ཀ་མ་བ་ཤེས་རབ་འོད་

ཡོང་ཁུངས་Wikipedia

འདི་ཉིད་དགོན་པ་བའི་བུ་བཞིའི་ཡ་གྱལ་ཡིན་ཞིང་། རབ་བྱུང་དང་པོའི་མེ་བྱ(༡༠༥༧)ལོར་ལན་པ་མདར་སྐུ་འཁྲུངས། རབ་ཏུ་བྱུང་བའི་མཚན་ལ་ཤེས་རབ་འོད་ཞུ་། ཕྱིས་དགོན་པ་བམཇལ་དུ་བྱོན་པས་དགོན་པ་བས་ཆོས་དང་ཟང་ཟིངགཉིས་ཀས་བསྐྱངས། མངོན་པར་རྟོགས་པའི་ཡོན་ཏན་ཡང་ཚད་མེད་པ་དང་ལྡན་པ་ཡིན། ཐུགས་རབ་ཀྱང་ཤིན་ཏུ་ཆེ། རྟོག་གེ་འབར་བ་ནག་ཚོས་བསྒྱུར་བ་ལསརྣལ་འབྱོར་སྤྱོད་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པའིལེའུ་ལ་བསྒྱུར་བཅོས་མཛད་པ་པོ་མཁས་བཙུན་ཤེས་རབ་འོད་གསལ་གཉིས་ཀྱིས་བསྒྱུར་ཟེར་བའི་ཡ་གཅིག་ཁོངཡིན་པར་འདྲའོ། ། འདི་ཉིད་ཀྱིས་ཀ་མ་དགོན་པ་བཏབ། དགེ་འདུན་བདུན་བརྒྱ་ཙམ་འཚོགས། ཕྱི་རོལ་གྱི་དངོས་པོ་ངན་པ་རྣམས་བཟང་པོར་བསྒྱུར་ནུས་པའི་ཏིང་ངེའཛིན་བརྟན་པོ་ཡང་མངའ་མཐར་དགུང་ལོ་བདུན་ཅུ་དོན་ལྔ་པ་རབ་བྱུང་གཉིས་པའི་ལྕགས་ཕག(༡༡༣༡)ལོར་སྐུ་གཤེགས།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།