ཀ་སྤུངས་

ཡོང་ཁུངས་Wikipedia

ཕོ་བྲང་དང་ལྷ་ཁང་ལྟ་བུའི་གཞུང་སྒོ་ཆེན་མོའི་མདུན་ངོས་སུ་སྒོ་ཁང་སྟེ་དེང་སང་སྒོ་འཕྱོར་ཞེས་འབོད་པ་དེ་ཡིན་ཅིང་། ཀ་སྤུངས་ཞེས་པའི་གོ་དོན་ཡང་སྒོ་ཁང་གི་མདུན་དུ་ཀ་བ་མང་པོ་གཡས་གཡོན་དུ་གྲལ་བསྒྲིགས་ནས་ཡོད་པ་ལ་བསམས་ནས་མིང་དེ་ལྟར་བཏགས་པ་ཡིན། པོ་ཏ་ལའི་བདེ་ཡངས་ཤར་ནུབ་དང་། གདན་ས་གསུམསོགས་དགོན་པ་ཁག་ཕལ་ཆེ་བའི་འདུ་ཁང་གི་མདུན་སྒོའི་ཕྱི་ལ་སྒོ་འཕྱོར་ཞེས་འབོད་པ་དེ་ཡིན།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།