Jump to content

ཀརྨ་དཀོན་མཆོག་གཞོན་ནུ་

ཡོང་ཁུངས་Wikipedia

བོད་དུ་འགྲན་ཟླ་མེད་པའི་མཁས་པ་ཆེན་པོ་ཞིག་ཡིན་ཅིང་། ཀརྨ་པ་རང་བྱུང་རྡོ་རྗེའི་ཞབས་ལ་ཐུག་ཙམ་དང་གཙོ་བོར་ཀརྨ་པ་རོལ་པའི་རྡོ་རྗེའི་དངོས་སློབ་ཡིན། ཐོག་མར་གསང་ཕུར་བཞུགས་ཏེ་གཞུང་བཀའ་པོད་ལྔ་ལ་སྦྱངས་པ་མཛད། ཀརྨ་རོལ་པའི་རྡོ་རྗེའི་དྲུང་ནས་གསང་སྔགས་ཀྱི་དབང་དང་ལུང་ཁྲིད་མང་དུ་གསན་། རྗེ་སྐྱབས་མཆོག་དཔལ་བ་དང་། རྗེ་བཙུན་རེད་མདའ་བ། རྗེ་ཙོང་ཁ་པ་ཆེན་པོ་བཅས་གསུམ་རབ་བྱུང་བདུན་པའི་ལྕགས་འབྲུག(༡༤༠༠)ལོར་སྟོད་ལུང་དགའ་གདོང་དུ་ཞལ་འཛོམས་སྐབས་དགེ་བཤེས་མཁས་གྲགས་ཅན་ལྔ་བརྒྱ་ཙམ་ཚོགས་པའི་ཚོགས་དཔོན་དབུ་བཞུགས་མཛད། དེ་སྐབས་བླ་མ་དམ་པ་རྣམ་གསུམ་དང་། ཀརྨ་པ་དཀོན་མཆོག་གཞོན་ནུ། གསང་ཕུའི་དགེ་བཤེས་ལྡན་མ་དཀོན་མཆོག་སེང་གེ་བཅས་ཕན་ཚུན་གསུང་བགྲོས་གནང་སྐབས་ཀྱི་གནས་ཚུལ་ཟིན་བྲིས་སུ་བཀོད་པ། ཁ་བྱང་དུ《ཀརྨ་དཀོན་གཞོན་གྱིས་མཛད་པའི་རྩོད་ཡིག》ཅེས་འཁོད་པ་དབུ་མེད་བྲིས་རྙིང་དཔེ་རིང་ཤོག་གྲངས་༨ཡོད་པ་ཞིག་འདུག་པ་ཁོ་བོས་ཞིབ་ཏུ་བལྟས་པར་དེ་ནི་ཕན་ཚུན་གསུང་བགྲོས་གནང་བའི་ཟིན་བྲིས་དང་སྐབས་དེར་བྱུང་བའི་གནས་ཚུལ་དངོས་ཀྱི་ལོ་རྒྱུས་ལྟ་བུ་ཞིག་ལས་རྩོད་ཡིག་ནི་མིན་འདུག་། གོང་དུ་བཀོད་པའི་ལོ་རྒྱུས་དེ་ནི་《ཀརྨ་ཀམ་ཚང་གི་ཆོས་འབྱུང》གསུང་འབུམ་པོད[ད]པའི་ཤོག་གྲངས༡༩༨ནས་ཤོག་གྲངས༡༩༩བར་གསལ་བ་ནས་དྲངས་པ་ཡིན།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།