ཀམ་ཚང་ཆོས་འབྱུང་

ཡོང་ཁུངས་Wikipedia

འདི་ལ་རྒྱས་བསྡུས་གཉིས་ཡོད་པ་ལས་བསྡུས་པ་ནི་འབྲི་གུང་སྤྱན་སྔ་དོན་གྲུབ་དཔལ་བས་རབ་བྱུང་བདུན་པའི་མེ་བྱ(༡༤༡༧)ལོར་མཛད་པའི་《ཀམ་ཀམ་ཆོས་འབྱུང་བསྟན་པ་རིན་པོ་ཆེའི་གསལ་བྱེད》ཅེས་པ་དེ་ཡིན་ཞིང་། རྒྱས་པ་ནི《ཀརྨ་ཀམ་ཚང་གི་ཆོས་འབྱུང་རབ་འབྱམས་ནོར་བུའི་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ》ཞེས་པ་སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པ་དེའི་སྨད་ཆའི་ཁ་སྐོང་རྣམས་ཟུར་མང་ཚེ་དབང་ཀུན་ཁྱབ་ཀྱིས་རབ་བྱུང་བཅུ་གསུམ་པའི་ཤིང་ལུག(༡༧༧༥)ལོར་མཛད་པ་ཡིན་ཅིང་། འདིའི་ནང་གྲུབ་ཆེན་ཏེ་ལོ་པ་དང་ན་རོ་པ་ནས་རྟོགས་ལྡན་གྲགས་པ་རིན་ཆེན་བར་སི་ཏུ་རིན་པོ་ཆེས་མཛད་ཅིང་། ཀརྨ་པ་མཐོང་བ་དོན་ལྡན་ནས་སིཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་བར་ཟུར་མང་ཚེ་དབང་ཀུན་ཁྱབ་ཀྱིས་ཁ་སྐོང་མཛད་པ་ཡིན་པ་དང་། དམ་པ་སོ་སོའི་རྣམ་ཐར་གྱི་ཞོར་དུ་ཞལ་སློབ་གྲགས་པ་ཅན་རྣམས་ཀྱི་ལོ་རྒྱུས་ཀྱང་རྒྱས་བཤུས་སྐབས་སུ་གང་འོས་བཀོད་གནང་མཛད་ཡོད་པ་སི་ཏུ་རིན་པོ་ཆེའི་གསུང་འབུམ་པོད[ད]པ་དང[ན]པ་གཉིས་སུ་བཞུགས།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།