Jump to content

ཀིརྟི་སྐུ་ཕྲེང་གཉིས་པ་བསྟན་པ་རིན་ཆེན་

ཡོང་ཁུངས་Wikipedia

རྔ་བ་སྨད་རྒྱུད་དུ་ཡབ་དཀོན་མཆོག་སྐྱབས་དང་ཡུམ་སྐྱིད་བདེགཉིས་ཀྱི་སྲས་སུ་སྐུ་ཕྲེང་གོང་མ་སྐུ་གཤེགས་ནས་ལོ་ཉེར་ལྔ་པ་རབ་བྱུང་བརྒྱད་པའི་ཤིང་རྟ(༡༤༧༤)ལོར་འཁྲུངས། 《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》གསར་རྩོམ་ནང་། འདིའི་དགུང་རྙིང་ཆུ་སྤྲེལ་ཡིན་པར་བཤད། དགུང་ལོ་བཅུ་དྲུག་ལ་དབུས་གཙང་དུ་ཕེབས། དགེ་བཤེས་ཆོས་དཔལ་སོགས་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་གསན་བསམ་མཐར་ཕྱིན་པ་གནང་། དགུང་ལོ་སོ་གཅིག་པ་ལ་རང་ཡུལ་དུ་བྱོན། ཀིརྟི་རི་ཁྲོད་དུ་ལོབདུན་ཙམ་བཞུགས་ནས་ཆོས་འཆད་ཉན་དང་། སྒོམ་སྒྲུབ་ཟུང་འབྲེལ་གྱིས་དུས་འདའ་བར་མཛད། དགུང་ལོསོ་ལྔ་པ་རབ་བྱུང་དགུ་པའི་ས་འབྲུག(༡༥༠༨)ལོར་ཏཱམིང་རྒྱལ་རབས་ཀྱི་གོང་མ་ཀྲེང་རྡེས(正德)ནས་ཕོ་ཉམངགས་ཏེ་ནང་སྲུར་གདན་འདྲེན་ཞུས་ཀྱང་མ་ཕེབས་པར་ལུང་བསྟན་དང་རིམ་འགྲོ་བཀོད་པ་སོགས་ཞལ་བཀོད་ཞིབ་པར་གནང་སླར་ཡང་གོང་མས་རྟ་ཞིང་བླ་མ་དང་། ཁེཤིག་གོ་ཆིང་གཉིས་ཀྱི་གདོང་དངུལ་སྲང་སྟོང་དང་། གསེར་ཇ་སོགས་ཀྱི་འབུལ་རྟེན་དང་། བླ་མ་སངས་རྒྱས་གྲུབ་ཐོབ་རིན་པོ་ཆེ་ཞེས་པའི་ལུང་དང་། བ་སོ་ལས་གྲུབ་པའི་ཐམ་ཀ་ནོར་བུའི་ཡུ་བ་ཅན་ཞིག་ཕུལ་ཏེ་གཟེངས་བསྟོད་ཞུས། རྒྱལ་རོང་དང་རྔ་བ་སྟོད་སྨད་ཀུན་དུ་མདོ་སྔགས་ཀྱི་འཆད་སྤེལ་རྒྱ་ཆེར་མཛད་ནས་དགུང་ལོ་བརྒྱདཅུ་གྱ་ལྔ་པ་རབ་བྱུང་དགུ་པའི་ས་རྟ(༡༥༥༨)ལོརདགོངས་པ་མྱ་ངན་ལས་འདས། གསུང་རྩོམ་སྐོར《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》གསར་རྩོམ་ནང་འཁོདདོན་དུ། 《མངོན་རྟོགས་རྒྱན》དང་། 《དབུ་མ་འཇུག་པའི་འགྲེལ་པ། 》《འདུལ་བའི་ཆོ་ག》《སྡོམ་གསུམ་བསླབ་བྱ། 》《སུམ་རྟགས་འགྲེལ་པ་མཁས་པ་དགྱེས་པའི་མཆོད་སྤྲིན། 》《སྙན་ངག་འགྲེལ་པ་ཚངས་སྲས་དགྱེསཔའི་གླུ་》སོགས་པོད་བརྒྱད་ལྷག་ཡོད་ཚུལ་གསལ། རྣམཐར་ལོ་རྒྱུས་ནི། 《མདོ་སྨད་ཆོས་འབྱུང》ལྕགས་དཔརམའི་ཤོག་གྲངས་༧༡༦པར་དང་། 《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》དཔར་མའི་ཤོག་གྲངས་༢༣ནས༢༦བར་གསལ་ལོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།