Jump to content

ཀཏྱ་ཡ་ན་

ཡོང་ཁུངས་Wikipedia

ཉན་ཐོས་སྡེ་པ་བཞིའི་ནང་གི་གནས་བརྟན་སྡེ་པའི་ཐོག་མའི་སློབ་དཔོན་ཡིན་ཞིང་། འཁྲུངས་ཡུལ་ནི་རྒྱ་གར་སྐད་དུ་ཨུ་ཇེན་ཏེ། བོད་སྐད་དུ་འཕགས་རྒྱལ་ཞེས་འབོད་པ་དེ་ཡིན་པར《འདུལ་བ་ལུང》གི་སྨན་གྱི་གཞིའི་སྐབས་སུ་གསུངས། ཁོང་གི་རིགས་ནི་ཀཏྱ་ཡིན་པ་དང་། རབ་ཏུ་མ་བྱུང་གོང་གི་མཚན་ནི་ན་ལ་དཱ་དང་། རབ་ཏུ་བྱུང་རྗེས་ཀཏྱའི་བུ་དང་ཀཏྱ་ན་ཞེས་འབོད། སངས་རྒྱས་ཀྱི་དངོས་སློབ་ནང་ནས་མཐའ་འཁོབ་འདུལ་བའི་མཆོག་ཏུ་གྱུར་པ་ཞིག་ཡིན། ཁོང་གི་ལོ་རྒྱུས་ཞིབ་པ་མ་མཐོང་ཞིང་ཅུང་ཟད་ཙམ་འདུལ་བའི་གླེང་འབུམ་ཤོག་གྲངས༣༩༠་(བ)པར་གསལ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།