Jump to content

ཀ་བ་བུམ་པ་ཅན་

ཡོང་ཁུངས་Wikipedia

ལྷ་ས་གཙུག་ལག་ཁང་ཆེན་པོའི་ཁྱམས་ར་ནང་མའི་མཐའ་བསྐོར་གྱི་ཀ་ཐུང་གྲས་སུ་ཀ་བ་རྟགས་ཅན་བཞི་ཡོད་པའི་ནང་གསེས་ཞིག་སྟེ། ཀ་བ་འདི་གང་ཡིན་ད་ཕན་ཇོ་བོ་རྗེ་ཨ་ཏི་ཤས་ངོ་མཁྱེན་པ་མ་གཏོགས་སུས་ཀྱང་ངོས་འཛིན་མ་ཐུབ་ཅིང་། ཇོ་བོ་རྗེས་གསང་བ་སྲུང་བའི་ཕྱིར་དུ་གཙུག་ལག་ཁང་གི་ཕྱོགས་གང་དུ་ཡོདམེད་གསལ་པོར་གསུངས་མེད། 《བཀའ་ཆེམས་ཀ་ཁོལམ》དང་། 《ཆོས་འབྱུང་མེ་ཏོག་སྙིང་པོ》《མཁས་པའི་དགའ་སྟོན》སོགས་མང་པོ་ཞིག་ལས། རྒྱལ་པོ་སྲོངབཙན་སྒམ་པོས་ཀ་བ་འདི་དང་ཉེ་བའི་སར་རིན་པོ་ཆེའི་གཏེར་སྦས་པར་གསུངས་པ། ཀ་བའི་གཏེར་རྟགསམཚན་མར་བརྟགས་ན་དོན་དངོས་དང་མཐུན་ནམ་སྙམ། སྣར་ཐང་མཁན་ཆེན་མཆིམས་ནམ་མཁའ་གྲགས་ཀྱིས་ཕྱོགས་བསྒྲིགས་མཛད་པའི《ཇོ་བོ་རྗེ་ཨ་ཏི་ཤའི་རྣམ་ཐར་རྒྱས་པ》ལས། ཀ་བ་འདི་ནས་འདོམ་གསུམ་དང་ཕྱེད་ཀ་གཞལ་བའི་གདུང་གསེབ་ནས་བཀའ་ཆེམས་ཤོག་དྲིལ་གསུམ་སྟེ། ༡བློན་པོ་རྣམས་ཀྱིས་བསྒྲིགས་པའི《ཟླ་བ་འདོད་འཇོ》༢བཙུན་མོ་རྣམས་ཀྱིས་མཛད་པའི་《དར་དཀར་གསལ་བ》༣་རྒྱལ་པོ་ཉིད་ཀྱིས་མཛདཔའི《བཀའ་ཆེམས་ཀ་ཁོལ་མ》བཅས་གཏེར་ནས་བཏོནགནང་ཐོགཉིན་མོ་ཅིག་ལ་ཇི་ཙམ་བྲིས་ཟིན་པ་དེ་མགཏོགས་བཤུས་མི་ཆོག་ཅེས་གཏེར་བདག་གིས་བཀག་ཆབྱས་པ་ལྟར། ཇོ་བོ་རྗེའི་སློབ་མ་རྣལ་འབྱོར་པ་སོགསབཞིས་ཁག་བགོས་ནས་བཤུས་པ་གནང་། མཇུག་ནས་ཕྲན་ཙམ་བཤུས་མ་ཚར་བ་དང་། བཀའ་ཆེམས་ཀྱི་ནང་དོན་ཞིབ་ཆ་རྣམས་མི་ངན་གྱིས་གཏོར་བཤིག་མི་འབྱུང་ཆེད་བྲིས་བཤུས་མ་མཛད་པར་སྔར་གྱི་རང་གནས་སུའཇོག་པར་མཛད་ཅེས་ཇོ་བོའི་རྗེ་རྣམ་ཐར་དང《བཀའཆེམས་ཀ་ཁོལ་མའི》གླེང་གཞི་གཉིས་ཀ་ལས་གསལ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།