Jump to content

ཀརྨ་ངེས་ལེགས་བསྟན་འཛིན་

ཡོང་ཁུངས་Wikipedia

བོད་ཀྱི་གསོ་རིག་ཐོག་མཛད་རྗེས་ཆེ་བ་ཞིག་ཡིན། འཁྲུངས་གཤེགས་ཀྱི་ལོ་ཟླ་དང་རྣམ་ཐར་གསལ་བ་ཞིག་མ་རྙེད་ཅིང་། ཁོང་གི་གསུང༌རྩོམ《སྨན་བསྡུས》ཨེ་དང་ཝམ་ཞེས་པོད་གཉིས་ཡོད་པའི་པོད་དང་པོའི་རང་རྣམ་མདོར་བསྡུས་ཀྱི་ནང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མ་ཧཱ་པཎྚི་ཏ་ཆོས་ཀྱི་འབྱུང་གནས༌ཀྱི་བཀའ་དྲིན་ལ་བརྟེན་ནས་རིག་པ་འདི་ལ་ཕྱོགས་སྒོར་མོ༌ནས་མཐོང་ཐོས་ཅི་རིགས་ཀྱིས་འགྲོ་ཕྱོགས་དཀྱུས་མ་མིན་ཙམ་ཞིག་ཡོད་དོ་ཞེས་གསུངས་པ་ལྟར་ན་གསོ་བ་རིག་པའི༌སྐོར་སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་དྲུང་ནས་གསན༌བཞེས་གནང་བ་ཡིན་འདུག་བར་སྐབས་ཤིག་ནས་དུས་ཐོག་མཉམ་པའི་སྨན་པ་དང་། མཁས་པ་འགའ་ཞིག་གིས༌ཕྲ་དོག་བརྙས་སྨོད་ཀྱི་སྒྲོ་སྐུར་ཞུ་མཁན་བྱུང་བར་བརྟེན་ལོ་བཅོ་ལྔ་ཙམ་རིང་སྨན་དཔྱད་ཀྱི་ཕྱག་ལེན་མཚམས་འཇོག་གནང་ཐོག། དེའི་རིང《སྨན་བསྡུས་》ཨེ་ཝམ་པོད་གཉིས་བརྩམས་གནང་མཛད། རབ་བྱུང༡༢པའི་ཆུ་བྱི(༡༧༣༢)ལོར《རྩིས་གཞུང་ཉེར་མཁོའི་བུམ་བཟང》བརྩམས། འདི་སྐོར་ལས་འཕྲོས་པའི་དཔྱད་གླེང་ཞིག་བོད་ལྗོངས་སྨན་རྩིས་ཁང་གི་དབུ་འཛིན་མཁས་དབང་བྱམས་པ་ཕྲིན་ལས་ཀྱིས་མཛད་པའི《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར》ཤོག་གྲངས༢༧༤ནས་༢༧༥བར་གསལ་བ་དེར་གཟིགས།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།