ཀ་ཅི་སྒོང་ཤུན་མ་

ཡོང་ཁུངས་Wikipedia

རྒྱ་གར་ནས་ཐོན་པའི་རས་དཀར་པོ་སྒོ་ངའི་པགས་པ་ལྟ་བུ་སྲབ་ལ་འཇམ་པ་ཞིག་སྟེ། བོད་་རིགས་ས་ཁུལ་དུ་རས་གཞི་དེ་ལྷ་སྐུའི་ཐང་ཀ་འབྲི་གཞིརམེད་དུ་མི་རུང་བ་ཞིག་ཡིན། རས་དེ་སྔོན་དུས་ཝ་ར་ཎསི་སྟེ་ཀ་ཤིའི་གྲོང་ཁྱེར་ནས་ཐོན་པ་ཡིན་པས་མིང་གཞནཀ་ཤི་ཀའི་རས་ཀྱང་ཟེར། རས་དེའི་གྲས་ནས་ཤིན་ཏུསྲབ་པ་དེས་བཟོས་པའི་གྱོན་ཆས་རྣམས་མིའི་ལུས་ཀྱི་ཤ་མདོག་མི་སྒྲིབ་པར་གསལ་པོར་མངོན་ཐུབ་པ་ཞིག་ཡོད་པ་དེ་ལ་དུ་ཀུ་ལའི་རས་ཟེར།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།