ཀརྨ་བཀའ་བརྒྱུད་

ཡོང་ཁུངས་Wikipedia

མཉམ་མེད་དྭགས་པོ་ལྷ་རྗེ་ལ་སློབ་མའི་གཙོ་བོ་ཁམས་པ་མི་གསུམ་བྱུང་བའི་ནང་ནས་ཀརྨ་པ་དུས་གསུམ་མཁྱེན་པ་ནས་བརྒྱུད་པའི་བཀའ་བརྒྱུད་ཆོས་ལུགས་ལ་ཀརྨ་བཀའ་བརྒྱུད་ཟེར། མིང་གཞན་མཚུར་ཕུ་བཀའ་བརྒྱུད་ཅེས་ཀྱང་འབོད་སྲོལ་འདུག་། དེ་ནི་ཀརྨ་པ་དུས་གསུམ་མཁྱེན་པས་རབ་བྱུང་གསུམ་པའི་ས་བྱ་(༡༡༨༩)ལོར་སྟོད་ལུང་ནང་དུ་མཚུར་ཕུའི་དགོན་པ་བཏབ་སྟེ་གནས་གཞི་བཟུང་བར་མཛད་པ་ནས་མིང་དེ་ལྟར་གྲགས།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།