ཀརྨ་སྙིང་ཐིག་

ཡོང་ཁུངས་Wikipedia

ཀརྨ་པ་སྐུ་ཕྲེང་གཉིས་པ་རང་བྱུང་རྡོ་རྗེ་ནས་བརྒྱུད་པའི་སྙིང་ཐིག་གི་ཆོས་སྐོར་སྟེ། སྔ་འགྱུར་གྱི་གྲུབ་ཆེན་མེ་ལོང་རྡོ་རྗེའི་དངོས་སློབ་རིག་འཛིན་ཆེན་པོ་ཀུ་མཱ་རཱ་ཛའི་དྲུང་ནས་རྫོགས་པ་ཆེན་པོ་སྙིང་ཐིག་གི་ཆོས་སྐོར་ཆ་ཚང་བར་གསན། སླར་ཡང་ཤེའི་རྒྱལ་སྲས་ལེགས་ལྡན་པའི་དྲུང་ནས་ཀྱང་ཆ་ཚང་བར་ཚར་གཅིག་གསན་ནས་དེའི་མན་ངག་གི་ཡིག་ཆ་ཡང་མཛད་ཅིང་། སྐལ་ལྡན་གྱི་སློབ་མ་འགའ་ཞིག་ལ་སྤེལ་བར་མཛད་པ་ལས་བྱུང་བའི་སྙིང་ཐིག་གི་སྐོར་ཡིན།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།