ཀ་དམ་པ་བདེ་གཤེགས་

ཡོང་ཁུངས་Wikipedia

གསང་སྔགས་སྔ་འགྱུར་གྱིབསྟན་འཛིན་མཚན་སྙན་ཆེ་བ་ཞིག་ཡིན། མཚན་གཞནབླ་མ་ཤར་པ་སྤོབས་པ་མཐའ་ཡས་སམ་ཤེས་རབ་སེང་གེ་ཡང་ཞུ། མདོ་ཁམས་སྤུ་འབོར་སྒང་གི་ས་ཆར་གཏོགས་པ་འབྲི་ཆུའི་འགྲམ་དུ་རབ་བྱུང་གཉིས་པའི་ཆུ་སྟག(༡༡༢༢)ལོར་ཡབ་གཙང་པ་དཔལ་གྲགས་དང་ཡུམ་གཙང་མོ་རིནཆེན་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། རྗེ་ཕག་མོ་གྲུཔ་དང་ཡུམ་གཅིག་པའི་སྐུ་མཆེད་གཅུང་པོ་ཡིན། དགུང་ལོ་བཅུ་བདུན་པ་ས་རྟ(༡༡༣༨)ལོར་དབུས་སུ་བྱོན་ནས་འཕན་ཡུལ་དུ་བླ་མ་བྱང་ཆུབ་སེང་གེ་ལས་རབ་ཏུ་བྱུང་། མཚན་ཤེས་རབ་སེང་གེར་བཏགས། འཛམ་སྟོན་འགྲོ་བའི་མགོན་པོ་སོགས་མཁས་གྲུབ་ཀྱི་བླ་མ་བདུན་ཙམ་བསྟེན་ནས་གསང་སྔགས་གསར་རྙིང་གེ་ཆོས་སྐོར་མ་ལུས་པགསན་ནས་ཁམས་སུ་ཕེབས། དགུང་ལོ་སོ་བརྒྱད་པ་སཡོས(༡༡༥༩)ལོར་བླ་མ་འཛམ་སྟོན་རིན་པོ་ཆེས་ལུང་བསྟན་པ་ལྟར། ཁམས་ཀ་ཐིལ་གྱི་ལུང་པའི་ཕུ་ཡི་གེ་ཀའདྲ་བའི་ས་གནས་སུ་ཀ་ཐོག་དགོན་ཆེན་ཐོག་མར་ཕྱགའདེབས་པར་མཛད། མདོ་ཕྱོགས་ཕར་ཕྱིན་དང་། དབུ་མ། གསང་སྔགས་གསར་རྙིང་སྤྱི་དང་། སྔ་འགྱུར་རྙིངམའི་ཆོས་སྐོར་དར་རྒྱས་སུ་མཛད་པའི་བླ་རབས་བཅུགསུམ་གྱི་བར་དུ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། དེ་རྗེསནས་ཀྱང་ཡུལ་དེར་ནང་པའི་བསྟན་པ་འཛིན་སྐྱོང་སྤེལ་བའི་སྐྱེས་ཆེན་མང་དུ་བྱོན་པའི་གནས་གཞི་ཆེན་པོ་ཞིག་ཏུ་གྱུར། ཨ་མདོ་དང་། བར་ཁམས་ལྷོ་བརྒྱུད། མོནབཅས་ཀྱི་ས་གནས་ཁག་ལ། ཆོས་བརྒྱུད་འཛིན་པའི་སློབ་མ་དང་། དགོན་པ་མང་པོས་ཁྱབ་ནས་ཡོད། དགུང་ལོ་དོན་གཅིག་པར་རབ་བྱུང་གསུམ་པའི་ཆུ་བྱི(༡༡༩༢)ལོར་སྐུ་གཤེགས། རྣམ་ཐར་རྒྱས་པ་དགེ་སློང་སྡིངས་པོསམཛད་པ་དེ་སྔོན་ཀ་ཐོག་ཏུ་དཔར་ཡོད། མདོར་བསྡུསཙམ། སྟག་དགེ་མཁན་ཆེན་གུ་རུ་བཀྲ་ཤིས་ཀྱིས་མཛདཔའི《གུ་བཀྲ་ཆོས་འབྱུང》ཤོག་གྲངས༣༠༣ནས༣༠༧བར་གསལ་ལོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།