ཀ་ལ་ཀི་

ཡོང་ཁུངས་Wikipedia

གར་གྱི་མུ་སྟེགས་པ་ལྷ་ཁྱབ་འཇུག་སྐྱབས་སུ་འཛིན་པ་རྣམས་ཀྱིས་ཁྱབ་འཇུག་གི་འཇུག་པ་བཅུ་ཁས་ལེན་པའི་ནང་གསེས་བཅུ་པ་མ་འོངས་པའི་དུས་སུ་འབྱུང་འགྱུར་གྱི་ཀ་ལ་ཀི་སྟེ། བོད་སྐད་དུ་རིགས་ལྡན་ཞེསའབོད་པ་དེར་ཟེར། ཁྱབ་འཇུག་གི་སྤྲུལ་པ་རིགས་ལྡནདེ་ནི་དབྱི་སི་ལན་གྱི་ཆོས་ལུགས་འཛམ་གླིང་ཡོངས་སུ་དར་སྤེལ་བཏང་ནས་དབང་དུ་སྡུད་མཁན་ཡིན་པ་སོགས་མུ་སྟེགས་ཁྱབ་འཇུག་པ་རྣམས་ཀྱི་བཤད་སྲོལ་ལ་ཡོད་པའདི་ཡང་ནང་པ་སངས་རྒྱས་ཆོས་ལུགས་ཀྱིས་དུས་འཁོར་ནས་གསུངས་པའི་ཤམ་བྷ་ལའི་རྒྱལ་པོ་རིགས་ལྡན་ཉི་ཤུ་རྩ་ལྔ་པ་དྲག་པོ་འཁོར་ལོ་ཅན་གྱི་ལོ་རྒྱུས་དང་འདྲམཚུངས་ཤིག་སྣང་། ཞིབ་པར་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་མཛད་པའི《ལྷ་ཆེན་པོ་ཁྱབ་འཇུག་གི་འཇུག་པ་བཅུའི་གཏམ་རྒྱ་བལ་མཁས་པའི་ངག་རྒྱུན》ཞེས་པ་དེར་གསལ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།