Jump to content

ཀ་གདུང་བརྩེགས་མ་བཅུ་གསུམ་

ཡོང་ཁུངས་Wikipedia

ད་གནའ་རབས་ཀྱི་རྒྱུན་སྲོལ་འཛུགས་སྐྲུན་གྱི་སྐབས་ཁང་པའི་ནང་གི་ཤིང་བརྩེགས་རྒྱན་སྤྲོས་རྒྱས་ཤོས་ལ་སྣ་ཁ་ཉི་ཤུ་རྩ་གཅིག་ཡོད་པ་དང་། རྒྱས་བསྡུས་འབྲིང་གི་དབང་དུ་བྱས་ན་བཅུ་གསུམ། བསྡུས་པའི་དབང་དུ་བྱས་ན་དགུ་ཡོད་པས། རྒྱས་ཤོས་ནི། ༡་ཀ་བ། ༢བྲེ། ༣འབེན་ལོག༤གཞུ། ། ༥་གདུང་སྟན། ༦་གླང་སྣ། ༧་གདུང་མ། ༨་གདུང་ཁེབས། ༩རིན་པོ་ཆེ། ༡༠་པདྨ། ༡༡པད་ཁེབས། ༡༢་སྤྲིན་ཆུང་། ༡༣་མཆོད་བརྩེགས། ༡༤བབསཁེབས། ༡༥བབས་བརྐྱང་མ། ༡༦་བབས་བསྐུམས་མ། ༡༧་ལྕམ། ༡༨་ཁ་ཤིང་། ༡༩་གྱེན་རྩེ། ༢༠་གགསྤང་། ༢༡་ལྕམ་བཀག་བཅས་ཡིན་ཅིང་རྒྱས་བསྡུསའབྲིང་ལ་གདུང་སྟན་དང་། གླང་སྣ། གདུང་ཁེབས། རིན་པོ་ཆེ། སྤྲིན་ཆུང་། བབས་བརྐྱང་མ། བབས་ཁེབས། གྱེན་རྩེ་བཅས་ཁག་བརྒྱད་མི་དགོས་པ་བྱས་པ་དེ་ཡིན་ཅིང་། བསྡུས་པའི་དབང་དུ་བྱས་ན། གོང་གསལ་བཅུ་གསུམ་གྱི་ནང་ནས། པད་ཁེབས་དང་། བབས་ཁེབས། གག་སྤང་། གྱེན་རྩེ་བཅས་བཞི་མི་དགོས་པར་ཤིང་བརྩེགས་དགུས་ཆོག་པར་བྱས་པ་ཡོངས་གྲགས་ལྟར་ཡིན། ཤིང་བརྩེགས་རྒྱསཔའི་དཔར་རིས། པོ་ཏ་ལའི་ཚོམས་ཆེན་ནུབ་ཀྱི་ཀ་རིང་དཔར་རིས་ལ་གསལ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།