Wikipedia:Tutorial/Editing

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།
http://weibo.com/p/1001603770652568986051

མཛའ་ཤིང་བརྩེ་བའི་འཕྲིན་འདིའི་ཀློག་པ་པོ་དང་སློབ་ཆེན་པ་ཁ་པར་རྩོམ་འབྲིའི་མཉེན་ཆས་ཀྱི་དྲྭ་དམངས་རྣམ་པར་ཞུ་རྒྱུར། གུས་པོས་སློབ་ཆེན་པ་ཁ་པར་རྩོམ་འབྲིའི་མཉེན་ཆས་བཟོས་ནས་དུས་ཡུན་རིང་བོ་མ་འགོར་བའི་དེ་རིང་། ཡང་བསྐྱར་ཀུ་ཤུའི་མཉེན་ཆས་ཁྲོམ་ར་ནས་བཤུག་དགོས་པའི་ཡིག་ཟམ་བརྡ་ངན་ཞིག་འབྱོར་སོང་། དེ་ཡང་གནས་ཚུལ་གསལ་བོ་ཞུས་ན་འདི་ལྟར་སྟེ། ༢༠༡༤ལོའི་ཟླ་༤པའི་ཚེས་༡༩ཉིན་མཉེན་ཆས་འདི་དངོས་སུ་དྲྭ་ཐོག་ཏུ་བཀྲམ་པ་དང་། སྐབས་དེར་ཀུ་ཤུ་ཁྲོམ་རའི་ནང་དུ་སློབ་ཆེན་པ་རང་ཤུགས་ཀྱིས་བཙུད་དེ་ཀུ་ཤུ་ཁ་པར་ཐོག་པའི་དྲྭ་དམངས་ཚོའི་གྲལ་ན་བོད་རྩོམ་མཉེན་ཆས་འདི་ཁྱབ་མགོ་བརྩམས་པ་རེད། འོན་ཀྱང་རིང་བོ་མ་འགོར་བའི་ཟླ་དགུ་བའི་ཚེས་༡༥ཉིན་ཀུ་ཤུའི་མཉེན་ཆས་ཁྲོམ་ར་ནས་རིན་མེད་ཞབས་ཞུ་མི་བྱེད་པ་ཁྱབ་བསྒྲགས་བྱས་པ་དང་བསྟུན་ནས། ཀུ་ཤུ་ཁ་པར་གྱི་ནང་དུ་མཉེན་ཆས་འདི་སྒོ་འབྱེད་མི་ཐུབ་པའི་གནད་དོན་བྱུང་བས། ལག་རྩལ་བས་རོགས་རམ་དང་ལྷག་བསམ་ཅན་གྱི་སྐུལ་མའི་འོག་ཟླ་དགུ་བའི་ཚེས་༢༩ཉིན་མཉེན་ཆས་བཀོལ་སྤྱོད་བྱེད་མཁན་མི་གྲངས་མང་པོ་བྱུང་བས་ཀུ་ཤུ་མཉེན་ཆས་ཁྲོམ་རས་སློབ་ཆེན་པ་ཁ་པར་རྩོམ་འབྲིའི་མཉེན་ཆས་ངོས་ལེན་བྱས་པ་དང་སྦྲགས་རྩོམ་པ་པོའི་ཡང་བསྐྱར་དགའ་བསུ་དང་བཅས་ཕབ་ལེན་བྱེད་ཚད་ཆེས་ཆེར་འཕེལ་ཏེ་མི་གྲངས་ཆིག་སྟོང་བཞི་བརྒྱ་ལྷག་༼ཟླ་བཅུ་བའི་ཚེས་༢༨བར༽ལ་བུད་ཡོད་ཅིང་། ཉིན་རེའི་ཆ་སྙོམས་ཕབ་ལེན་བྱེད་ཚད་༣༠དང་། བརྩམས་ཆོས་༢༣༣ལྷག་བཀོད་ཡོད། འོན་ཀྱང་དེ་རིང་ཉེ་སྔོན་གྱི་ལག་རྩལ་པས་ཡིག་ཟམ་ཞིག་བསྐུར་བར་ཀུ་ཤུས་རིན་མེད་ཞུབས་ཞུ་བྱེད་མཚམས་བཞག་པས། སྐུ་ཉིད་ནས་ཨ་སྒོར་༩༩གྲ་སྒྲིག་བྱས་ཏེ་ཀུ་ཤུའི་མཉེན་ཆས་ཁྲོམ་རའི་ཐོག་ཐོ་འགོད་དང་ནང་འཇུག་བྱས་ཏེ་རང་ཉིད་ལ་དབང་བའི་ས་མིག་ཟུངས་ཞེས་པ་རེད། གུས་པོས་ཉེ་སྔོན་སློབ་ཆེན་པའི་མིང་སྤྱད་ནས་སྒོར་གཅིག་གི་ཞལ་འདེབས་བསྡུ་མ་མྱོང་ལ། འགྲོ་སྒོ་ཙག་ཙིག་ཚང་མ་རང་ཉིད་ནས་བཏང་སྟེ་ཁྱབ་བརྡལ་དུ་གཏོང་བ་དང་རྩོམ་འགོད་པའི་དུས་ཚོད་སོགས་བཀོད་སྒྲིགས་བྱས་པ་ཡིན། འོན་ཀྱང་འདི་ལ་སྒོར་སྐར་གང་གི་ཡོང་སྒོ་མེད་ཀྱང་རང་གིས་དགའ་ཕྱོགས་སམ་ཡང་ན་དགེ་ཕྱོགས་ཤིག་འདུག་སྙམ་པའི་བློས་རྒྱུན་བསྲིང་པ་ཡིན། ད་ཐེངས་ཡང་ཀྲུང་སྒོར༩༩ཡིན་ན་རང་ཉིད་ནས་བཏང་ཆོག་མོད། འོན་ཀྱང་ཨ་སྒོར་༩༩༼ཕར་ཆེར་ཀྲུང་སྒོར་༧༠༠ཡས་མས་ཤིག༽ནིི་སློབ་ཆེན་སློབ་མ་ཞིག་ལ་མཚོན་ན་གཞལ་དཀའ་བར་སྣང་ལ། ལྷག་པར་དུ་ང་ལ་མཚོན་སྒོར་དེ་དག་གི་ལྕི་ཚད་ལྟོས་བཅས་ཀྱི་ཆེ་བར་འདུག་ན། སྤྱི་སེམས་དཀར་བའི་ཡུལ་གྱི་སྤྱིན་བདག་རྣམས་པར་འདི་ནས་ཞལ་འདེབས་ཤིག་བསྡུ་དགོས་བྱུང་བས། འཕྲིན་འདི་སློབ་གྲྭའི་སྡོད་ཁང་གི་གྲུ་ཟུར་ཞིག་ནས་བྲིས་པ་ཡིན། ཞལ་འདེབས་ཀྱི་སྒོར་དེ་དག་སློབ་ཆེན་པའི་དཔལ་ཡོན་གྱི་ཆེད་དུ་བཀོལ་རྒྱུ་ཡིན་ལ། ནང་དུ་ལེའུ་ཚན་གསར་སྣོན་དང་ནུས་པ་གསར་བསྒྱུར་བྱས་ན་རིམ་འཕར་བྱེད་དགོས་པ་དང་། རིམ་འཕར་བྱེད་པར་ཀྲུང་སྒོར་༣༠༠རེ་སྤྲོད་དགོས་པ་སོགས་སུ་བཀོལ་རྒྱུ་ཡིན། སློབ་ཆེན་པ་ནི་ཁེ་གཉེར་མ་ཡིན་པའི་རྩོམ་རིག་སྟེགས་བུ་ཞིག་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་རྩོམ་པ་པོ་མང་པོས་རྩོམ་རིག་གི་གཤིན་ས་བཟང་བོ་ཞིག་ཆགས་པར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་སློབ་ཞུགས་བྱེད་ཀྱིན་པའི་མར་དོན་ཁོས་བཟོས་པ་ལགས། ཞལ་འདེབས་གནང་མཁན་གྱི་སྤྱིན་བདག་གི་མིང་དང་སྒོར་གྲངས་སོགས་སློབ་ཆེན་པའི་ནང་དུ་གསལ་བསྒྲགས་བྱེད་པ་དང་། བཀའ་དྲིན་ཞུ་རྒྱུ་ཡིན།

ཞལ་འདེབས་གནང་ས། 

中国农业银行 户名:东戈 账号:622848 1210 7841 06415 支付宝扫描此二维码付款!

ཞལ་འདེབས་ཕུལ་རྗེས་འབྲེལ་བྱེད་ས། མར་དོན་ཁོ། 18893843442