ཀིརྟི་སྐུ་ཕྲེང་དགུ་པ་བསྐལ་བཟང་བློ་གྲོས་ཀུན་དགའ་ལུང་རྟོགས་རྒྱ་མཚོ་

ཡོང་ཁུངས་Wikipedia

སྟག་ཚང་ལྷ་མོ་དགོན་གྱི་ཉེ་འདབས་ཡབ་སྦྱིན་པ་དང་ཡུམ་མཁའ་འགྲོ་འཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ(༡༩༠༥)ལོརའཁྲུངས། (དེང་སྐབས་གསར་རྩོམ《སྟག་ཚང་ལྷ་མོ་ཀིརྟིདགོན་གྱི་ལོ་རྒྱུས》ཞེས་པའི་ནང་འཁྲུངས་ལོ་ཆུ་སྟག་ཡིནཔར་བཤད། )དགུང་ལོ་ཆུང་དུས་ནས་སྟག་ཚང་ལྷ་མོའི་དགོན་པ་རང་དུ་གཞུང་ཆེན་མོ་ལྔ་ལ་གསན་བསམ་སློབ་གཉེར་ཕུལ་དུ་ཕྱིན་པ་གནང་སྟེ་གྲྭ་སློབ་ཀུན་གྱིས་སྐུ་ཕྲེངགོང་མ་རྣམས་དང་འདྲ་བར་བསྟན་འཛིན་གྱི་སྐྱེས་ཆེནམཚན་དོན་མཐུན་པ་ཞིག་ཡོང་རྒྱུའི་རེ་བ་ཤིན་ཏུ་ཆེ་བའི་མུར་དགུང་ལོ་བཅུ་དྲུག་ལ་ཕེབས་པ་ལྕགས་སྤྲེལ(༡༩༢༠)ལོར་གློ་བུར་དུ་སྐུ་གཤེགས།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།