Jump to content

ཀརྨ་ཤ་ཏམ་

ཡོང་ཁུངས་Wikipedia

གཞུང་གི་མིང་། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་འདུལ་བ་ལ་མཁས་པའི་མཆོག་ཏུ་གྱུར་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་ཡིན། ནང་དོན་ནི་འདུལ་བའི་གཞུང་ནས་བཤད་པའི་ལས་རིགས་ཀྱི་ཆོ་གའི་ལག་ལེན་རྣམ་གྲངས་བརྒྱ་དང་གཅིག་གི་བྱ་ཚུལ་ཞིབ་པར་གསུངས་ཡོད། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཅོག་རོ་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱིས་རྒྱ་གར་གྱི་པཎྜི་ཏ་ཛི་ན་མི་ཏྲ་ལ་གཏུགས་ནས་བོད་སྐད་དུ་བསྒྱུར་བ་ཡིན། ཤློོཀ་གསུམ་སྟོང་བདུན་བརྒྱ་དང་བམ་པོ་དགུ་ཡོད་པ་འདི་སྡེ་དགེ་བསྟན་འགྱུར་གྱི་མདོ་ཕྱོགས་པོད[ཝུ]པར་ཡོད། 《དཀར་ཆག་ལྡན་དཀར་མ》ལས་ཀྱང་གསལ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།