File:Q space.svg

ཡོང་ཁུངས་Wikipedia

ཐོག་མའི་ཡིག་ཆ།(SVG file, nominally ༨༢༠ × ༧༤༠ pixels, file size: ༡༡ KB)

ཡིག་ཆ་འདི་ནས་Wikimedia Commons རེད་འདུག། ལས་འཆར་གཞན་ཁག་ནང་བེད་སྤྱོད་ཡོད་ངེས། འགྲེལ་བརྗོད་ཤོག་ངོས་འདིའི་འགྲེལ་བརྗོད་གཤམ་དུ་འཁོད་ཡོད།

སྐར་རྩིས་རིག་པ།༼གཟའ་སྐར་རིག་པ།༽

བོད་ཀྱི་སྐར་རྩིས།[རྩོམ་སྒྲིག]

སྐར་རྩིས་མཁས་དབང་རྣམ་པའི་མཚན་ཐོ།[རྩོམ་སྒྲིག]

  • སྟོན་པ་ཤཱཀྱ་ཐུབ་པ།
  • རྭ་ལོ་ཙཱ་བ་རྡོ་རྗེ་གྲགས། ༼ སྤྱི་ལོ༡༠༡༦– ༽
  • རྗེ་བཙུན་གྲགས་པ་རྒྱལ་མཚན། ༼ སྤྱི་ལོ༡༡༤༧–༡༢༡༦༽
  • ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ། ༼ སྤྱི་ལོ༡༡༧༣–༡༢༢༥༽
  • ཀུན་མཁྱེན་ཆོས་སྐུ་འོད་ཟེར། ༼ སྤྱི་ལོ༡༢༡༤–༡༢༩༢༽
  • རོང་བ་རྒ་ལོ་རྣམ་རྒྱལ་རྡོ་རྗེ། ༼ སྥྱི་ལོ༡༢༣༠–༡༢༨༢༽
  • གྲུབ་ཆེན་ཨུ་རྒྱན་པ་རིན་ཆེན་དཔལ། ༼ སྤྱི་ལོ༡༢༣༠–༡༣༠༩༽
  • འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན། ༼ སྤྱི་ལོ༡༢༣༥–༡༢༨༠༽
  • ཤོང་སྟོན་རྡོ་རྗེ་རྒྱལ་མཚན། ༼ སྤྱི་ལོ༡༢༦༥ཡས་མས༽
  • འཇམ་དབྱངས་རལ་གྲི། ༼ དུས་རབས་བཅུ་གསུམ་པ༽
  • ཀུན་སྤང་ཆེན་པོ་ཞང་ཐུགས་རྗེ་བརྩོན་འགྲུས། ༼ སྤྱི་ལོ༡༢༤༣–༡༣༡༣༽
  • བླ་མ་ཤེས་རབ་སེང་གེ། ༼ སྤྱི་ལོ༡༢༥༡–༡༣༡༥༽
  • བླ་མ་རྡོ་རྗེ་རྒྱལ་མཚན། ༼ སྤྱི་ལོ༡༢༨༣–༡༣༢༥༽
  • དཔང་བློ་གྲོས་བརྟན་པ། ༼ སྤྱི་ལོ༡༢༧༦–༡༣༡༢༽
  • གཡུང་སྟོན་རྡོ་རྗེ་དཔལ་བཟང་། ༼ སྤྱི་ལོ༡༢༨༤༨–༡༣༦༨༽
  • ཀརྨ་པ་རང་བྱུང་རྡོ་རྗེ། ༼ སྤྱི་ལོ༡༢༨༤–༡༣༣༩༽
  • བུ་སྟོན་རིན་ཆེན་གྲུབ། ༼ སྤྱི་ལོ༡༢༩༠–༡༣༦༤༽
  • དོལ་པོ་བ་ཤེས་རབ་རྒྱལ་མཚན། ༼ སྤྱི་ལོ༡༢༩༢–༡༣༦༡༽
  • དོལ་པོ་བའི་སྲས་མངའ་རིས་ཕྱོགས་ལས་རྣམ་རྒྱལ། ༼ སྤྱི་ལོ༡༣༠༦–༡༣༨༦༽
  • ཆོས་རྗེ་ལོ་ཙཱ་བ་ནམ་མཁའ་བཟང་པོ། ༼ སྤྱི་ལོ༡༣༣༣–༡༣༧༩༽
  • ཀྱོར་ལུང་བ་དོན་ཡོད་དཔལ་བཟང་། ༼ དུས་རབས་བཅུ་བཞི་པ༽
  • ནམ་མཁའ་མགོན་པོ།
  • ས་སྐྱའི་དུས་འཁོར་བ་གྲགས་པ་སེང་གེ།
  • རོང་བ་ངག་དབང་གྲགས་པ།
  • མཁས་གྲུབ་དགེ་ལེགས་དཔལ་བཟང་། ༼སྤྱི་ལོ༡༣༨༥–༡༤༣༨༽
  • བྱང་པ་རྣམ་རྒྱལ་གྲགས་བཟང་། ༼ སྤྱི་ལོ༡༣༩༥–༡༤༧༥༽
  • ཇོ་ནང་བ་རྟོགས་ལྡན་བློ་གྲོས་བཟང་པོ། ༼དུས་རབས་བཅོ་ལྔ་པ༽
  • སྟག་ཕུ་བ་བློ་གྲོས་དཔལ་ལྡན།
  • མཚུར་ཕུ་དོན་གྲུབ་འོད་ཟེར། འདི་ནས་མཚུར་ལུགས་ཞེས་སྐར་རྩིས་ཀྱི་ལུགས་ཆེན་པོ་ཞིག་བྱུང་།
  • སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། ༼ སྤྱི་ལོ༡༤༠༥– ༽
  • ཕུག་པ་ལྷུན་གྲུབ་རྒྱ་མཚོ། འདི་ནས་ཕུག་ལུགས་ཞེས་སྐར་རྩིས་ཀྱི་ལུགས་ཆེནཔོ་ཞིག་བྱུང་།
  • མཁས་གྲུབ་ནོར་བཟང་རྒྱ་མཚོ། ༼ སྤྱི་ལོ༡༤༢༣–༡༥༡༣༽
  • ཕུག་པ་དཔལ་མགོན་འཕྲིན་ལས་ཕུན་ཚོགས་དགར་བའི་དབང་པོའམ་སྐུ་མདུན་དཔལ་འབྱོར་ཕུན་ཚོགས། ༼ སྤྱི་ལོ༡༤༥༦–༡༥༣༩༽
  • ངོར་ཆེན་དཀོན་མཆོག་ལྷུན་གྲུབ། ༼ སྤྱི་ལོ༡༤༩༧–༡༥༥༤༽
  • འབྲི་གུང་དཀོན་མཆོག་ལྷུན་གྲུབ།
  • རཏྣ་རསྨི༼ རིན་ཆེན་འོད་ཟེར། དུས་རབས་བཅུ་དྲུག་པ༽
  • བྱམས་པ་ལྷ་བཙུན་གྲགས་པ། ༼ དུས་རབས་བཅུ་དྲུག་པ༽
  • དུས་རམས་པ་འཆི་མེད་བདེ་བ།
  • དཔའ་བོ་གཙུག་ལག་ཕྲེང་བ། ༼ སྤྱི་ལོ༡༥༠༣–༡༥༦༥༽
  • མང་ཐོས་ཀླུ་གྲུབ་རྒྱ་མཚོ། ༼ སྤྱི་ལོ༡༥༢༣–༡༥༩༤༽
  • འབྲུག་པ་པདྨ་དཀར་པོ། ༼ སྤྱི་ལོ༡༥༢༧–༡༥༩༢༽
  • ལྡུམ་བུ་མ་ཎི།
  • དཔལ་འབྱོར་འཕྲིན་ལས་རབ་རྒྱས།
  • ལྡུམ་པོ་བ་དོན་གྲུབ་དབང་རྒྱལ།
  • ལྡུམ་པོ་ཀུན་དགའ་དབང་རྒྱལ།
  • གྲྭ་མདའ་ཕུག་པ་ཀུན་དགའ་དཔལ།
  • འགྱུར་མེད་བྷཱུ་སུ་ཀུ།
  • རྒྱལ་དབང་ལྔ་པ་ཆེན་པོ། ༼ སྤྱི་ལོ༡༦༡༧–༡༦༨༢༽
  • བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ། ༼ སྤྱི་ལོ༡༦༡༨– ༽
  • ཕུ་ཀློང་དགེ་སློང་བློ་བཟང་དོན་ཡོན། ༼ དུས་རབས་བཅུ་བདུན་པ༽
  • མཁན་ཆེན་བློ་བཟང་བསྟན་འཛིན་རྒྱལ་མཚན། ༼ སྤྱི་ལོ༡༦༣༩–༡༦༩༡༽
  • སྡེ་སྲིད་སངས་རྒྱས་རྒྱ་མཚོ། ༼ སྤྱི་ལོ༡༦༥༣–༡༧༠༥༽
  • གཙང་ཆུང་ཆོས་གྲགས་རྒྱ་མཚོ།
  • འཇམ་དབྱངས་བཞེད་པའི་རྡོ་རྗེ། ༼ སྤྱི་ལོ༡༦༤༨–༡༧༢༡༽
  • ལོ་ཆེན་དྷརྨ་ཤྲཱི། འདི་ལ་སྨིན་གླིང་ལོ་ཆེན་ཡང་ཞུ། ༼ སྤྱི་ལོ༡༦༥༤–༡༧༡༨༽
  • རྗེ་རིགས་ཨིན་དྲ།
  • ཅོ་ནེ་གྲགས་པ་བཤད་སྒྲུབ། ༼ སྤྱི་ལོ༡༦༧༥–༡༧༤༡༽
  • ཀརྨ་ངེས་ལེགས་བསྟན་འཛིན། ༼ སྤྱི་ལོ༡༦༨༠–༡༧༥༠ཙམ༽
  • ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། ༼ སྤྱི་ལོ༡༦༩༧–༡༧༧༤༽
  • བློ་བཟང་སངས་རྒྱས།
  • སི་ཏུ་ཆོས་ཀྱི་འབྱུང་གནས། ༼ སྤྱི་ལོ༡༦༩༩–༡༧༧༥༽
  • ཨ་ཀྱ་བློ་བཟང་བསྟན་པའི་རྒྱལ་མཚན། ༼ སྤྱི་ལོ༡༧༠༨–༡༧༦༨༽
  • སུམ་པ་ཡེ་ཤེས་དཔལ་འབྱོར། ༼ སྤྱི་ལོ༡༧༠༤–༡༧༨༨༽
  • གོ་ཤྲི་བློ་བཟང་མི་འགྱུར་རྡོ་རྗེ།
  • རྔ་རྒོད་ནམ་མཁའ་སེང་གེ། ༼ སྤྱི་ལོ ༡༧༡༢–༡༧༨༠༽
  • འཕྱོངས་རྒྱས་མཁན་པོ་བསྟན་འཛིན་རྒྱ་མཚོ།
  • ཀློང་རྡོལ་བླ་མ་ངག་དབང་བློ་བཟང་། ༼ སྤྱི་ལོ༡༧༡༩–༡༧༩༥༽
  • མཁྱེན་བརྩེ་འོད་ཟེར་འཇིགས་མེད་གླིང་པ། ༼ སྤྱི་ལོ༡༧༢༩–༡༧༩༨༽
  • ཐུའུ་བཀྭན་ཆོས་ཀྱི་ཉི་མ། ༼ སྤྱི་ལོ༡༧༣༧–༡༨༠༢༽
  • ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས། ༼ སྤྱི་ལོ༡༧༤༠–༡༨༡༠༽
  • རྒྱལ་སྲས་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། ༼ སྤྱི་ལོ༡༧༤༣– ༽
  • མཛོད་དགེ་བློ་བཟང་དཀོན་མཆོག
  • དངུལ་ཆུ་དྷརྨ་བྷ་དྲ། ༼སྤྱི་ལོ༡༧༧༢–༡༨༥༡༽
  • འབྲི་གུང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན། ༼ སྤྱི་ལོ༡༧༩༣– ༽
  • ཕྱག་མཛོད་གསུང་རབ།
  • རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ༼ སྤྱི་ལོ༡༨༠༨–༡༨༨༧༽
  • དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ། ༼ སྤྱི་ལོ༡༨༠༩–༡༨༨༧༽
  • མཛོད་བན་བསྟན་པ་རྒྱལ་མཚན།
  • ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ༼ སྤྱི་ལོ༡༨༡༣–༡༨༩༩༽
  • བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། ༼ སྤྱི་ལོ༡༨༠༡–༡༨༦༦༽
  • ཛ་སག་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ཉི་མ།
  • དབྱངས་ཅན་གྲུབ་པའི་དབང་པོ་སཾ་གྷ་ས་མུ་དྲ།
  • ཨ་ལག་ཤ་བྱམས་པ་བསྟན་དར།
  • ཇོ་ནང་བ་འབའ་མདའ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ། ༼ སྤྱི་ལོ༡༨༤༤–༡༩༠༨༽
  • གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། ༼ སྤྱི་ལོ༡༨༤༥–༡༩༠༨༽
  • འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། ༼ སྤྱི་ལོ༡༨༤༦–༡༩༡༢༽བོད་དུ་རྩིས་འཕྲོ་རྣམ་དག་རྙེད་མཁན་མི་འདུག་ཀྱང་ཕུག་ལུགས་ཀྱི་ཉི་མའི་ཆུ་ཚོད་ལ་སོ་གཉིས་བསྣན་ན་འགྲིག་པར་གསུངས།
  • འཇམ་དབྱངས་དགེ་ལེགས་ཆོས་འཕེལ་ལམ་དབྱངས་ཅན་དགྱེས་པའི་ལེགས་བཤད་རྒྱ་མཚོ། ༼ སྤྱི་ལོ༡༨༧༡– ༽
  • དྷརྨའི་མིང་ཅན།
  • རོང་ཐ་བློ་བཟང་དམ་ཆོས་རྒྱ་མཚོ། ༼ སྤྱི་ལོ༡༨༦༥– ༽
  • རྒྱལ་སྲས་གཞན་ཕན་ཆོས་ཀྱི་བློ་གྲོས། ༼ སྤྱི་ལོ༡༨༧༡–༡༩༣༠༽
  • དགའ་ལྡན་ཁྲི་འཛིན༨༨པ་འབྲི་གུང་མཁྱེན་རབ་ཡོན་ཏན། ༼སྤྱི་ལོ༡༩༡༤–༡༩༡༩བར་ཁྲིར་བཞུགས༽
  • བདེ་ཆེན་སྤྲུལ་སྐུ་བློ་བཟང་ཆོས་འཕེལ། ༼ སྤྱི་ལོ༡༨༥༨–༡༩༤༠༽
  • བླ་སྨན་མཁྱེན་རབ་ནོར་བུ། ༼ ༡༨༨༨–༡༩༦༣༽
  • འོ་རྫོང་པཎ་ཊི་ཏ་བློ་བཟང་སྦྱིན་པ།
  • དགེ་རྩེ་པཎ་ཌི་ཏ།
  • དགེ་སློང་སྐལ་བཟང་དངོས་གྲུབ།
  • གྲུབ་དགོན་པ་སྐལ་བཟང་བདུད་འདུལ་རྡོ་རྗེ། ༼༡༨༤༦–༡༨༨༥༽དར་རྩེ་མདོ་ལ་འཁྲུངས་ཤིང་རྒྱ་བོད་ཡིག་རིགས་གཉིས་ལ་མཁས་གྲགས་ཆེ། སྐར་རྩིས་ཀྱི་གཞུང་ཞིག་མཛད་ཡོད་ཀྱང་ད་ལྟ་དཔེ་རྒྱུན་ཆད།
  • སྡེ་གཞུང་བ་འཇམ་དབྱངས་ཀུན་དགའ་རྣམ་རྒྱལ། འདིས་གྲུབ་རྩིས་ཉི་མའང་སྐྱོན་བཏོན་ཡོད།
  • མཁན་ཆེན་དགེ་ལེགས་ཆོས་འཕེལ།
  • གཡུ་ཁོག་པ་མཁན་པོ་དོན་གྲུབ་ཚེ་རིང་། ༼རྒན་དོན་ཚེ། ༽ སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སྐར་རྩིས་དགེ་རྒན་ཞིག་རེད།
  • མཁན་པོ་ཐུབ་དབང་། གཟའ་འཛིན་ལ་མཁོ་བའི་ནུར་བརྩི་ལུགས་གསར་པ་ཞིག་གསུངས་ཡོད། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སྐར་རྩིས་དགེ་རྒན་ཞིག་རེད།
  • ཡོན་ཀྲང་བྱམས་པ་ཕྲིན་ལས།
  • གཏེར་རོང་བ་ས་དཀར་བསོད་ནམས། སྐར་རྩིས་ཀྱི་སྔོན་འགྲོ་ཐུང་ངུ་ཞིག་བྲིས་ཡོད། ཡུན་ནན་གཏེར་རོང་ཕྱོགས་ལ་ལོ་ཐོ་ཐེངས་འགའ་ཕབ་མྱོང་།
  • ཨ་མདོ་བ་བསམ་གྲུབ་རྒྱ་མཚོ། བླ་བྲང་གི་དགེ་བཤེས་ཤིག་སྟེ། འདིས་རྩིས་གཞུང་ཀུན་འདུས་ནོར་བུ་རྩོམ་བསྒྲིགས་བྱས།
  • མཁན་པོ་རིན་ཆེན་ཕུན་ཚོགས། ཨ་རིག་ཆོས་གྲྭ་ཆེན་པོའི་སྐར་རྩིས་དགེ་རྒན་ཏེ་མཁན་ཆེན་དགེ་ལེགས་ཆོས་འཕེལ་གྱི་ཞལ་སློབ་ཅིག་རེད།

སྐར་རྩིས་ཀྱི་དཔེ་ཐོ།[རྩོམ་སྒྲིག]

བཀའ་བསྟན་ལས་བྱུང་བའི་རྩིས་རིག་སྐོར།[རྩོམ་སྒྲིག]

སྡེ་དགེའི་དཔར་མ་གཞིར་བཟུང་བ།

  • སངས་རྒྱས་ཕལ་བོ་ཆེའི་ལེའུ༣༦པ། སེམས་ཀྱི་རྒྱལ་པོས་དྲིས་ནས་གྲངས་ལ་འཇུག་པ་བསྟན་པ། ལྡེབ ༡
  • འཕགས་པ་ཤིན་ཏུ་རྒྱས་པ་ཆེན་པོ་སྡེ་ཉི་མའི་སྙིང་པོ་ཞེས་བྱ་བའི་མདོ། ལྡེབ ༡༥༥
  • སྟག་རྣའི་རྟོགས་པ་བརྗོད་པ། ལྡེབ ༤༦
  • མིག་བཅུ་གཉིས་པ་ཞེས་བྱ་བའི་མདོ། ལྡེབ ༥
  • མཆོག་གི་དང་པོའི་སངས་རྒྱས་ལས་ཕྱུང་བ་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ཞེས་བྱ་བ། ལྡེབ ༡༠༧
  • བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད། རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད། རིགས་ལྡན་པད་དཀར་ཀྱིས་བརྩམས། རྒྱུད་སྡེ་ཐ་པོད་ལས་ལྡེབ་གྲངས༡༧༠། ད་པོད་ལས་ལྡེབ༢༩༧བཅས་ཁྱོན༤༦༧། ཡང་ཤྲི་པོད་ལས༤༦༩ཡོད།
  • དཔལ་ལྡན་དྲི་མ་དང་བྲལ་བའི་འོད་ཀྱི་རྒྱུད་ལ་འཇུག་པའི་བཤད་སྦྱར་མི་གཡོ་བའི་སྙིང་པོ་སྣང་བ། རྒྱུད་ན་པོད་ལས་ལྡེབ༥༢རྒྱལ་དབང་བློས་མཛད། དཔང་བློ་གྲོས་བརྟན་པས་བསྒྱུར།
  • དུས་ཀྱི་འཁོར་ལོ་ལ་འཇུག་པ་ཞེས་བྱ་བ། འཇིགས་མེད་འབྱུང་གནས་སྦས་པས་མཛད་པ། རྒྱུད་པ་པོད་ལས་ལྡེབ་གྲངས ༩།
  • དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་ཅེས་བྱ་བ། རྒྱུད་སྡེ་པ་པོད། ལྡེབ་གྲངས ༢།
  • ཉི་ཟླ་འཛིན་པའི་རྩིས། ཤཱཀྱ་ཤྲི་བྷ་དྲས་མཛད་པ། རྒྱུད་སྡེ་པ་པོད། ལྡེབ་གྲངས ༢།
  • གཟའ་ལྔ་སོ་སོའི་རྩིས་ཀྱི་མན་ངག་ཅེས་བྱ་བ། ཤཱཀྱ་ཤྲི་བྷ་དྲས་མཛད་པ། རྒྱུད་སྡེ་པ་པོད། ལྡེབ ༣།
  • དཔལ་གཡུལ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་དབྱངས་འཆར་བ་ཞེས་བྱ་བ། བཟོ་རིག་པ་ངོ་པོད། ལྡེབ་གྲངས ༤༣།
  • ཚེ་རྩིས་ཀྱི་འབྲས་བུ་གསལ་བར་བྱེད་པ་ཞེས་བྱ་བ། མ་ན་པུ་རུ་ཤས་མཛད་པ། བཟོ་རིག་པ་ངི་པོད། ལྡེབ་གྲངས ༢།
  • དབྱངས་འཆར་བའི་དོན་བསྡུས་པ། སེང་གེའི་གོ་ཆས་མཛད་པ། བཟོ་རིག་པ་ངོ་པོད། ལྡེབ་གྲངས ༣།
  • དབྱངས་འཆར་བའི་དུས་སྦྱོར་གྱི་འབྲས་བུ་ཉེ་བར་མཁོ་བ། བཟོ་རིག་པ་ངོ་པོད། ལྡེབ་གྲངས ༡།
  • བདེ་མཆོག་སྟོད་འགྲེལ། ཕྱག་ན་རྡོ་རྗེ་ཞེས་བྱ་བའི་འགྲེལ་བ། བྲིས་མ་ལྡེབ་གྲངས ༩༨།
  • གཡུལ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་བ་དཔལ་གྱི་སྒྲོན་མེ་ཞེས་བྱ་བ། ཛ་ཡ་ཨ་ནན་ཏ་དང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་མ་ག་ཏའི་དཔེ་ནས་བསྒྱུར་བ། བྲིས་མ་ལྡེབ་གྲངས ༩༧།

རྩིས་རིག་སྐོར་གཞན།[རྩོམ་སྒྲིག]

དཔལ་དུས་ཀྱི་འཁོར་ལོ།[རྩོམ་སྒྲིག]

  • དུས་འཁོར་གྱི་རྩིས་དུས་གསལ་བའི་སྒྲོན་མེའི་དོན་ཡང་དག་པར་བསྡུས་པ།
  • མཆོག་གི་དང་པོའི་སངས་རྒྱས་ལས་ཕྱུང་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་གོ་སླའི་མཆན་བཅས།
  • འཇིག་རྟེན་ཁམས་ཀྱི་ལེའུའི་འགྲེལ་བཤད་དྲི་མ་མེད་པའི་འོད་མཆན་བཅས།
  • དཔལ་དུས་ཀྱི་འཁོར་ལོའི་བསྡུས་དོན་དྲི་མེད་འོད་ཀྱི་མཆན།
  • དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་བསྟན་བཅོས་མཁས་པ་རྣམས་དགའ་བར་བྱེད་པ།
  • འགྲེལ་ཆེན་དྲི་མེད་འོད་ཀྱི་ཊི་ཀ་དང་བསྡུས་དོན།
  • དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མེད་འོད་གྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ།
  • དཔལ་དུས་གྱི་འཁོར་ལོའི་དཀའ་གནད་ཀྱི་དྲི་ལན་གྱི་ལན་རིན་པོ་ཆེའི་ཕྲེང་བ།
  • རྩིས་ཀྱི་བསྟན་བཅོས་དྲི་མེད་འོད་ཀྱི་རྒྱན།
  • དཔལ་དུས་ཀྱི་འཁོར་ལོའི་གྲུབ་མཐའི་རྩིས་ཀྱི་རྣམ་དག་རིན་པོ་ཆེའི་གཏེར།
  • དུས་འཁོར་ལས་འཇིག་རྟེན་ཁམས་ཀྱི་རྩིས།
  • དུས་འཁོར་སྤྱི་དོན་ལེགས་བཤད་བསྟན་པའི་རྒྱ་མཚོ།
  • དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་དྲི་མེད་འོད་ཀྱི་རྒྱན།
  • དུས་འཁོར་ནས་བཤད་པའི་ཤམ་བྷ་ལའི་རྒྱལ་རབས་ཆོས་བརྒྱུད་དང་བཅས་སྐར་རྩིས་སྐོར་འགའ་ཞིག
  • དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་ལོ་རྒྱུས་དང་མིང་གི་རྣམ་གྲངས།
  • དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ནས་དངོས་སུ་བསྟན་པའི་རྩིས་ཀྱི་ཚུལ་ལས་བརྗོད་པའི་གཏམ་འོད་སྣང་མཐོང་འཇུག
  • དུས་འཁོར་འགྲེལ་ཆེན་རྡོ་རྗེ་ཉི་མའི་སྣང་བ།

སྐར་རྩིས།[རྩོམ་སྒྲིག]

  • གཟའ་སྐར་གྱི་འཕྲོད་བརྟག
  • ལྔ་བསྡུས་སྒྲ་གཅན་གཟའ་ལྔ་དང་བཅས་པའི་རྩིས་གཞི་རིན་པོ་ཆེའི་འོད་ཟེར་དྲི་མ་མེད་པ།
  • ཉི་ཁྱིམ་འཕོ་བའི་ངེས་པ།
  • དྷུ་ཝ་གཉིས་པའི་རྩིས།
  • ལོ་བདག་ཉེར་གཉིས་ཀྱི་རྩིས།
  • གཟའ་རྣམས་གསལ་བར་བྱེད་པའི་སྒྲོན་མེ།
  • རྩིས་ཀྱི་ཉེར་མཁོ་དང་སྐར་མ་འབྱེད་པ།
  • རྩིས་གཞུང་ཀུན་ལས་བཏུས་པ།
  • གཟའ་ལྔའི་རྐང་རྩིས།
  • གོ་ལའི་རྣམ་གཞག
  • དུས་སྦྱོར་གྱི་དྲིས་ལན།
  • བྱེད་པ་གསལ་བའི་སྒྲོན་མེ།
  • ལྔ་བསྡུས་ཀྱི་ལག་ལེན་མ་བུ།
  • རྩིས་ཀྱི་བསྟན་བཅོས་ཡང་དག་མཁས་པ་དགའ་བྱེད།
  • གོ་ལ་འཁོར་ཚུལ་བསྒྲོད་པའི་རི་མོ།
  • རྩིས་ཀྱི་བསྟན་བཅོས་དགའ་བྱེད་མཛེས་རྒྱན་ཞེས་བྱ་བའི་ལེགས་པར་བཤད་པ་གྲུབ་མཐའ་དང་བྱེད་རྩིས་བཞུགས།
  • མཚུར་ཕུའི་རྩིས་གཞུང་ཆེན་མོ།
  • ཁྱིམ་དྲུག་སྤྱི་ནོར་དང་རེའུ་མིག་ངོས་འཛིན།
  • བསྐལ་བའི་ལི་ཐོ་དང་སྤྱི་ནོར་བྱེད་པ་ལོ་འཕོ་སྒྲ་གཅན་གྱི་རྟག་ལོངས་སོགས་ཀྱི་ཚད་ལུགས།
  • རྩིས་ཀྱི་བསྟན་བཅོས་དོན་གསལ་སྣང་བ།
  • རྩིས་ཀྱི་བསྟན་བཅོས་དྲི་མེད་འོད་ཀྱི་རྒྱན།
  • རྩིས་ཀྱི་སྔོན་འགྲོ་ལག་ལེན་གྲངས། ལོའི་རྣམ་བཞག་སྐར་མའི་གྲངས།
  • རྩིས་ཀྱི་ཉེར་མཁོ།
  • ཕྱི་ནང་གཞན་གསུམ་རྩིས་ཀྱི་འབྲས་རྩིས།
  • མཁས་པ་དགའ་བྱེད་ཀྱི་དཀའ་གནས་ཟིན་བྲིས།
  • དཔལ་དུས་ཀྱི་འཁོར་ལོ་ལས་བྱུང་བའི་རྩིས་ཀྱི་ཡི་གེ་པདྨ་དཀར་པོའི་ཞལ་ལུང་།
  • རྣམ་པར་དག་པའི་ངེས་པ་འཁོར་ཚུལ་གྱི་ཁྲ་མ་ལེགས་བཤད་གསེར་གྱི་འཁོར་ལོ།
  • པད་དཀར་ཞལ་ལུང་ལས་རང་ལུགས་ཀྱི་ལོ་བདག
  • རྣམ་དག་གྲུབ་རྩིས་ཀྱི་གཟའ་དྷྲུའི་རེའུ་མིག་ངོ་མཚར་རྫིང་བུ།
  • རྒྱ་མཚོ་ལས་ཉི་མའི་བསྐལ་རྩིས་འཁོར་ལོ།
  • པད་དཀར་ཞལ་ལུང་དྲིས་ལན་གསལ་སྒྲོན།
  • དབྱར་དགུན་ཉི་ལྡོག་འཁོར་ལོ་ལེགས་བཤད་དུ་ཧ་ར་རྒྱུད།
  • དྲག་གཟའ་གསུམ་གྱི་རྐང་འཛིན་དང་ཞི་གཟའ་གཉིས་ཀྱི་དལ་དག་རེའུ་མིག
  • རྒྱ་མཚོ་ལས་གཟའ་ལྔའི་མྱུར་རྐང་རེའུ་མིག་ཀ་ཐོས་བསྡུས་པ།
  • ཞག་གསུམ་གྱི་རྣམ་དབྱེ་མཁས་པའི་ཡིད་འཕྲོག
  • རྩིས་ཀྱི་བསྟན་བཅོས་པད་དཀར་བཞད་པའི་ཉིན་བྱེད།
  • དཔལ་དུས་ཀྱི་འཁོར་ལོའི་གྲུབ་རྩིས་ཀྱི་རྣམ་བཞག
  • དཔལ་དུས་ཀྱི་འཁོར་ལོའི་ནམ་ངག་རྩིས་ཀྱི་བསྟན་བཅོས་ཀུན་ལས་བཏུས་པ་ཆེན་པོའི་རྒྱས་འགྲེལ་རིན་པོ་ཆེའི་གཏེར་མཛོད་ཀུན་ནས་ཁ་ཡངས་སུ་ཕྱེ་བ།
  • རྩིས་ཀྱི་ལག་ལེན་མདོ་ཙམ་བརྗོད་པ་དུས་ཀྱི་འཁོར་ལོ་གསལ་བར་བྱེད་པ།
  • སྤྱིར་གཟའ་ཐམས་ཅད་སྟོང་བར་འཇུག་པའི་ཚུལ།
  • གཟའ་ལྔ་ཚེས་ལ་སྤྱོད་ཚུལ་མཁས་པའི་ཡིད་འཕྲོག་མེ་ཏོག་ཕྲེང་བ།
  • ཕུག་ལུགས་ཀྱི་རྩིས་གཞི་ཟིལ་གནོན་ལོ་ལ་སྤོས་པའི་ཁ་གཙང་རེའུ་མིག་དང་བཅས་པ།
  • རྩིས་དཀར་ནག་གི་དྲིས་ལན།
  • དཀར་ནག་ཟུང་སྦྱོར།
  • གཟའ་ལྔ་ཚེས་སྤྱོད་པའི་རྩིས་རབ་བྱུང་བཅུ་གཅིག་པར་སྤོས་པ།
  • གྲུབ་མཐའི་རྩིས་གཞི་རབ་བྱུང༨པའི་འདས་ལོ་ནས་རབ་བྱུང་བཅུ་གཅིག་པའི་ལྕགས་སྦྲུལ་ལོར་སྤོས་པ།
  • རྩིས་དཀར་ནག་ལས་བརྩམས་པའི་དྲིས་ལན་ཉིན་བྱེད་དབང་པོའི་སྣང་བ།
  • རྩིས་གཞུང་ལེགས་བཤད་ནོར་བུ།
  • རབ་བྱུང་བདུན་པའི་མེ་ཡོས་ནས་རབ་བྱུང་བཅུ་གཅིག་པའི་མེ་ཡོས་ལོའི་བར་ལོ་སུམ་བརྒྱའི་ཉི་ཟླ་གཟའ་འཛིན་གྱི་རི་མོ་མྱོང་བྱང་གི་དཔེ་ཉར་རྒྱུ་ཡོད།
  • རྩིས་གཞུང་མུན་སེལ་སྒྲོན་མེ།
  • དཔལ་རྡོ་རྗེ་གདན་བཞིའི་བདག་གདན་གྱི་སྐབས་ནས་བྱུང་བ་གྲུབ་རྩིས་སོགས་ཀྱི་ལག་ལེན་གསལ་བར་བཀོད་པ།
  • རྟག་ལོངས་སོགས་རེའུ་མིག
  • འབྲས་རྩིས་ལེགས་བཤད་ཀུན་འདུས།
  • རྩིས་གཞུང་བླང་དོར་གསལ་བའི་འོད་ཟེར།
  • ཕུག་ལུགས་རྩིས་ཀྱི་ལེགས་བཤད་མཁས་པའི་མགུལ་རྒྱན་བེེཌཱུརྱ་དཀར་པོའི་དོ་ཤལ་དཔྱོད་ལྡན་སྙིང་ནོར།
  • འདར་ལོ་ལུ་མགོ་བླ་མཁྱེན་ངག་དབང་གིས་བེེ་དཀར་ལས་འཕྲོས་པའི་སྙན་སྒྲོན། དོན་ཚན་ཉིས་བརྒྱ་བརྒྱད་པ།
  • བེེཌཱུརྱ་དཀར་པོ་ལས་དྲིས་ལན་འཁྲུལ་སྣང་གཡའ་སེལ་དོན་གྱི་བཞིན་རས་སྟོན་བྱེད།
  • སྒྲ་གཅན་སྤྲུལ་བ་ལྟས་ངན་གཟའ་བཞིའི་ནང་མཇུག་རིང་བརྩི་ཚུལ་རྒྱུད་འགྲེལ་དགོངས་པ་རབ་གསལ་བློ་གསལ་གཞོན་ནུ་དགའ་སྐྱེད་ཀྱི་འགྲེལ་བ།
  • བེེ་དཀར་ཡ་གྱལ་གྱི་ཚེས་རྩིས་ཉི་ལྡོག་ལག་ལེན་ཟིན་བྲིས།
  • བྱེད་རྩིས་རབ་བྱེད་དགུ་པ་དང་། གདན་བཞི་ཐུན་མོང་གི་ལྔ་བསྡུས། སྒྲ་གཅན་བརྟག་ཐབས་རྒྱས་པ་རྩིས་ཕྲན་དང་བཅས་པ་སྣང་བྱེད་ཤེལ་དཀར་མེ་ལོང་།
  • དཀར་རྩིས་ཀྱི་སྤྱི་དོན་སྔོན་འགྲོ་ལེགས་བཤད་ཕན་པའི་ཟིལ་ཆར།
  • དུས་སྦྱོར་གསལ་བའི་མེ་ལོང་། དབྱངས་གསལ་འབྱེད་པའི་ལྡེ་མིག ཤོག་ཁྲ་མཐོང་བས་རབ་གྲོལ། དམག་སྡེ་གཤིན་རྗེའི་དཔུང་གནོན།
  • ཞལ་ལུང་བུ་དཔེ་ས་རས་བརྟགས་ཤིང་སྙིང་ཁུ་བེེ་དཀར་མ་བུར་བཀོད་པའི་སྐོར་སྡེ་ཚན་ཉེར་གཅིག
  • ཞལ་ལུང་ལས་ཆ་ཤས་རེའུ་མིག་དམར་ནག་འཁོར་ལོ་མ།
  • བྱེད་རྩིས་ཆ་ཤས་དམར་ནག་འཁོར་ལོ་མ།
  • གཟའ་ལྔ་ཉིན་ཞག་མའི་ཆ་ཤས་ཀྱི་རིམ་པ་དཔག་བསམ་ལྗོན་ཤིང་།
  • ལེགས་བཤད་གཟའ་ཚེས་སྤྱོད་མའི་འཕྲོ་བྲལ་གྱི་རྒྱུ་བ་མེ་ཡོས་འདོད་ལུགས།
  • ཉ་སྟོང་སྒྲ་གཅན་བསྐལ་བར་འཁོར་བའི་རེའུ་མིག་དང་། ཚེས་རྩིས་མྱུར་སྟེར་དམར་ནག་སྦྲགས་མ།
  • དཔལ་ལྡན་སྒྲ་གཅན་གྱི་རེའུ་མིག་རྒྱས་པ་དཀྱིལ་འཁོར་གྱི་གྲངས་སུ་སྤེལ་བ།
  • ཆ་རིལ་སྤྱི་ནོར་དང་བཅས་པའི་རེའུ་མིག
  • བྱེད་རྩིས་ཀྱི་ཉི་མའི་དྷྲུ་ཝ་ལྔ་བརྒྱ་གྱ་ལྔར་སྤྱི་ནོར་དང་བཅས་སྤེལ་བའི་རེའུ་མིག
  • བྱེད་པའི་རྩིས་ཀྱི་གཟའ་ཉིའི་རེའུ་མིག་མཐོང་བ་ཀུན་གྲོལ།
  • གྲུབ་པའི་ཉི་དྷྲུ་སྤྱི་ནོར་དང་བཅས་པ་རེའུ་མིག་རེ་བདུན་གྱི་མཐར་སྤེལ་བ།
  • མདའ་རོ་ལྷག་གིས་བཟུང་བྱ་ཉི་དྷྲུའི་རེའུ་མིག
  • བྱེད་པའི་གཟའ་དྷྲུ་སྤྱི་ནོར་དང་བཅས་པའི་རེའུ་མིག་སུམ་བརྒྱ་དྲུག་ཅུར་སྤེལ་བ།
  • ཉིན་ཞག་ཉི་བར་རེ་བཞི་ཆ་དང་རི་མཁའདརི་ཆ་གཉིས།
  • རྒྱ་མཚོ་ལས་ཅུང་ཞིག་བསྡུས་པའི་སྤེན་པའི་དལ་བའི་བསྐལ་རྩིས་ཆུ་ཚོད་ལས་བརྩམས་པ།
  • ལྔ་བསྡུས་ཉི་རྐང་ཟླ་རྐང་ཉི་བཅུ་གསུམ་ལྔ་ཆའི་རེའུ་མིག
  • གྲུབ་པའི་གཟའ་དྷྲུ་སྤྱི་ནོར་དང་བཅས་པའི་རེའུ་མིག་ལྔ་སྟོང་དྲུག་བརྒྱ་ང་དྲུག་གི་བར་སྤེལ་བ།
  • གཟའ་ལྔ་ཉིན་ཞག་མའི་རྩ་བ་སྒྲུབ་ལུགས་མི་འདྲ་བ་གསར་བཟོས་བསམ་འཕེལ་དབང་རྒྱལ་ལམ་མ་ཎི་ཀའི་དོ་ཤལ།
  • རྒྱ་མཚོ་ལས་ཞི་གཟའ་གཉིས་ཀྱི་མྱུར་བའི་རྐང་འཛིན་བསྐལ་རྩིས་མཁས་པ་དགྱེས་ཤིང་གཞན་ལ་མཁོ་བའི་མན་ངག
  • དཀར་རྩིས་ཀྱི་སྤྱི་དོན་སྔོན་འགྲོ་ལེགས་བཤད་ཕན་བདེའི་ཟིལ་ཆར།
  • གཟའ་དགུའི་གནོད་པ་བརྟག་པ།
  • པད་དཀར་ཞལ་ལུང་གི་རི་མོ་དཀར་གནད་བཀོད་པ།
  • ཡར་ལོག་གི་ཟིན་བྲིས་ཕྱོགས་སྔ་རྣམས་དང་། རང་ལུགས་ཀྱི་ཟིན་བྲིས་གོ་བདེ་བ།
  • རྩིས་ཀྱི་མན་ངག་ཉིན་མོར་བྱེད་པའི་སྣང་བ།
  • རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བའི་རྣམ་འགྲེལ་གསེར་གྱི་ཤིང་རྟ།
  • རྩིས་གཞུང་ཉིན་བྱེད་སྣང་བའི་ལག་ལེན་བུ་ཡིག་ངོ་མཚར་འཕྲེང་བ།
  • སྐར་རྩིས་ཀྱི་གྲུབ་པའི་མཐའ་གཏན་ལ་འབེབས་པར་བྱེད་པའི་སྤྱི་དོན་ལེགས་བཤད་ཡོངས་འདུའི་སྙེ་མ། མཆན་ཡིག་དམར་པོ་བཅས་པ།
  • ལེགས་བཤད་བེེཌཱུརྱ་དཀར་པོའི་ཟབ་དོན་གྱི་དཀའ་གནས་འགའ་ཞིག་གི་དོགས་སེལ་ཞུ་རྒྱུ་དད་པའི་མེ་ཏོག་ལན་དང་བཅས་པ།
  • རྩིས་གཞི་འདོད་འབྱུང་ཛམ་བུའི་འཁྲི་ཤིང་། རྩིས་གཞི་རབ་ཉི་མྱོས་བྱེད། བྱེད་གྲུབ་ལྔ་བསྡུས་སྒྲ་གཅན་བྱེད་ལོ་རྒྱལ་བློན་ཀར་མྱོང་དབང་ཕྱུག་ཉིན་ཚེས་གྱི་གཟའ་ལྔ་བཅས་ངེས་པ་གསར་སྤོས།
  • སྒང་དབུགས་རེའི་མིག་བསྐལ་འཁོར་ནོར་བུའི་ས་ཊ།
  • ལེགས་བཤད་ནོར་ཕྲེང་།
  • གཙུག་ལག་རྩིས་རིག་ཚང་མའི་ལག་ལེན་འཁྲུལ་མེད་མིན་སེལ་ཉེར་མཁོའི་འདོད་པ་འཇོ་བའི་བུམ་བཟང་།
  • མེ་ཁྱིའི་མི་ཟད་གནམ་ལོ་གསར་ཚེས་རྟ་པའི་ཟླ་ཚེས་སྒྲ་གཅན་དུས་མེས་རི་བོང་འཛིན་པའི་རི་མོ་ཤར་ཚེ་སྒོ་ཡིག་དགེ་བའི་འཕྲིན་ཤོད།
  • དུས་ཀྱི་ཕོ་ཉ་གསར་ཚེས་ཀྱི་གནམ་ལོའི་བྱེད་གྲུབ་རྩིས་ཀྱི་ལིའུ་ཐོ་བཟང་ངན་གཟུགས་བརྙན་སྟོན་པའི་མེ་ལོང་སོགས།
  • རབ་འདོད་ཤིང་སྦྲུལ་ལོའི་རྒྱལ་ཟླ་བའི་ཉ་ལ་ཟླ་འཛིན་དང་། གནམ་སྟོང་ལ་ཉི་འཛིན་བྱུང་བ་ལས་བརྩམས་པའི་ཡིགེ།
  • མ་ཧ་ཙི་ནའི་བྱང་མཐའ་རྒྱལ་ཁབ་ཆེན་པོ་པེ་ཅིང་གཙོ་བོར་གྱུར་པའི་བྱང་ཕྱོགས་ཀྱི་ཡུལ་འཁོར་ལ་འོས་པའི་དུས་སྦྱོར་ཀྱི་རྣམ་བཞག་དུས་སྦྱོར་པད་མོའི་ཚལ་རབ་ཏུ་འབྱེད་པའི་ཉི་མ་གཞོན་ནུ།
  • སྐར་ནག་རྩིས་ཀྱི་སྙིང་ནོར་ཉུང་འདུས་ཀུན་གསལ་མེ་ལོང་།
  • རྩིས་ཀྱི་བསྟན་བཅོས་ཀུན་གསལ་མེ་ལོང་གི་བུ་གཞུང་ཟླ་བསིལ་རྩིས་སྦྱོར་དགེ་ལྡན་རྩིས་གསར།
  • དགེ་ལྡན་རྩིས་གསར་གྱི་རི་མོ་འབྲི་ཚུལ་གཉིད་སློང་གླུ་དབྱངས།
  • རེས་གཟའི་དག་པ། ཚེ་རྩིས། དུས་སྦྱོར། གཟའ་ལྔ་སོགས་བོད་དར་འབྱུང་རྩིས་རྡེའུ་བཅུ་གསུམ་པའི་རེའུ་མིག་མཐོང་ཙམ་འཛུམ་འཆར།
  • རྩིས་གཞུང་ཡང་གསལ་སྒྲོན་མེ་མ་བུ།
  • རྟག་ལོངས་སོགས་ཀྱི་རེའུ་མིག
  • གྲུབ་མཐའི་རྩིས་ཀྱི་བསྐལ་ལི་སྐར་དྲུག་ཆུ་ཚོད་ཞེ་ལྔས་སྦྱང་བ།
  • གྲུབ་མཐའི་རྩིས་ཀྱི་ཆ་ཤས་རེའུ་མིག་སྟེང་འོག་འཁོར་མ།
  • བྱེད་རྩིས་ཀྱི་ཆ་ཤས་རེའུ་མིག་སྟེང་འོག་འཁོར་མ།
  • བྱེད་རྩིས་ཀྱི་བསྐལ་ལི་སྐར་དྲུག་ཆུ་ཚོད་ཞེ་ལྔས་སྦྱངས་པ།
  • རྩིས་གཞུང་དགེ་ལྡན་རྩིས་གསར་གྱི་ལག་ལེན་འཁྱེར་བདེ་བཀོད་པ།
  • རྩིས་གཞུང་བླང་དོར་རབ་གསལ།
  • ཟླ་ཕྱེད་སྒྲ་གཅན་གྱི་རེའུ་མིག་གནས་བཞི་དང་ལྔ་གཉིས།
  • དྲང་སྲོང་གཟའ་ལྔ་ཉིན་ཞག་ལ་སྤྱོད་པའི་དྲག་གཟའ་གསུམ་གྱི་དལ་དག་རྒྱས་པ་རེའུ་མིག་རྒྱ་མཚོ་ཆེན་མོ།
  • རྒྱ་མཚོ་ལས་ལེགས་ལྡན་གཟའ་ལྔ་ཉིན་ཞག་ལ་སྤྱོད་པའི་ཐུན་མོང་རེའུ་མིག་མཁས་པ་དགྱེས་པའི་རྒྱན།
  • ལྷག་པའི་མྱུར་བའི་རྐང་འཛིན་རེའུ་མིག་བརྒྱ་ཆར་བཀུག་པ། པ་སངས་མྱུར་བའི་རྐང་འཛིན་རེའུ་མིག་བཅུ་ཆར་བྱས་པ།
  • རྒྱ་མཚོ་ལས་གཟའ་ལྔའི་མྱུར་བའི་བསྐལ་རྩིས་མཁས་པ་དགྱེས་བྱེད།
  • རྒྱ་མཚོ་ལས་ཞི་གཟའ་གཉིས་ཀྱི་མྱུར་བའི་རྐང་འཛིན་བསྐལ་རྩིས་མཁས་པ་དགྱེས་ཤིང་གཞན་ལ་མཁོ་བའི་མན་ངག
  • ཆུ་རོ་རི་ཁ་རི་དང་རི་རོའི་རེའུ་མིག
  • སྐར་རྩིས་ཀྱི་སྔོན་འགྲོ་སོགས་ཉེར་མཁོ།
  • བྱེད་གྲུབ་རྟག་ལོངས་འདོད་ལྔ་དབུགས་སྒང་ཁྱིམ་འཕོ་རི་ཕག་ཉི་ལྡོག་བཅས་ཀྱི་རེའུ་མིག
  • ལྔ་བསྡུས་སོགས་ཀྱི་རྩིས་གཞི་གསར་སྤོས་བེེ་དཀར་ལས་འཕྲོས་བདུད་རྩིའི་ཟེགས་མ་སོགས་ས་རའི་སྐོར་རྣམས།
  • གྲུབ་མཐའི་རྩིས་ཀྱི་བསྐལ་ལི་སྐར་དྲུག་ཆུ་ཚོད་ཞེ་ལྔ་སྦྱངས་པ།
  • གྲུབ་མཐའི་རྩིས་ཀྱི་ཆ་ཤས་རེའུ་མིག་སྟེང་འོག་འཁོར་མ།
  • གཟའ་ལྔ་ཉིན་ཚེས་རྟག་ལོངས་རྐང་ནོར་རེའུ་མིག
  • རྩིས་གཞུང་བེེ་དཀར་བཞད་པའི་འཛུམ་དཀར།
  • ནམ་མཁའ་བརྟག་པ་གཟའ་དང་རྒྱུ་སྐར་གྱི་གཏམ་གོ་ལའི་རྣ་རྒྱན།
  • རྩིས་ཀྱི་བསྟན་བཅོས་མཁས་པའི་སྙིང་ནོར་ཆ་ལག་དང་བཅས་པ།
  • དགུ་མཐའ་སོགས་གྱི་རི་མོ་བྱ་ཚུལ་བཀྲ་ཤིས་སྒོ་འབྱེད།
  • གྲུབ་རྩིས་ལུགས་ཀྱི་ལྔ་བསྡུས་ཀྱི་རྣམ་བཤད་བཀྲ་ཤིས་ཆར་འབེབས།
  • ལྔ་བསྡུས་ཀྱི་མྱུར་རྩིས་བྱ་ཚུལ་བཀྲ་ཤིས་རབ་རྒྱས།
  • ལོ་ཟླ་སོགས་ལས་བརྩམས་པའི་རྩིས་སྐོར་འགའ་ཞིག་བཤད་པ་བཀྲ་ཤིས་དཔལ་སྟེར།
  • ལོ་བདག་སྐར་མ་ངོས་འཛིན་ཚུལ་བཀྲ་ཤིས་སྙེ་མ།
  • དགེ་ལྡན་རྩིས་གསར་གྱི་ལྔ་བསྡུས་ཀྱི་རི་མོ་བྱ་ཚུལ་བཀྲ་ཤིས་མཆོག་སྟེར།
  • བྱེད་རྩིས་ཀྱི་ལྔ་བསྡུས་ཀྱི་རི་མོ་བྱ་ཚུལ་བཀྲ་ཤིས་ཉིན་བྱེད།
  • ལྔ་བསྡུས་ཀྱི་འབྲས་བཤད་བཀྲ་ཤིས་ཟླ་གསར།
  • རྩིས་སྐོར་ཐོར་བུ་འགའ་ཞིག་བཤད་པ་བཀྲ་ཤིས་སྨན་ལྗོངས།
  • ཁྱིམ་ཞག་ལྔ་བསྡུས་སོགས་དོན་ཚན་བདུན་ཉི་འོད་ལས་ཟུར་དུ་བཀོད་པ།
  • རྟག་ལོངས་སོགས་ཀྱི་རེའུ་མིག་བཀྲ་ཤིས་གསལ་བྱེད།
  • རྩིས་ཀྱི་བསྟན་བཅོས་ཉིན་བྱེད་སྣང་བའི་རྒྱན་མཆོག
  • ལེགས་ལྡན་གཟའ་ལྔ་ཉིན་ཞག་མའི་མགྱོགས་སྟེར་འགྲུབ་ཚུལ།
  • འབྲས་རྩིས་མདོར་བསྡུས།
  • རྩིས་ཀྱི་བསྟན་བཅོས་ཉ་རྒྱས་ཟླ་བའི་དཀྱིལ་འཁོར།
  • བསྟན་བཅོས་བེེཌཱུརྱ་དཀར་པོ་དང་ཉིན་བྱེད་སྣང་བའི་དགོངས་དོན་གསལ་བར་སྟོན་པ་རྩིས་གཞིའི་མན་ངག་རིགས་ལྡན་སྙིང་གི་ཐིག་ལེ།
  • ཉིན་བྱེད་སྣང་བ་ལས་བཤད་པའི་ཞག་གསུམ་གྱི་རྣམ་བཞག་གསལ་བར་སྟོན་པ་དྭངས་ཤེལ་མེ་ལོང་བཀླགས་པས་ཀུན་ཤེས།
  • དུས་གཟེར་རྩིས་ཀྱི་ལག་ལེན་མདོར་བསྡུས།
  • རྩིས་གཞུང་ཉིན་བྱེད་སྣང་བའི་ལག་ལེན་བུ་ཡིག་ངོ་མཚར་ཕྲེང་བ་ལས་བསྟན་རནཙིས་ཀྱི་མཆན་འགྲེལ།
  • རྩིས་གཞུང་དགེ་ལེགས་སྣང་བའི་ཉི་མ།
  • དགའ་ལྡན་རྩིས་གསར་ལས་ཉི་ཟླ་སྒྲ་གཅན་འཛིན་ཚུལ་གཟུར་གནས་མཁས་པ་དགྱེས་པའི་མཆོད་སྤྲིན།
  • རྩིས་ཀྱི་འཁོར་ལོའི་གསལ་བྱེད།
  • རྩིས་ཀྱི་མན་ངག་དཔག་བསམ་ཡོངས་འདུའི་སྙེ་མ།
  • རྩིས་ཀྱི་བསྟན་བཅོས་ཉེར་མཁོའི་བུམ་བཟང་ལས། སྐར་རྩིས་ཀྱི་ལག་ལེན་འཇུག་བདེ་བར་བསྡེབས་པ་ལེགས་བཤད་ཀུན་འདུས།
  • སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་།
  • ཉི་མ་སྒྲ་གཅན་ལ་འཇུག་པའི་གཏམ།
  • ཟླ་བ་སྒྲ་གཅན་ལ་འཇུག་པའི་གཏམ།
  • ཕུག་ལུགས་རྩིས་ཀྱི་བསྟན་བཅོས་ལེགས་པར་བཤད་པའི་རིགས་ལྡན་མཆོད་པའི་འོད་སྣང་།
  • དགེ་ལྡན་རྩིས་གསར་ལུགས་ཀྱི་རབ་བྱུང༡༥པའི་རྩིས་འཕྲོ་གསར་བསྒྲིགས་བློ་གསལ་འདོད་འཇོ།
  • དགེ་ལྡན་རྩིས་གསར་རྗེས་སུ་འབྲང་བའི་རབ་ཚེས་ས་འབྲུག་ལོའི་རི་ཐུ་ཞེས་སུ་གྲགས་པའི་དུས་གསལ་མེ་ལོང་།
  • ཕུག་ལུགས་རབ་བྱུང༡༥པའི་རྩིས་འཕྲོ་ངསར་བསྒྲིགས་བློ་ངསལ་བུང་བ་འདུས་པའི་རོལ་མཚོ།
  • དགེ་ལྡན་རྩིས་གསར་རྗེས་སུ་འབྲང་བའི་རབ་ཚེས་ས་ཕོ་འབྲུག་ལོའི་ལི་ཐུ་ཞེས་སུ་གྲགས་པའི་དུས་གསལ་མེ་ལོང་།
  • གཟའ་འཛིན་བརྟག་ལུགས་མཁས་པའི་བཞད་གད་དང་། བླུན་པོའི་ཡིད་འཕྲོག་དགའ་རྩིས་གསར་མ།
  • འབའ་མདའ་པའི་རྩིས་གཞུང་ཆོས་ཚན་བདུན།
  • དགེ་ལྡན་རྩིས་གསར་ལུགས་ཀྱི་ངེས་པ་མདོ་ཙམ་བརྗོད་པ་བླང་དོར་གསལ་བའི་སྣང་བའི་མཛོད།
  • དགེ་ལྡན་རྩིས་གཞུང་བླང་དོར་གསལ་བའི་སྣང་བའི་མཛོད་མངོན་པར་དྲངས་པའི་རེའུ་མིག་མདོར་བསྡུས་མགྱོགས་འགྲོ་བདུན་ལྡན་གྱི་ཤིང་རྟ།
  • དགེ་ལྡན་རྩིས་གཞུང་གི་དཀའ་གནས་གསལ་བར་བྱེད་པའི་ཆུ་འཐུང་ཕོད་འབར།
  • དགེ་ལྡན་རྩིས་གཞུང་བླང་དོར་གསལ་བའི་སྣང་བའི་མཛོད་ཀྱི་རྩིས་འཕྲོ།
  • ཉེ་བར་མཁོ་བའི་རེའུ་མིག་མ་ཧ་ཙི་ནའི་ལུགས་ཀྱི་ལོ་རྒན་དྲུག་ཅུའི་སྤྱི་ཞག་དུས་གཟེར་ཉེར་བཞིའི་རྩིས་འཕྲོ་བཅས།
  • མ་ཧ་ཙི་ནའི་རྩིས་རིག་དགེ་ལྡན་མཁས་དབང་ཡོངས་ཀྱི་ཕྱག་རྒྱུན་དུ་བསྟར་བའི་རྡེལ་འགྲེམ་འཐོར་བསྡུས་རྒྱས་འདྲིལ་དུ་བཀོད་པ་དཔྱོད་ལྡན་སྤྱི་ནོར་འདོད་དགུ་འཇོ་བའི་དཔག་བསམ་ལྗོན་ཤིང་།
  • སྐར་རྩིས་ཀྱི་སྔོན་འགྲོ་རིན་ཆེན་མེ་ལོང་།
  • སྐར་རྩིས་སྣ་ཚོགས།
  • རྩིས་སྐོར་ནོར་བུའི་ཕྲེང་བ།
  • ཁྱིམ་བཅུ་གཉིས་ཀྱི་ཐིག་གི་དཔེའུ་རིས་ཞིབ་པར་བཀོད་པའི་དོན་གསལ་བར་བརྗོད་པ་བློ་གསལ་དགའ་བསྐྱེད།
  • ཉི་རྐང་དོགས་གནས་ལ་དཔྱད་པ།
  • རྩིས་གསར་ཐུབ་བསྟན་མཛེས་རྒྱན་ལ་དཔྱད་པ།
  • ནམ་མཁའ་གོ་ལའིཚུལ་ལ་དཔྱད་པ་ལ་ལན་དུ་སྤྲིངས་པའི་གཏམ།
  • རྩིས་ཀྱི་ལག་ལེན་ཉེར་མཁོ་སྙིང་བོར་དྲིལ་བ་ཟླ་བའི་མེ་ལོང་།
  • སྐར་རྩིས་ཀྱི་སྔོན་འགྲོ
  • རྩིས་ཡིག་རྣམ་གསལ་འོདགཐིག་གི་བུ་དཔེ།
  • སྟོང་འཇུག་གི་རི་མོ་གསལ་བར་བཤད་པ་དགེ་ལེགས་སྣང་བ་གསལ་བའི་སྒྲོན་མེ།
  • ཞག་གསུམ་རྣམ་པར་དབྱེ་བའི་རི་མོའི་ལག་ལེན་གསལ་བར་བཤད་པ་མཁས་པའི་མགུལ་རྒྱན།
  • ཡུལ་དུས་བསྒྲིགས་པའི་ལག་ལེན་གསལ་བར་བཤད་པ་སྡེ་སྲིད་དགོངས་རྒྱན།
  • རེའུ་མིག་མཁོ་ཆེ་བ་འགའ་ཞིག་གསར་དུ་བསྒྲུབ་པའི་ཚུལ་ལག་ལེན་གོ་བདེ་བར་བཀོད་པ་བློ་གསལ་ཡིད་ཀྱི་དགའ་སྟོན།
  • གཟའ་ལྔའི་སྤྱི་རྐང་རེའུ་མིག
  • བྱེད་གྲུབ་གཉིས་ཀྱི་རྩིས་མགོ་གསར་སྤོས་གསལ་བའི་མེ་ལོང་།
  • རབ་རྒྱལ་ཐོག་མ་ལྔ་བསྡུས་སྒྲ་གཅན་གཟའ་ལྔ་དང་བཅས་པའི་རྩིས་གཞི་གསར་སྤོས་ཀྱི་བསྟན་བཅོས་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན།
  • ཕྱག་མཛོད་གསུང་རབ་ཀྱི་རྩིས་གཞུང་རིགས་ལྡན་སྙིང་ཐིག་གི་རྩིས་འགོ་རབ་བྱུང༡༦པའི་མེ་ཡོས་ཏེ་སྤྱི་ལོ༡༩༢༧ལོར་སྤོས།
  • རྩིས་གཞུང་རྣམ་གསལ་འོད་ཀྱི་ཐིག་ལེ།
  • དགེ་ལྡན་རྩིས་གཞུང་བླང་དོར་གསལ་བའི་སྣང་བའི་མཛོད་ཀྱི་རྩིས་འཕྲོ།
  • ཕུག་ལུགས་རྩིས་གཞུང་རིགས་ལྡན་འཛུམ་པའི་འོད་ཟེར།
  • རྩིས་གཞུང་རིན་ཆེན་སྙིང་པོ།

འབྱུང་རྩིས།[རྩོམ་སྒྲིག]

  • རྟེན་འབྲེལ་རྩིས་རིནཆེན་སྒྲོན་མེ།
  • བག་རྩིས་སྔོན་མེད་ལྗོན་ཤིང་།
  • གཙུག་ལག་འབྱུང་བའི་རྣམ་བཤད་སྲིད་པ་འཕྲུལ་གྱི་མེ་ལོང་།
  • ནག་རྩིས་བརྗེད་བྱང་སྙིང་པོ་གསལ་བ།
  • བེེ་དཀར་གཤིན་རྩིས་ཁྲ་མའི་དཔེ་བརྗོད་བསྡུས་པ།
  • ཁྱུང་ཕུག་རྒྱུད་པའི་ཕྱག་བཞེས་འབྱུང་རྩིས་མན་ངག་ཟླ་བའི་འོད་ཞེས་བྱ་བ།
  • ལོ་དང་སྤར་སྨེའི་རེའུ་མིག་གི་སྐོར་དང་། རྩིས་ཀྱི་ལྡེ་མིག་གི་སྐོར་དོན་བསྡུས་གསལ་བ།
  • རྩིས་ཀྱི་ལག་ལེན་ཉེར་མཁོའི་བུམ་བཟང་ཞེས་བྱ་བའི་ནག་རྩིས་ཀྱི་རབ་ཏུ་བྱེད་པ།
  • འབྱུང་རྩིས་ཀྱི་ལོ་འགོ་འཛིན་ཚུལ་སོགས་ལས་བརྩམས་པའི་དྲིས་ལན་བློ་མིག་དགའ་སྟོན།
  • ཚེ་རྩིས་སོགས་འགའ་ཞིག
  • ལས་རྩིས་ཟུར་བཀོལ་ཉུང་གསལ་ཕན་བདེ་དཔལ་སྟེར།
  • ཀེག་རྩིས་ཀྱི་ལྡེ་མིག་སོགས་དེའི་སྐོར་འགའ་ཞིག
  • ཐང་ཤིང་རིང་མོའི་རྩིས་ལས་ལེགས་པར་བཏུས་པ།
  • བེེ་དཀར་བག་རྩིས་ལས་ལོ་འགྲེས་སྡེབ་ཚུལ་སོགས་རེའུ་མིག་ཏུ་བསྒྲིགས་ཤིང་ཉུང་ངུར་བསྡུས་པ་གསལ་བྱེད་མེ་ལོང་།
  • སྐར་ཡིག་བློ་གསལ་དགའ་བསྐྱེད་བླང་དོར་གསལ་བའི་མེ་ལོང་ལས་བོར་རྫས་རྐང་འགྲོ་སྐྲ་སྐར་མཁར་ཁང་ལས་ལམ་འཇུག་མི་རྟའི་བླ་གནས་སོགས།
  • ནག་རྩིས་ཀྱི་སྔོན་འགྲོ་བེེ་དཀར་ལས་ཟུར་དུ་བཀོད་པ།
  • ་ འབྱུང་རྩིས་ལུགས་ཀྱི་ལོ་ཀེག་བརྟག་པ་མན་ངག་དོན་བསྡུས།
  • ཐང་ཤིང་གི་བརྟག་པ་གསལ་བའི་མེ་ལོང་།
  • ཁྱིམ་པ་གྲོགས་སྡེབ་བག་རྩིས་བཀྲ་ཤིང་ལྗོན་བཟང་།
  • གཙུག་ལག་རྩིས་ཀྱི་སྐོར་འགོ་གསོན་རྩིས་རྡེའུ་ཞེ་བདུན་གྱི་གསལ་བྱེད་བློ་གསལ་དགའ་བྱེད།
  • གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།
  • ཀེག་རྩིས་སོགས་ཀྱི་རྡེལ་འགྲེམ་དཔག་བསམ་ལྗོན་ཤིང་གི་འབྲས་བཤད་ནག་འགྲོས་སུ་བཀོད་པ་འདོད་དགུའི་གཏེར་གྱི་བང་མཚོད།
  • དུས་རྩིས་ངོ་མཚར་ཉི་མ།
  • གཙུག་ལག་རྩིས་ཀྱི་སྔོན་འགྲོ་རབ་གསལ་མེ་ལོང་།
  • ནག་རྩིས་ཀྱི་རབ་ཏུ་བྱེད་པ་ལས་ཀེག་རྩིས་འཆི་མེད་བཅུད་ལེན།
  • ནག་རྩིས་ཀྱི་རབ་ཏུ་བྱེད་པ་ལས་གཤིན་རྩིས་ཕན་བདེ་མྱུར་སྟེར།
  • དགའ་རྩིས་མ་རིག་གཉིད་སློང་།
  • གཙུག་ལག་རྩིས་ཀྱི་སྔོན་འགྲོའིལྡེ་མིག
  • ཡུལ་དུས་བསྒྲིགས་པའི་ལག་ལེན་གསལ་བར་བཤད་པ་སྡེ་སྲིད་དགོངས་རྒྱན།
  • རྩིས་གཞུང་ཨུཏྤལ་སྔོན་པོའི་དོ་ཤལ།

དབྱངས་འཆར།[རྩོམ་སྒྲིག]

  • དཔལ་གཡུལ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་དབྱངས་འཆར་བ་ཞེས་བྱ་བ།
  • དབྱངས་འཆར་བའི་དོན་བསྡུས་པ།
  • དབྱངས་འཆར་བའི་དུས་སྦྱོར་གྱི་འབྲས་བུ་ཉེ་བར་མཁོ་བ།
  • དབྱངས་འཆར་སྨྲ་ན་མེད་དུ་མི་རུང་བ་ལག་ལེན་ནོར་བུའི་ཕྲེང་བའམ་འོད་ཟེར་བརྒྱ་བ།
  • དཔལ་དབྱངས་འཆར་བའི་འགྲེལ་བ་གཞན་ཕན་ངོ་མཚར་རྒྱན་གྱི་མེ་ཏོག
  • དཔལ་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱུད་དོན་རབ་ཏུ་གསལ་བའི་ངག་གི་བཀོད་པ་ཀུན་གཟིགས་དབྱངས་འཆར་ཆེན་མོ་ཤེལ་གྱི་མེ་ལོང་།
  • དཔལ་དབྱངས་འཆར་རྒྱུད་ཀྱི་རྒྱལ་པོ་ལས་གཅེས་བསྡུས་ཀྱི་ཟུར་བརྒྱན་པའི་གནས་མལ་བཅུ་གཉིས་ཀྱི་མོ་དཔེ་ལྐོག་གྱུར་སྟོན་པའི་མ་གུ་ར།
  • དབང་ཕྱུག་ཡབ་ཡུམ་བཞེངས་བཞུགས་བརྟག་པའི་རེའུ་མིག་གཞོན་ནུའི་རོལ་རྩེད།

བསྟན་རྩིས།[རྩོམ་སྒྲིག]

  • གཡུང་སྟོན་རྡོ་རྗེ་དཔལ་བཟང་གིས་མཛད་པའི་བསྟན་རྩིས།
  • བསྟན་རྩིས་ལེགས་བཤད་འོད་ཀྱི་འཕྲེང་བ།
  • སངས་རྒྱས་ཀྱི་བསྟན་པའི་རྩིས་ཉུང་ངུ་རབ་གསལ།
  • སངས་རྒྱས་ཀྱི་བསྟན་པའི་རྩིས་མཁས་པའི་ཁ་རྒྱན།
  • ཐུབ་བསྟན་རིན་པི་ཆེའི་རྩིས་ཀྱི་རྣམ་པར་བཞག་པ་རབ་བརྟན་གསལ་བའི་སྒྲོན་མེ།
  • དུས་འཁོར་བསྟན་རྩིས་རབ་བྱུང་དགུ་པའི་ཤིང་འབྲུག་ལོར་སྦྱར་བ།
  • བསྟན་རྩིས་གསལ་བའི་ཉིན་བྱེད།
  • བསྟན་པའི་མཁས་པའི་ཕྱག་བཞེད།
  • བསྟན་རྩིས་རེའུ་མིག
  • བསྟན་རྩིས་འཕྲོས་དོན་དང་བཅས་པ།
  • དུས་འཁོར་ནས་བཤད་པའི་ཤམ་བྷ་ལའི་རྒྱལ་རབས་ཆོས་བརྒྱུད་དང་བཅས་སྐར་རྩིས་སྐོར་འགའ་ཞིག
  • བསྟན་རྩིས་ཉེར་མཁོ་རབ་གསལ་མེ་ལོང་།

ད་དུང་གཟིགས།[རྩོམ་སྒྲིག]

  • རླུང་གི་རྟེན་འབྲེལ་བརྟག་པ།
  • ཀ་ར་མྱང་རྩིས་དང་ལོ་འཕོ་དང་ལོ་བདག་གཟའི་འཕོ་རྩིས།
  • ཤམ་བྷ་ལའི་ཡུལ་བཀོད་ཀྱི་ཚད་རྣམ་པ།
  • ཀ་ར་མྱང་རྩིས།
  • ཨ་རུད་ཕྱོགས་སུ་དར་བའི་ལུག་གི་སོག་པ་ལ་ལྟ་བའི་མོ་ཕྱྭ་སྒྱུ་མའི་ལུང་སྟོན།
  • བཟོ་དང་གསོ་བ། སྐར་རྩིས་རྣམས་ལས་བྱུང་བའི་མིང་གི་རྣམ་གྲངས།
  • རྒྱ་ནག་ས་གླང་བརྟག་ཚུལ་ལེགས་བཤད་ཡོངས་འདུའི་ཤིང་དབང་།
  • ཙི་ནའི་ས་དཔྱད་གསར་འགྱུར་ལུགས་ཀྱི་སྒོ་འགྱེད་འཕྲུལ་གྱི་ལྡེ་མིག
  • རྒྱའི་ལུགས་ཀྱི་ས་གླང་བརྟག་པའི་བསྟན་བཅོས་དགེ་ལེགས་འདོད་པ་འཇོ་བའི་བ་མོ།
  • སྲིད་པ་འཕྲུལ་གྱི་ཇུ་ཐིག་གི་དཔྱད་དོན་སྣང་གསལ་སྒྲོན་མེ།
  • ཞང་ཞུང་འཕྲུལ་གྱི་ཇུ་ཐིག་ཆེན་པོ་བརྟག་པ།
  • ཁང་པའི་ས་དཔྱད་གཙོས་སྒྲིབ་གཏོ་ཆོག་དང་བཅས་པ་ཡང་གསལ་སྒྲོན་མེ། གཙུག་ལག་ཁང་གསར་བཞེངས་ཨར་ལས་ལ་ཉེར་བར་མཁོ་བ་རྣམས་བེེ་དཀར་ས་དཔྱད་ལེའུ་ལས་ཁོལ་དུ་ཕྱུང་སྟེ་བཀོད་པ།

ད་དུང་གཟིགས།[རྩོམ་སྒྲིག]

བོད་ཀྱི་ལོ་ཐོ།[རྩོམ་སྒྲིག]

བོད་ཀྱི་ལོ་ཐོ་ནི་ལྔ་བསྡུས་དང་གཟའ་ལྔ། དབྱངས་འཆར། མྱོང་རྩིས་སོགས་ལ་བརྟེན་ནས་ལོ་གཅིག་གི་ནང་ལ་གཙོ་བོར་ནམ་མཁའི་གཟའ་སྐར་གྱི་འགྲོས་ལས་རང་ཅག་གནས་ པའི་ས་གཞི་འདིར་དགེ་སྡིག་གི་ལྟས་ཅི་འབྱུང་གི་སྐོར་གཏན་ལ་ཕབ་ པའི་རྩིས་ཐོ་ཞིག་རེད། རྩིས་པ་སོ་སོས་ཤེས་ཡོན་གྱི་ཚད་དང་། འབྱོར་པའི་ཚད། དགོས་མཁོ་བཅས་ཀྱི་ཁྱད་ལས་ལོ་ཐོ་ལ་རྒྱས་འབྲིང་བསྡུས་གསུམ་གྱི་དབྱེ་བ་ཡོད། ལོ་ཐོའི་ནང་ དུ་གང་བརྩི་བའི་ལོ་དེའི་བོད་ཟླ་གསུམ་པ་ནས་འགོ་བཟུང་སྟེ་ལོ་རྗེས་ མའི་བོད་ཟླ་གཉིས་པའི་བར་ལོ་ཧྲིལ་པོ་རེའི་སྐོར་བཀོད་ཡོད། རྒྱུ་མཚན་ནི་སྐར་རྩིས་པའི་ལོ་འགོ་དེ་དུས་འཁོར་གསུངས་པའི་ནག་པ་ཟླ་བ་སྟེ་བོད་ཟླ་གསུམ་པ་ཡིན་པས་རེད། ལོ་ཐོ་གཟིགས་མཁན་ཚོས་དེ་བརྗེད་མི་ཉན། ཞིབ་པར་ཤེས་འདོད་ ཡོད་ན་༼བོད་ཀྱི་ལོ་ཐོ།༽ཞེས་པ་ལ་གཟིགས་ཤིག །

འབྱུང་རྩིས།[རྩོམ་སྒྲིག]

ཉི་ཟླ་གཟའ་འཛིན།[རྩོམ་སྒྲིག]

དུས་གཟེར།[རྩོམ་སྒྲིག]

རྒྱ་རྩིས།[རྩོམ་སྒྲིག]

དབྱངས་འཆར།[རྩོམ་སྒྲིག]

གོང་མའི་མྱོང་རྩིས།[རྩོམ་སྒྲིག]

ལྔ་བསྡུས།[རྩོམ་སྒྲིག]

རྩིས་གཞུང་རིགས་ལྡན་སྙིང་ཐིག་ལས། གཟའ་༡ ཚེས་༢ སྐར་༣ སྦྱོར་༤ བྱེད་པ་༥ ལྔ། །ཡན་ལག་ལྔ་འམ་ལྔ་བསྡུས་ཞེས། །སྐར་རྩིས་པ་ལ་རླུང་ལྟར་གྲགས། །ཞེས་གསུངས་པ་ ལྟར། ལྔ་བསྡུས་རེ་རེ་བཞིན་དུ་ངོ་སྤྲོད་བྱས་ན་འདི་ལྟ་སྟེ།

  • དང་པོ་གཟའ།

བོད་རྩིས་སུ་གཟའ་བདུན་གྱི་གོ་རིམ་ནི། ཉི་༡ ཟླ་༢ དམར་༣ ལྷག་༤ ཕུར་༥ སངས་༦ སྤེན༠། །རེས་ལ་འཆར་བའི་གཟའ་བདུན་ཏེ། །ཞེས་པ་བཞིན་ཡིན། ལྔ་བསྡུས་ལས་དང་པོ་གཟའ་ཟེར་བ་དེ་གང་བརྩིས་པའི་ཉིན་དེའི་རེས་གཟའ་ལ་གོ་དགོས། དཔེར་ན་རབ་རྒྱན་ལྕགས་ཡོས་ཟླ༥ ཚེས༡༤ ཉིན་གྱི་རེས་གཟའ་ནི་གཟའ་ལྔ་པ་ཕུར་བུ་ཡིན་པ་ལྟ་བུ་རེད། གྲངས་ཀ ༥ ཡིས་མཚོན། སྐར་རྩིས་སུ་གཟའ་དག་ཅེས་པའི་གནས་དང་པོའི་གྲངས་ཀ་དེ་རེད། དེ་ནི་སྤྱི་རྩིས་དང་རྒྱ་ནག་གི་ཞིང་རྩིས་རྣམས་དང་ཁྱད་པར་གང་ཡང་མེད། རེས་གཟའ་རེའི་དུས་ཡུན་ནི་དུས་ཀྱི་ཆུ་ཚོད༦༠ དང་པེ་ཅིན་ཆུ་ཚོད༢༤ ། འབྱུང་རྩིས་ལྟར་ན་དུས་ཚོད༡༢ ཡིན་ནོ། །

  • གཉིས་པ་ཚེས།

ཚེས་ནི་གང་བརྩིས་པའི་ཉིན་དེའི་ཚེས་གྲངས་ལ་གོ་དགོས། དཔེར་ན་གོང་གི་དཔེར་བརྗོད་ཀྱི་ཚེས༡༤ ལྟ་བུ་རེད། དེ་ནི་སྤྱི་རྩིས་ཀྱི་ཚེས་གྲངས་དང་མི་འདྲ་སྟེ། སྤྱི་རྩིས་ཀྱི་ཚེས་ནི་ཉིན་ཞག་གི་དབང་དུ་བྱས་པ་རེད། བོད་ཀྱི་སྐར་རྩིས་སུ་ཚེས་གྲངས་ནི་ཚེས་ཞག་གི་དབང་དུ་བྱས་པ་རེད། ཚེས་ཞག་གི་རིང་ཐུང་ལ་ངེས་པ་མེད་དེ། དུས་ཀྱི་ཆུ་ཚོད༥༤ ནས༦༤ བར་ལ་འཕེལ་འགྲིབ་འགྲོ་རྒྱུ་ཡོད་པ་རེད། གཟའ་དག་ཅེས་པའི་གནས་གཉིས་པ་མན་ཆད་ལོངས་སྤྱོད་ཅེས་པའི་གྲངས་ཀ་ཡིས་མཚོན། ཚེས༡༤ ཉིན་གྱི་ཚེས་ཀྱི་རིང་ཐུང་ནི་དུས་ཀྱི་ཆུ་ཚོད༡༥ དང་ཆུ་སྲང༤༧ སོགས་ཡིན་པ་ལྟ་བུའོ། །

གཟའ་ལྔ།[རྩོམ་སྒྲིག]

དུ་བ་མཇུག་རིང་།[རྩོམ་སྒྲིག]

ཞག་གསུམ།[རྩོམ་སྒྲིག]

ཁྱིམ་བཅུ་གཉིས།[རྩོམ་སྒྲིག]

  • ཁྱིམ་བཅུ་གཉིས་ཀྱི་མིང་།

ལུག་༠ གླང་༡ འཁྲིག་པ་༢ ཀརྐ་ཊ༣ ། །སེངྒེ་༤ བུ་མོ་༥ སྲང་༦ སྡིག་༧ གཞུ ༨ ། །ཆུ་སྲིན་༩ བུམ་པ་༡༠ ཉ་༡༡ རྣམས་ནི། །གཟའ་བཅུས་རྒྱུ་ལམ་ཁྱིམ་གྱི་མིང་། ། ཞེས་པ་ལྟར་རོ། །

  • ཁྱིམ་བཅུ་གཉིས་ཀྱི་གསལ་བཤད།

ཁྱིམ་བཅུ་གཉིས་ཀྱི་ཐོག་མ་ལུག་ཁྱིམ་དང་ཐ་མ་ཉ་ཁྱིམ་ཡིན། དེ་གྲངས་ཀ་༠ དང་༡༡ གིས་མཚོན། སྤྱིར་ནམ་མཁའི་གོ་ལ་དེ་ཟླུམ་པོ་ཞིག་ཏུ་བལྟས་ནས་དེ་ཆ་མཉམ་དུ་དུམ་བུ་ ༢༧ ལ་བགོས་པ་རེད། དུམ་བུ་རེའི་ས་ཁྱོན་ལ་སྐར་ཁྱོན་གཅིག་ཟེར། རྒྱུ་སྐར་གྲོ་བཞིན་དང་བྱི་བཞིན་གཉིས་ལ་སྐར་ཁྱོན་གཅིག་མ་གཏོགས་མེད། སླར་ཡང་སྐར་ཁྱོན་རེ་རེ་དེ་ཆ་མཉམ་དུམ་བུ་༤ ལ་བགོས། དུམ་བུ་རེ་ལ་རྒྱུ་སྐར་རྐང་པ་རེ་ཞེས་བརྗོད། དེ་འདྲ་བྱས་ནས་རྒྱུ་སྐར་རྐང་པ་དགུ་རེའི་ས་ཁྱོན་ལ་ཁྱིམ་རེ་ཟེར་བ་རེད། ཁྱིམ་དེ་དག་ནི་རེས་གཟའ་བདུན་གྱི་སྟེང་། སྒྲ་གཅན་༨ དུས་མེ་༩ མཇུག་རིང་༡༠ བཅས། །བསྣན་པས་གཟའ་ནི་བཅུ་རུ་འགྱུར། །ཞེས་པ་ལྟར་གཟའ་ཆེན་པོ་བཅུ་བགྲོད་པའི་ལམ་མམ་གཞི་ཡིན་ནོ། །

རྩིས་འཕྲོ།[རྩོམ་སྒྲིག]

སྟོང་ཆེན་ལོ་ཚོགས།[རྩོམ་སྒྲིག]

བསྟན་རྩིས།[རྩོམ་སྒྲིག]

ཆར་རྩིས།[རྩོམ་སྒྲིག]

དུས་རྩིས།[རྩོམ་སྒྲིག]

དུས་རྩིས་ཞེས་པ་དུས་གནད་ཁྱད་པར་བ་ལ་བརྟེན་ནས་འཕྲལ་གྱི་བྱ་བའི་བླང་དོར་སྟོན་བྱེད་ཀྱི་རྩིས་ཤིག་རེད། བརྩི་བྱའི་གང་ཟག་དེའམ་ཕོ་ཉས་འཕྲིན་སྨྲ་ བའི་དུས་དེ་མ་ནོར་བར་བརྩིས་ནས་བརྩི་བྱ་དང་བརྩི་དུས་སོ་སོའི་སྲོག་ལུས་དབང་ཀླུང་ བཞི་ཕན་ཚུན་འཐབ་སྟེ་བརྩི་བ་རེད། ད་དུང་དེའི་ཐོག་ཏུ་དུས་ཚོད་དེ་བརྩི་བྱའི་སྲོག་ལུས་དབང་ཀླུང་བཞི་ཡི་སྟེང་དུ་ཁྱེར་ནས་དར་རྒུད་ཀྱང་བརྟག་དགོས།


བོད་ཀྱི་སྐར་རྩིས་རིག་པ་ནི་གནམ་རིག་གི་ཁོངས་སུ་གཏོགས་ལ་ནང་པ་སངས་རྒྱས་པའི་རིག་གཞུང་གི་ཁོངས་སུ་ཡང་ཐེ་བའི་རིག་གནས་ཁྱད་པར་བ་ཞིག་ ཡིན་པས་རིག་གནས་འདི་དུས་དང་རྣམ་པ་ཀུན་ཏུ་ས་གཞོང་ནང་གི་ཐལ་རྩེད་ཙམ་དུ་བལྟ་བར་མི་བྱའོ། །

བསྡུས་དོན།

Description Replacement for faulty (note the ring "around" Saturn!)
Date
Source Own work
Author Rursus
SVG genesis
InfoField
 
The SVG code is valid.
 
This icon was created with Inkscape…important.

གན་རྒྱ་ནང་ཞུགས་པ།

GNU head Permission is granted to copy, distribute and/or modify this document under the terms of the GNU Free Documentation License, Version 1.2 or any later version published by the Free Software Foundation; with no Invariant Sections, no Front-Cover Texts, and no Back-Cover Texts. A copy of the license is included in the section entitled GNU Free Documentation License.
w:en:Creative Commons
attribution share alike
This file is licensed under the Creative Commons Attribution-Share Alike 3.0 Unported license.
You are free:
  • to share – to copy, distribute and transmit the work
  • to remix – to adapt the work
Under the following conditions:
  • attribution – You must give appropriate credit, provide a link to the license, and indicate if changes were made. You may do so in any reasonable manner, but not in any way that suggests the licensor endorses you or your use.
  • share alike – If you remix, transform, or build upon the material, you must distribute your contributions under the same or compatible license as the original.
This licensing tag was added to this file as part of the GFDL licensing update.

Captions

Add a one-line explanation of what this file represents

Items portrayed in this file

depicts དབྱིན་ཇིའི་སྐད།

creator དབྱིན་ཇིའི་སྐད།

some value

Wikimedia username དབྱིན་ཇིའི་སྐད།: Rursus
author name string དབྱིན་ཇིའི་སྐད།: Rursus
URL དབྱིན་ཇིའི་སྐད།: https://commons.wikimedia.org/wiki/user:Rursus

copyright status དབྱིན་ཇིའི་སྐད།

copyrighted དབྱིན་ཇིའི་སྐད།

copyright license དབྱིན་ཇིའི་སྐད།

GNU Free Documentation License, version 1.2 or later དབྱིན་ཇིའི་སྐད།

Creative Commons Attribution-ShareAlike 3.0 Unported དབྱིན་ཇིའི་སྐད།

inception དབྱིན་ཇིའི་སྐད།

༢༨ ཟླ་བ་གཉིས་པ། 2007

MIME type དབྱིན་ཇིའི་སྐད།

image/svg+xml

source of file དབྱིན་ཇིའི་སྐད།

original creation by uploader དབྱིན་ཇིའི་སྐད།

ཡིག་ཆའི་ལོ་རྒྱུས།

ཟླ་ཚེས་/དུས་ཚོད་གནུན་ཏེ་རྩོམ་ཡིག་ལ་ལྟ་བ།

ཚེས་གྲངས། / དུས་ཚོད།བསྡུས་དོན།ཚད།སྤྱོད་མི།བསམ་ཚུལ།
ད་ལྟ།༠༦:༢༦, ༣༡ ཟླ་བཅུ་བ། ༢༠༡༠༠༦:༢༦, ༣༡ ཟླ་བཅུ་བ། ༢༠༡༠ བཟོ་བཅོས་བསྡུས་དོན།༨༢༠ × ༧༤༠ (༡༡ KB)RursusTrying again
༠༦:༢༣, ༣༡ ཟླ་བཅུ་བ། ༢༠༡༠༠༦:༢༣, ༣༡ ཟླ་བཅུ་བ། ༢༠༡༠ བཟོ་བཅོས་བསྡུས་དོན།༨༢༠ × ༧༤༠ (༡༡ KB)RursusTrying again
༠༦:༡༡, ༣༡ ཟླ་བཅུ་བ། ༢༠༡༠༠༦:༡༡, ༣༡ ཟླ་བཅུ་བ། ༢༠༡༠ བཟོ་བཅོས་བསྡུས་དོན།༨༢༠ × ༧༤༠ (༡༡ KB)RursusBad SVG(?)
༠༦:༠༥, ༣༡ ཟླ་བཅུ་བ། ༢༠༡༠༠༦:༠༥, ༣༡ ཟླ་བཅུ་བ། ༢༠༡༠ བཟོ་བཅོས་བསྡུས་དོན།༨༢༠ × ༧༤༠ (༩ KB)RursusPrev color "optimization" unpleasant and fuzzying.
༡༧:༡༦, ༡༩ ཟླ་བཅུ་བ། ༢༠༡༠༡༧:༡༦, ༡༩ ཟླ་བཅུ་བ། ༢༠༡༠ བཟོ་བཅོས་བསྡུས་དོན།༨༢༠ × ༧༤༠ (༨ KB)Tom-LRecolored and optimized
༡༨:༠༤, ༢༨ ཟླ་གཉིས་པ། ༢༠༠༧༡༨:༠༤, ༢༨ ཟླ་གཉིས་པ། ༢༠༠༧ བཟོ་བཅོས་བསྡུས་དོན།༨༢༠ × ༧༤༠ (༡༠ KB)Rursus
༡༨:༠༣, ༢༨ ཟླ་གཉིས་པ། ༢༠༠༧༡༨:༠༣, ༢༨ ཟླ་གཉིས་པ། ༢༠༠༧ བཟོ་བཅོས་བསྡུས་དོན།༨༢༠ × ༧༤༠ (༡༠ KB)Rursus
༡༨:༠༡, ༢༨ ཟླ་གཉིས་པ། ༢༠༠༧༡༨:༠༡, ༢༨ ཟླ་གཉིས་པ། ༢༠༠༧ བཟོ་བཅོས་བསྡུས་དོན།༨༢༠ × ༧༤༠ (༩ KB)Rursus
༡༧:༠༠, ༢༨ ཟླ་གཉིས་པ། ༢༠༠༧༡༧:༠༠, ༢༨ ཟླ་གཉིས་པ། ༢༠༠༧ བཟོ་བཅོས་བསྡུས་དོན།༨༢༠ × ༧༤༠ (༩ KB)Rursus
༡༦:༥༨, ༢༨ ཟླ་གཉིས་པ། ༢༠༠༧༡༦:༥༨, ༢༨ ཟླ་གཉིས་པ། ༢༠༠༧ བཟོ་བཅོས་བསྡུས་དོན།༨༢༠ × ༧༤༠ (༩ KB)RursusReplacement for faulty Image:P_space.svg.

Global file usage

The following other wikis use this file:

View more global usage of this file.

རྒྱུ་གཞི་གྲངས།

"https://bo.wikipedia.org/w/index.php?title=File:Q_space.svg&oldid=137324"ལས་སླར་རྙེད་སོང།