ཀ་ཆུའི་སྤོ་ཆུང་ཚུལ་ཁྲིམས་བླ་མ་
Appearance
སྨད་འདུལ་གྱི་བཤད་བརྒྱུད་འཛིན་པ་གཟུས་རྡོ་རྗེ་རྒྱལ་མཚན་གྱི་སློབ་མ་བུ་བཞིར་གྲགས་པ་བྱུང་བའི་ནང་གསེས་ཤིག་ཡིན། འཁྲུངས་ཡུལ་ལྷོ་ཁའི་གཡོར་པོ་འབུམ་གླིང་ནས་ཡིན་ཅིང་། བཙན་ཐང་དང་། རོ་སྐམ། ཀ་ཆུ་ལྷ་ཁང་བཅསགནས་གཞིར་བཟུང་སྟེ་འདུལ་བའི་བཤད་པ་མཛད་པས། སློབ་མ་མྱང་མཚམས་པ་རིན་ཆེན་བླ་མ་སོགས་བྱུང་། ལོརྒྱུས་ཞིབ་པ་ད་ཕན་བདག་གིས་མ་མཇལ་ཞིང་འདིར་“་བཀོད་པ་ནི《དེབ་ཐེར་སྔོན་པོ》ལྕགས་དཔར་མ་དེབ་དང་པོའི་ཤོག་གྲངས་དེབ་དང་པོའི་ཤོག་གྲངས་༡༠༧པར་གསལ་བ་ལྟར་ཡིན་ནོ། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།