Wikipedia:FAQ Index

ཡོང་ཁུངས་Wikipedia

གསལ་བརྡ། 1.རྩོམ་ཡིག་བསྐྲུན་པའི་སྐབས་སུ་ཁ་བྱང་གི་མཐའ་ལ་ཚེག་བཞག་སྟེ་འཐུས་པར་བྱས་ན་ལེགས་པར་འདོད་དེ། རྩོམ་ཡིག་ཅིག་གི་ནང་གི་ཐ་སྙད་ལ་འགྲེལ་པ་རྒྱག་དུས་ཚིག་གི་མཐའ་ལ་མ་གཏོགས་ཤད་མི་འབྱུང་བས། བར་གྱི་ཐ་སྙད་དེ་ཚོར་སྦྲེལ་དུས་ཚེག་མ་གཏོགས་མེད་པར་བརྟེན། ཐ་སྙད་ཀུན་འཚོལ་བདེ་ཕྱིར་ཚེག་གིས་ཤད་ཀྱི་གོ་ཆོད་པར་བྱས་ན་འགྲིག་སྙམ། ནོར་འཁྲུལ་གྱི་དཔེར་བརྗོད། ལྷ་ས།'ཡང་དག་པའི་དཔེར་བརྗོད། ལྷ་ས་གོང་ལྟར་རྩོམ་ཡིག་བསྐྲུན་པར་སྙིང་ནས་བསྐུལ།

2.རྩོམ་ཡིག་དང་ཡི་གེའི་ནང་བེད་སྤྱོད་པའི་ཨང་གི་ཚང་མ་རྒྱལ་སྤྱིའི་ཨང་ཀི་ཐོག་ནས་བེད་སྤྱད་ན། མིག་སྔར་ལྟ་བདེ་ཞིང་དྲ་ངོས་སྤྱིའི་གྲལ་སྟར་སྒྲིག་པོ་ལའང་ཕན། དཔེར་བརྗོད། ༡༩༨༠ མིན་པར། 1980

དྭོགས་འདྲི། ཐ་སྙད་ཀུན་འཚོལ་བདེ་བའི་ཕྱིར་ཁ་བྱང་གི་མཐའ་ལ་ཚེག་དང་ཤད་གང་ཡང་མ་བཞག་ན་འཐུས་པར་འདོད། གང་ཡིན་ཟེར་ན། རྩོམ་ཡིག་གཅིག་ནང་གི་ཐ་སྙད་ནི་ཚིག་གི་བར་ལ་ཡོད་སྲིད་པ་དང་། མཐའ་ལ་ཡང་ཡོད་སྲིད། མཐའ་ལ་ཡོད་ན་ཤད་༼ང་ཡིག་རྗེས་མཇུག་ཡིན་པ་ལ་ཚེག་ཡོད་པ་ལས༽མ་གཏོགས་ཚེག་མེད་པ་དང་། བར་གྱི་ཐ་སྙད་ལ་ཚེག་མ་གཏོགས་ཤད་མེད། མཐའ་ལ་ཚེག་ཡོད་པའི་ཐ་སྙད་མང་ངེས་པ་ཡིན་རུང་། དེ་གཉིས་ཀ་འཚོལ་བདེ་བའི་ཕྱིར་ཁ་བྱང་ལ་ཚེག་དང་ཤད་གང་ཡང་མ་བཞག་ན་འགྲིག་པར་འདོད། གུས་པ་ནི་ཕུར་བུ་ཝེ་ཁེ་རིག་མཛོད་ལ་དོ་སྣང་ཆེན་པོ་ཡོད་མཁན་ཅིག་ཡིན་ཀྱང་། བར་སྐབས་ཤིག་ལ་ཚེག་དང་ཤད་འཇོག་སྟངས་འདི་ལ་མགོ་འཐུམ་སོང་། གོང་གི་དོན་ནི་ང་རང་གི་བསམ་ཚུལ་དྲང་མོར་བརྗོད་པ་ཅིག་ཡིན། ཁྱེད་རྣམས་པས་རྒྱུ་མཚན་འདུག་བསམ་ན་ལེན་རོགས་ཞུ།

"https://bo.wikipedia.org/w/index.php?title=Wikipedia:FAQ_Index&oldid=127839"ལས་སླར་རྙེད་སོང།