནས༣༩བར་གསལ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།