ཀ་ལིབ་ཨུ་མར་

ཡོང་ཁུངས་Wikipedia

(སྤྱི་ལོ༥༨༤ནས༦༤༤)དབྱི་སི་ལན་ཆོས་ལུགས་ཀྱི་ལོ་རྒྱུས་ཐོག་གི་གཙོ་བདག་མི་རབས་གཉིས་པ་སྟེ་མེ་ཁ་ཞེས་བྱ་བའི་གྲོང་དུ་སྐྱེས། ཚོང་པ་འབྱོར་ཕྱུག་ལྡན་པ་ཞིག་ཡིན། ཀ་ལིབ་ཨེ་ཧྥུ་བྷ་ཀར་མ་གྲོངས་གོང་དུ་ཀ་ལིབ་ཀྱི་འགན་ཁུར་དུ་བསྐོ་བཞག་བྱས། སྤྱིལོ༦༣༤ནས༦༤༤བར་དབང་ཆ་བཟུང་རིང་གོང་དུ་བཤད་པ་ལྟར་དབྱི་རག་སོགས་རྒྱལ་ཁབ་མང་པོར་དམག་དྲངསཏེ་དབང་དུ་བསྡུས། ས་ཧྲི་ལ་དང་ཁུ་ཧྥ་གྲོང་ཁྱེར་འཛུགས་སྐྲུན་བྱས། སྤྱི་ལོ་༦༤༤ལོར་པར་སིག་གི་ཞིང་བྲན་ཞིག་གིས་བཀྲོངས་སོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།