Jump to content

ཀ་ལཱ་པ་བྱཱ་ར་ཎ་

ཡོང་ཁུངས་Wikipedia

གར་སྐད་ཀྱི་སྒྲ་གཞུང་ཞིག་གི་མིང་སྟེ། སྤྱིར་རྒྱ་གར་དུ་སྒྲ་རིག་པའི་གཞུང་ཆེན་པོ་བཅུ་ཡོད་པ་ཟུར་དུ་གསལ་བ་ལྟར་ལས་ནང་གསེས《སྒྲ་མདོ་ཀ་ལཱ་པ》ནི་བོད་དུ་ཡོངས་སུ་གྲགས་པའི་ལོ་རྒྱུས་ལྟར་ན་ཀ་ལཱཔའི་ཀུན་བཤད་བཞི་པ་ཡན་ཆད་གཞོན་ནུ་གདོང་དྲུག་གིས་བཤད་པ་དང་། ཀ་ལཱ་པ་ཞེས་པ་ཆ་བསགས་ཏེ་རྨབྱའི་མཇུག་སྒྲོ་ཁ་དོག་སྣ་ཚོགས་པའི་ཆ་བསགས་པ་ལ་གོ་། དགོས་པ་དང་། དེ་ཡང་གཞོན་ནུ་གདོང་དྲུག་གི་བཞོན། པ་རྨ་བྱའི་མཇུག་མ་ལ་བརྟེན་ནས་མིང་དེ་ལྟར་བཏགས་པ། ཡིན་ཞེས་བོད་ཀྱི་རིག་གནས་ལོ་རྒྱུས་མང་པོ་ཞིག་ལས་[གསལ་ཡང་། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི《རྒྱ་གར་། ཆོས་འབྱུང》སྐབས་བཅོ་ལྔ་པ་ལས་གཞུང་འདི་སློབ་དཔོན་སཔྟ་ལྦརྨ་ཀྱིས་བརྩམས་ལ་ཆ་བསགས་ཀྱི་དོན་ཡང་ཉེ་བར་མཁོ་བའི་ཆ་ཤས་དག་བསགས་པ་ཞེས་པའི་དོནཡིན་ནོ་ཞེས་གསུངས། ཀུན་བཤད་བཞི་པ་ཡན་ལ་ལེའུབཅོ་ལྔ་དང་། དེའི་ལྷག་མའི་ཀུན་བཤད་བཞི་དང་། ཀྲིཏ་ལ་དྲུག་ཡོད་པ་རྣམས་སློབ་དཔོན་གོང་གསལ་དེ་དང་། བྲམ་ཟེ་མཆོག་སྲེད་གཉིས་ཀྱིས་ཁ་བསྐང་བ་བཅས་ཤློོ་ཀ་བཞི་བརྒྱ་དང་། ལེའུ་ཉི་ཤུ་རྩ་ལྔ་ཡོད་པ་འདི་དཔང་ལོཙཱ་བ་བློ་གྲོས་བརྟན་པས་རབ་བྱུང༥པའི་མེ་བྱི(༡༢༧༦)ནས་རབ་བྱུང༦པའི་ཆུ་རྟ(༡༣༤༢)རྒྱ་གར་གྱི་སློབདཔོན་དུརྒ་སིངྷའི་འགྲེལ་པ་ལ་བརྟེན་ནས་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར་བ《སྡེ་དགེ་བསྟན་འགྱུར》པོད[ལ]པའི་འགོར་ཡོད། གཞུང་འདིའི་འགྲེལ་པ་བོད་འགྱུར་གྱི་གྲས་ཕྱི་རོལ་པའི་པཎྜི་ཏ་ཨ་ནུས་བྷུ་ཏིའམ་གྲགས་འབྱོར་གྱིས་བརྩམས་པ་སོགས《སྒྲ་མདོ་ཀ་ལཱ་པའི་འགྲེལ་པ》ཁག་བརྒྱད་ཙམ《སྡེ་དགེ་བསྟན་འགྱུར》པོད[ལེ]དང[ཤ]གཉིས་སུ་ཡོད། བོད་ཀྱི་མཁས་པ་ཚོས་མཛད་པའི་ཀ་ལཱ་པའི་འགྲེལ་པའི་སྐོར་བོ་དོང་ལོ་ཙཱ་བ་ནམ་མཁའ་བཟངཔོས(རྗེ་ཙོང་ཁ་པ་ཆེན་པོས་རིག་གནས་གསན་བཞེས་གནང་ཡུལ་གཙོ་བོ)མཛད་པའི《ཀ་ལཱ་པའི་ཊིཀ་ཆེནལེགས་སྦྱར་འབྱུང་གནས》སྙེ་ཐང་བློ་བརྟན་བཞི་པསམཛད་པའི《ཀ་ལཱ་པའི་འགྲེལ་པ》ཤོག་གྲངས༥༨ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོས་རབ་བྱུང་བདུན་པའི་ལྕགས་བྱ(༡༤༤༡)ནས་རབ་བྱུང༩པའི་ས་བྱི(༡༥༢༨)ལོ་བར་མཛད་པའི《ཀ་ལཱ་པའི་བཤད་སྦྱར་གཞུང་དོན་གསལ་བ》ལེ་ཚན༥པའི་ཤོག་གྲངས༡༩༦དང་། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་མཛད་པའི《ཀ་ལཱ་པའི་འགྲེལ་ཆེན》ལེཚན་བཅུ་བདུན་ལ་ཤོག་གྲངས་༦༨༣ཡོད་པ་བྲིས་མ་ཞིགབུ་སྟོན་རིན་པོ་ཆེས་མ། ཛད་པའི《ཀ་ལཱ་པའི་འགྲེལ་ཆེན》དེ་ཉིད་གསུང་འབུམ་ལྷ་ས་དཔར་མའི་པོད[ར]ཤོག་གྲངས༥༤༤བཅས་དང་། གཞན་ཡང་། བྱང་བདག་རྣམ་རྒྱལ་གྲགས་བཟང་། ཆུ་མིག་ལོ་ཙཱ་བ། དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས། སྟག་ཚང་ལོ་ཙཱ་བ། བོ་དོང་ཕྱོགས་ལས་རྣམ་རྒྱལ། ཀརྨ་པ་མི་བསྐྱོད་རྡོ་རྗེ་བཅས་ཀྱིས་མཛད་པའི་འགྲེལ་པ་ཆེ་ཆུང་སྣ་ཚོགས་ཡོད། དེ་ཐམས་ཅད་ཀྱི་ནང་ནས་ཞལ་གསལ་ཞིང་གོ་བདེ་ལ། དེང་སྐབས་འཁྲིད་རྒྱུན་མ་ཉམས་པརཞུགས་པ་ནི། ས་བཟང་ལོ་ཙཱ་བ་མ་ཏི་པཎ་ཆེན་གྱིས་མཛད་པའི《ཀ་ལཱ་པའིམདོའི་རྣམ་བཤད་ལེགས་སྦྱར་རབ་གསལ་སྣང་བ》ཞེས་པ་སྡེ་དགེ་དཔར་མར་ཤོག་གྲངས༤༣༡ཡོད་པ་འདི་ཡིན་ཅིང་། དེ་སྔོན་དུས་རབས་འདིའི་མགོར་ཅོ་ནེ་དགེ་བཤེས་རིན་པོ་ཆེ་བློ་བཟང་རྒྱ་མཚོ་བོད་དུ་ཕེབས་སྐབས་ཡོངས་འཛིན་གླིང་རིན་པོ་ཆེ་སོགས་དབུས་གཙང་གི་བླ་སྤྲུལ་མང་པོསགསན་ནས་འཆད་སྤེལ་མཛད་པའི་ཁྲིད་རྒྱུན་དང་ཡངཁམས་ཕྱོགས་སུ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་དང་། འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་སོགས་ཀྱིས་འཆདསྤེལ་མཛད་པའི་ཁྲིད་རྒྱུན་རྣམས་བོད་ལྗོངས་སྨན་རྩིསཁང་གི་གནས་ལྔ་རིག་པའི་མཁས་དབང་ཁྲོ་རུ་ཚེ་རྣམ་རིན་པོ་ཆེས་སློབ་མ་མང་པོར་འཆད་སྤེལ་མཛད་པའི་ཁྲིད་རྒྱུན་མ་ཉམས་པར་བཞུགས་བཞིན་མཆིས།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།