Jump to content

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ།

ཡོང་ཁུངས་Wikipedia
སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཞེས་པ་བོད་རང་གི་སྐད་ཡིག་ཉིད་འཆད་ཉན་བྱེད་ཡས་ཀྱི་སྐད་ཡིག་ཏུ་བེད་སྤྱོད་བཏང་སྟེ་བོད་ཀྱི་བཅུ་ཕྲག་རིག་གནས་ཆ་ཚང་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱེད་པའི་སློབ་གྲྭ་ཞིག་ཡིན།

སློབ་གྲྭའི་ཆེད་སྦྱོང་ཁག

[རྩོམ་སྒྲིག]

སློབ་གྲྭ་འདིའི་ཐོག་མའི་ཆེད་སྦྱོང་ལ་གསོ་རིག་ཆེད་སྦྱོང་དང་སྒྲ་རིག་ཆེད་སྦྱོང་། བཟོ་རིག་ཆེད་སྦྱོང་བཅས་གསུམ་ཡོད། དེའི་ཁར་ནང་དོན་ཆེད་སྦྱོང་དང་ཚད་མ་ ཆེད་སྦྱོང་། བོད་རྩིས་ཆེད་སྦྱོང་། ཡུལ་སྐོར་སྣེ་ཤན་ཆེད་སྦྱོང་། དྲུང་ཡིག་ཆེད་སྦྱོང་སོགས་ ཀྱི་འཛིན་གྲྭ་རིམ་པ་མང་པོ་བཙུགས་མྱོང་། ད་ལྟ་ནི་གསོ་རིག་དང་བཟོ་རིག བོད་སྐད་ཡིག་བཅས་ཆེད་སྦྱོང་གསུམ་དུ་བསྡུས་ཡོད། སློབ་ཡུན་ནི་ཐོག་མར་ལོ་བཞི་ ཅན་ཤ་སྟག་ཡིན་མོད་ད་ལྟ་གསོ་རིག་ཆེད་སྦྱོང་གི་སློབ་ཡུན་སྔར་ལྟར་ལོ་བཞི་ཡིན་ པ་ལས་གཞན་རྣམས་ལོ་གསུམ་རེ་ཡིན་ནོ། །

སློབ་གྲྭའི་སློབ་དེབ་གཙོ་བོ་ཁག

[རྩོམ་སྒྲིག]

དག་ཡིག་ངག་སྒྲོན།

༢ འབྲུ་འགྲེལ་འཕྲུལ་ལྡེ།

༣ བློ་གསལ་མགུལ་རྒྱན།

༤ ལྷག་བསམ་སུམ་རྟགས།

༥ སི་ཏུའི་འགྲེལ་ཆེན།

༦ རྒྱལ་རབས་གསལ་མེ།

༧ ཆོས་འབྱུང་འབེལ་གཏམ།

དེབ་ཐེར་དཀར་པོ།

༩ ཤེས་བྱ་ཀུན་ཁྱབ་ཚན་བཏུས།

༡༠ དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

༡༡ དབྱངས་ཅན་སྒྲ་མདོ།

༡༢ འགྲེལ་པ་གསལ་ལྡན།

༡༣ དགེ་རྩེའི་སྒྲ་ཊཱིཀ

༡༤ པད་ཚེའི་སྒྲ་ཊཱིཀ

༡༥ བོད་མཁས་སྙན་འགྲེལ།

༡༥ དབྱངས་ཅན་དགྱེས་གླུ།

༡༦ གཏམ་པདྨའི་ཚལ་གྱི་ཟློས་གར།

༡༧ རིགས་ལྡན་སྙིང་ཐིག

༡༨ ཉིན་བྱེད་སྣང་བ་དང་དེའི་བུ་ཡིག

༡༩ དགེ་རྩེའི་རྩིས་གཞུང་བློ་གསལ་དགྱེས་པའི་དགའ་སྟོན།

༢༠ ཉེར་མཁོའི་བུམ་བཟང་།

༢༡ རྒྱུད་བཞི།

༢༢ ཀོང་སྤྲུལ་ཟིན་ཏིག

༢༣ མི་ཕམ་རྩ་ཆུ་མདོའི་འགྲེལ་པ།

༢༤ དེའུ་དམར་གྱི་མེ་གདམས།

༢༥ རྒྱལ་ཡོངས་གཅིག་གྱུར་གྱི་འབྲིང་རིམ་གསོ་རིག་སློབ་དེབ་ཆ་ཚང་།

༢༦ བྲག་དཀར་བསྡུས་གྲྭ

༢༧ ཚད་མ་རིགས་གཏེར།

༢༨ རྣམ་འགྲེལ་ལེའུ་གཉིས་པ།

༢༩ བློ་རིག་གི་རྣམ་གཞག་ཉེར་མཁོ་ཀུན་འདུས་བློ་གསར་མིག་འབྱེད།

༣༠ རྟགས་རིགས་ཀྱི་རྣམ་གཞག་ཆོས་ཀུན་གསལ་བའི་མེ་ལོང་།

༣༡ ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ།

༣༢ རྒྱལ་སྲས་ལག་ལེན།

༣༣ སྤྱོད་འཇུག

༣༤ མི་ཕམ་མཁས་འཇུག

༣༥ བོད་པ་སྤྲུལ་སྐུའི་ཕར་ཕྱིན།

༣༦ མངོན་པ་ཀུན་བཏུས།

༣༧ མངོན་པ་མཛོད།

༣༨ ངེས་ཤེས་སྒྲོན་མེ།

༣༩ ལྟ་གྲུབ་ཤན་འབྱེད།

༤༠ སྣང་བ་ལྷར་བསྒྲུབ།

༤༡ དབུ་མ་རྒྱན།

༤༢ དབུ་མ་འཇུག་པ།

༤༣ དབུ་མ་རིགས་ཚོགས་ལྔ།

༤༤ ལེགས་རྩོམ་སྙིང་བསྡུས།

༤༥ གཟུར་གནས་དགྱེས་པའི་གཏམ།

༤༦ ཀུན་བཟང་བླ་མའི་ཞལ་ལུང་།

༤༧ གྲུབ་མཐའ་རིན་ཆེན་ཕྲེང་བ།

༤༨ དག་ཡིག་མཁས་པ་དགའ་སྐྱེད།

སློབ་གྲྭའི་གནས་ཡུལ་གྱི་འགྱུར་ལྡོག

[རྩོམ་སྒྲིག]

སློབ་མའིའབྱུང་ཁུངས།

[རྩོམ་སྒྲིག]

སློབ་གྲྭའི་རིམ་པ།

[རྩོམ་སྒྲིག]

སློབ་གྲྭ་འདི་ཐོག་མར་དབུ་བརྙེས་ནས་ད་བར་སི་ཁྲོན་མི་དམངས་སྲིད་གཞུང་གིས་འབྲིང་རིམ་ཆེད་གཉེར་སློབ་གྲྭ་རུ་གཏན་འཁེལ་བྱས་པས་རིམ་པ་ནི་ལས་རིགས་སློབ་གྲྭ་ཁག་དང་འདྲ་བར་འབྲིང་རིམ་རེད། སྤྱི་ལོ༡༩༨༦ ལ་ ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་སྐུ་དངོས་སློབ་གྲྭར་ཞབས་ཀྱིས་བཅགས་པའི་སྐབས་སློབ་གྲྭའི་རིམ་པ་སྤར་ནས་སློབ་གྲྭ་ཆེན་མོ་རུ་བསྒྱུར་ཐུབ་དགོས་ཚུལ་བཀའ་སློབ་བསྩལ་མོད་ད་བར་ལམ་དུ་མ་སོང་། ད་ལྟ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་དང་མཉམ་ལས་ཀྱི་ཐོག་ནས་རང་སྦྱོང་རྒྱུགས་སྤྲོད་ལམ་ལུགས་ཀྱི་སློབ་ཡུན་ལོ་གཉིས་ཅན་གྱི་གཙོ་བོར་ཆེད་སྦྱོང་ཚན་ཁག་༼ ཆེད་ཚན།༽གི་འཛིན་གྲྭ་དང་། ཞོར་དུ་དངོས་གཞི་ཚན་ཁག་༼དངོས་ཚན།༽གི་འཛིན་གྲྭ་གཉེར་བཞིན་པ་རེད།

སློབ་གྲྭའི་ཁྱད་ཆོས།

[རྩོམ་སྒྲིག]

ད་དུང་གཟིགས།

[རྩོམ་སྒྲིག]