Jump to content

ཀའུ་ནི་

ཡོང་ཁུངས་Wikipedia

འདི་ནི་བསྟན་འགྱུར་ནང་དུ་དཔྱད་གའིའི་ཁོངས་སུ་བཞུགས་པའི《འདུལ་བ་མདོ་རྩ་བའི་འགྲེལ་ཆུང》ཞེས་པ་དེའི་ནང་གསལ་བའི་དངུལ་ཞོའི་ཚད་གཞི་རྩི་སྟངས་ཤིག་། སྟེ་འདི་ལྟར་ན། འགྲོན་བུ་བརྒྱད་ཅུ་ལ་ཀརྙ་པ་ཎ་གཅིག། ཀརྙཔ་ཎ་བཅུ་དྲུག་ལ་ཀའུ་ནི་གཅིགཀའུ་ནི་བཞི་ལ་གེ་[དེར་གཅིགགེ་དེར་ལྔ་ལ་སྲང་གང་ཞེས་རྩི་བ་རེད། ཞོ་། ཚད་འདིའི་རྩི་གཞི་དངུལ་ཡིན་པ་མ་གཏོགས་གསེར་མིན་ཞིང་ཡོངས་གྲགས་སུ་ཀརླ་པ་ཎའི་རྩི་སྟངས་འདི་ཁས་མི་། ལེན་པ་རེད། ། ཀའུ་ལི་དཀར་པོ། ཡོངས་གྲགས་སུ་ཀོ་རི་ཡ་ཞེས་དང་། ། ཁྲའོ་ཤན་ཞེས་འབོད་པའི་ཡུལ་དེ་ཡིན་ཅིང་། 《དེབ་། དམར》ལས་རྒྱ་མཚོའི་གླིང་ཀའུ་ལི་དཀར་པོ་ཞེས་གསལ་བ། ལྟར་མཚོ་ཐོག་གི་ཕྱེད་གླིང་ཕྲན་ཞིག་ཡིན། ཀའུ་ལི་ཞེས་པ། ནི་ཀོ་རི་ཡ་ཞེས་པའི་རི་ཡིག་ལི་ཡིག་ཏུ་འབོད་པའི་རྒྱ་སྐད། ཀྱི་ཟུར་ཆག་གི་སྒྲ་གདངས་ཡིན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི《དེབ་ཐེར་དཀར་པོ》!ལས། ཀའུ་ལི་ནི་གནའ་རབས་ཀྱི་མིང་ཆ་ཚང་ལ་ཀའོ་ཅུས། ལི་ཟེར་བར་གསུངས་པ་ལྟར་སྤྱི་ལོའི་དུས་རབས་དྲུག་པའི། འགོར་བྱུང་བའི་ཝེད་བྱང་མའི་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་། lཁྲའོ་ཤན་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་དུ་ཡང་ཀའོ་ཅུས་ལི་ཟེར། བའི་མིང་བེད་སྤྱོད་བྱེད་མྱོང་ཞིང་། རྗེས་སུ་དེའི་བསྡུས་མིང་ལ་ཀའོ་ལི་ཟེར། སྤྱི་ལོ༦༤༢ལོར་ཀའོ་ལི་ནུབ་རྒྱུད་ཀྱི་ཚོ་དཔོན་ཆོན་ཀའི་སུའུ་ཝེན་གྱིས་ཀའོ་ལི་རྒྱལ་པོ་ཅན་ཝུ་དང་། བློན་པོ་བརྒྱ་ལྷག་ཙམ་བསད་པ་སོགས་ནང་འཁྲུག་བྱུང་ཞིང་། ཐང་གི་གོང་མ་ཐང་ཐའི་ཙུང་གིས་གོ་སྐབསདེ་དང་བསྟུན་ནས། སྤྱི་ལོ༦༤༤ལོར་ཀའོ་ལིར་དཔུངའཇུག་བྱས་ཀྱང་ཕམ་ཉེས་བྱུང་། སླར་ཡང་སྤྱི་ལོ༦༤༧་ལོར་དཔུང་འཇུག་བྱས་ཏེ། སྤྱི་ལོ༦༤༩ལོར་ཐང་ཐའི་ཙུང་གཤེགས་རྗེས་གནས་སྐབས་རིང་དམག་མཚམས་བཞགསྤྱི་ལོ༦༦༠ལོར་ཀའུ་ལིའི་ཆོན་ཀའི་སུའུ་ཝེན་གྲོངས་རྗེས་དེའི་བུ་ཆོན་ནན་ཀྲུང་དང་། ཆོན་ནན་ཅན། ཆོན་ནནཁྲེང་བཅས་དབང་ཆའི་དོན་དུ་མ་འཆམས་པར་རྩོད་གཞིབྱུང་སྟེ་ཆོན་ནན་ཁྲེང་གིས་རང་ཉིད་ཀྱི་བུ་ཆོན་ཤན་ཁྲེང་བཏང་ནས་ཐང་རྒྱལ་རབས་ལ་དམག་རོགས་ཡོང་བའི་རེབ་ཞུས། ཐང་ཀའོ་ཙུང་གིས་གོ་སྐབས་དེ་དང་བསྟུན་ནས་དམག་རོགས་བྱས་པར་ཁ་གཡར་ནས་ཀའོ་ལིར་དཔུངའཇུག་བྱས་ཏེ་སྤྱི་ལོ༦༦༨ལོར་གྲོང་ཁྱེར་ཕིང་དབྲང་བླངས་ཐོག་ཀའོ་ལི་ས་ཁོངས་ཧྲིལ་པོ་ཐང་གིས་མངའ་འོག་ཏུ་བསྡུས་ནས་གྲོང་ཁྱེར་ཕིང་དབྲང་དུ་སྲིད་འཛིན་སྒྲིག་གའིཡང་བཙུགས་མྱོང་། སྤྱི་ལོ༩༡༨ལོར་ཝན་ཅན་ཟེར་བསསྲིད་དབང་བཟུང་སྟེ་བཀས་བཀོད་བརྒྱུད་འཛིན་གྱི་རྒྱལ་ཁབ་དང་པོ་བཙུགས་ཤིང་། རྒྱལ་སའི་མིང་ལ་ཁའི་ཅིང་(དེང་སང开城)ཟེར། སངས་རྒྱས་ཆོས་ལུགས་ནི་དུསསྐབས་དེར་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ་ཁྲའོ་ཤན་གྱི་ནང་པའི་སློབ་དཔོན་འགའ་ཞིག་ཐང་གི་རྒྱལ་ས་ཁྲང་ཨན་དུ་ཕེབས་མྱོང་བའི་ནང་ནས། ཀིམ་ཧ་ཤང་ཞེས་ཀོ་རི་ཡའི་རྒྱལ་སྲས་རབ་བྱུང་མཛད་པ་ཞིག་ཡོད་པ་དེས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་སང་ཤི་ལ་ཆོས་གསུངས་ནས་ལུང་བསྟན་བཀའ་སློབ་མང་པོ་གནང་མྱོང་བ་ཡིན། འཕྲོས་རྣམས་གཤམ་གསལ་ཀིམ་ཧཤང་ཞེས་པའི་མཆན་འགྲེལ་ལ་གཟིགས།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།