Jump to content

Wikipedia:བཀོད་འདོམས་པར་རེ་ཞུ/Past requests

ཡོང་ཁུངས་Wikipedia

The latest messages/requests are at the top.

ཝེ་ཁེ་རིག་མཛོད་ཀྱི་མ་འོངས་པའི་ལས་འགུལ་དང་ཡར་རྒྱས་སུ་གལ་ཆེན་པོའི་དུས་སྐབས་འདིར། ངས་རྒྱལ་མཚན་དར་རྒྱས་(Pecha-G.Dhargyal) ལགས་བཀོད་འདོམས་པའི་གནས་ལ་འོས་འདེམས་ཞུ་རྒྱུར་རྒྱབ་སྐྱོར་ཞུ་འདོད། ཁོང་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་སྦྱང་པ་ཆེན་པོ་ཡོད་པ་མ་ཟད། དེང་རབས་ཀྱི་ཤེས་བྱ་ལ་མཁས་ཞིང་ལྷག་པར་དུ་དེང་དུས་ཀྱི་གློག་ཀླད་ལམ་ལུགས་ཀྱི་བཀོལ་སྤྱོད་དང་། ཚོགས་པའི་མཉམ་རུབ་ལས་འགུལ་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་ཡག་པོ་གནང་ཐུབ་པའི་ཡིད་ཆེས་ཡོད་ལ་ཁོང་ལ་ཝེ་ཁེ་ཁོར་ཡུག་ནང་རྩོམ་འབྲི་དང་མཐུན་རྐྱེན་སྒྲིག་སྦྱོར་གྱི་ཉམས་མྱོང་ཡག་པོ་ཡོད། ཁོང་གིས་ཝེ་ཁེའི་ཁྲིམས་སྒྲིག་དང་མཐུན་པའི་སྒོ་ནས་ལས་དོན་ཚང་མ་ཡིད་ཆེས་ཡོད་པའི་ཚུལ་དུ་སྒྲུབ་ཐུབ་པར་ཡིད་ཆེས་ཡོད།Pecha-Tsewang (talk)Pecha-Tsewang (talk) ༠༩:༣༥, ༤ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]

རྒྱལ་མཚན་དར་རྒྱས་མཆོག་ནི་གནའ་དེང་གི་ཤེས་བྱ་མཁྱེན་རྒྱ་ཡོད་པ་དང་རང་གི་རིག་གཞུང་ལ་དུང་ཞེན་ཟབ་མོ་ཡོད་པའི་མི་ཞིག་ཡིན་པས་ལས་རིགས་འདི་ལྟ་བུར་རྒྱུན་སྐྱོང་སྤེལ་གསུམ་བྱེད་པར་ཧ་ཅང་ཕན་ཐོགས་ཡོད་པར་མཐོང་ནས་རྒྱབ་སྐྱོར་ཞུས་པ་ཡིན། ~2025-34848-65 (talk) ༠༥:༢༧, ༢༠ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]

འདེམས་ཐོན་ངོས་ལེན། Nomination Acceptance

འདིར་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པའི་འོས་མིའི་ནང་གུས་པའི་མིང་འོས་སྦྱོར་བྱས་པར་དགའ་པོ་བྱུང་། འོས་སྦྱོར་བྱེད་མཁན་དང་རྒྱབ་སྐྱོར་བྱེད་མཁན་ཚང་མར་བཀའ་དྲིན་ཆེ་ཞུ་བ་དང་ལྷན་གུས་པས་རེ་ཞུ་འདི་དང་ལེན་བྱེད་ཀྱི་ཡོད། གུས་པ་རིག་མཛོད་བཀོད་འདོམས་པའི་གྲལ་དུ་འོས་འདེམས་བྱུང་ན་རང་ཉིད་ཀྱིས་བོད་ཀྱི་ཝེ་ཁེ་རིག་མཛོད་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་ཞབས་འདེགས་ཞུ་རྒྱུའི་ཆོད་སེམས་གཙང་མ་ཡོད། Pecha-G.Dhargyal (talk) ༡༢:༠༡, ༠༩ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]

རྒྱབ་སྐྱོར། Support

  1. ཕྲན་གྱིས་Pecha-G.Dhargyalཁོང་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་གདམ་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཁོང་གིས་བོད་ཀྱི་བཤད་གྲྭ་ཆེན་པོ་ཞིག་ཏུ ༡ ནང་ཆོས་དང ༢ བོད་ཡིག་སོགས་སློབ་གཉེར་ལེགས་པར་གནང་བ་དང་། དེ་གར་བཤད་གྲྭ་རུ ༣ གློག་ཀླད་དང་འབྲེལ་བའི་རྩོམ་སྒྲིག་སོགས་ཀྱི་ལས་ཀ་སྣ་ཚོགས་བསྒྲུབས་ཡོད་ཙང་། ཁོང་གི་ཤེས་ཚད་དང་ཉམས་མྱོང་། ད་དུང་ཁོང་གི་ཆོད་སེམས་གཙང་མ་བཅས་ལ་བལྟས་ན། ཁོང་ནི་ཐེངས་འདིའི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་ཧ་ཅང་འོས་མཚམས་རེད་ལ། དེ་བཞིན་ཁོང་བཀོད་འདོམས་པར་གདམ་རྒྱུར་རྒྱབ་སྐྱོར་དང་རེ་བོ་ཆེན་པོ་བྱེད་ཀྱིན་ཡོད། Pecha-pema (talk) ༡༦:༠༢, ༡༨ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]
  2. ངས་Pecha-G.Dhargyal མཆོག་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་ཁོང་ཉིད་འདེམས་རོགས་ཞུ་འདོད་བྱུང་། ཁོང་ནི་བོད་ཀྱི་གནའ་དཔེ་དང་གསུང་རབ་ཕབ་ལེན་གྱི་ལས་དོན་ལ་བརྩོན་འགྲུས་ཆེན་པོ་གནང་བ་མཐོང་གི་འདུག ལྷག་པར་དུ་ཁོང་གིས་བོད་པའི་ཆོས་དང་རིག་གནས་ཀྱི་ཤེས་བྱ་དྲ་ཚིགས་སུ་ཉར་ཚགས་གནང་བ་དེས་ཤེས་རིག་སྲུང་སྐྱོབ་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། ཁོང་གིས་ཝེ་ཁེ་རིག་མཛོད་ཀྱི་སྒྲིག་གཞི་ལ་བརྩི་མཐོང་གནང་བ་དང་མཐུན་ཚོགས་ཀྱི་དམིགས་ཡུལ་ལ་འགན་འཁུར་ཟབ་མོ་ལྡན་པས། ངས་སེམས་ཁུར་ཆེན་པོས་ཁོང་ལ་རྒྱབ་སྐྱོར་ཞུ་གི་ཡོད། ཐུགས་རྗེ་ཆེ། Pecha-Alalamo (talk) ༡༣:༣༣, ༡༩ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]
  3. ངས་Pecha-G.Dhargyal ཁོང་ནི་བོད་ཀྱི་གནའ་དེང་གི་རིག་གཞུང་ལ་སློབ་སྦྱོང་བྱས་མྱོང་མཁན་གྱི་དགེ་འདུན་པ་ཞིག་ཡིན་པས་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་གདམ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཁོང་ཉིད་ལྟ་བུ་ཝེ་ཁེ་བཀོད་འདོམས་པར་གདམས་པ་ཡིན་ན་ཝེ་ཁེ་རིག་མཛོད་སྤྱི་དང་ལྷག་པར་བོད་སྐད་ཡིག་གི་རྩོམ་སྒྲིག་གི་སྤུས་ཚད་མཐོ་རུ་གཏོང་བ་དང། ཝེ་ཁེ་དྲ་བའི་ཆེས་མཐོ་བའི་དམིགས་ཡུལ་ལེགས་པར་འགྲུབ་པར་ཡང་རོགས་འདེགས་བླ་མེད་འདོན་ཐུབ་པ་བསྙོན་དུ་མེད་པས་གུས་པས་ཁོང་ཉིད་གདམ་པར་རེ་འདུན་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད།Rekong Rabten (talk) ༠༧:༠༦, ༢༠ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]
  4. གུས་མོས་Pecha-G.Dhargyal མཆོག་ནི་བོད་ཀྱི་རིག་གཞུང་དང་བོད་ཀྱི་སྐད་ཡིག་དང་ལེགས་བྱང་ལ་དུང་བའི་བཤད་གྲྭ་ཆེན་མོ་ཞིག་གི་དགེ་འདུན་པ་ཞིག་ཡིན་པས་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་གདམ་རྒྱུར་རེ་ཞུ་དང་རྒྱབ་སྐྱོར་སྙིང་ནས་ཞུ་བཞིན་ཡོད། ཁོང་ལྟ་བུ་ཤེས་འཇོན་གཉིས་ལྡན་གྱི་མི་བུ་ཞིག་བཀོད་འདོམས་པར་བདམས་པ་ཡིན་ན་མ་འོངས་པའི་ཝེ་ཁེ་རིག་མཛོད་ཀྱི་ལས་འཆར་དང་། ལྷག་པར་དུ་བོད་ཀྱི་ཝེ་ཁེ་རྩོམ་སྒྲིག་གི་བྱང་ཚད་མཐོར་འདེགས་སོགས་ལའང་རོགས་ནུས་ཀྱི་ཕན་ཐོགས་ཆེན་པོ་ཡོད་པས་ཁྱེད་ཅག་གིས་ཀྱང་དཀྱེལ་ཡངས་ཀྱི་བསམ་བློས་ཁོང་ཉིད་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་བདམས་པར་ཞུ་ཞེས་ཞུ་འདོད་བྱུང་། ཐུགས་རྗེ་ཆེ། Kalsumsingmo (talk) ༠༧:༣༩, ༢༠ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]
  5. ཕྲན་གྱིས་ Pecha-G.Dhargyal ལགས་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་འོས་འདེམས་ཞུ་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཁོང་ནི་བོད་ཀྱི་བཤད་གྲྭ་ཆེན་པོར་ནང་ཆོས་དང་རིག་གནས་ལ་སློབ་གཉེར་གཏིང་ཟབ་གནང་མཁན་ཞིག་ཡིན་པ་མ་ཟད། གློག་ཀླད་རྩོམ་སྒྲིག་གི་ལག་རྩལ་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། སྲོལ་རྒྱུན་གྱི་ཤེས་ཡོན་དང་དེང་རབས་ཀྱི་ལག་རྩལ་ཟུང་འབྲེལ་ཡོད་པའི་མི་སྣ་འདི་འདྲ་ནི་ཝེ་ཁེ་རིག་མཛོད་ལ་མཁོ་གལ་ཆེ་བས། ཁོང་གི་ལྷག་བསམ་དང་ཆོད་སེམས་ལ་ཡིད་ཆེས་ཀྱིས་རྒྱབ་སྐྱོར་ཞུ་བཞིན་ཡོད། ཐུགས་རྗེ་ཆེ།Ten Jampa Gonpo (talk) ༠༥:༠༥, ༢༢ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]
  6. ངས་ Pecha-G.Dhargyal ཁོང་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་འོས་འདེམས་བྱེད་རྒྱུ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད། ཁོང་ནི་བོད་ཀྱི་གནའ་དེང་རིག་གནས་སྤྱི་ལ་མཁས་ཤིང་སྦྱངས་བ་ལྡན་པ་མ་ཟད། ལྷག་དོན་བོད་ཀྱི་ནང་བསྟན་རིག་གནས་ལ་སྦྱངས་བ་གཏིང་ཟབ་ཅིང་ཤེས་རྒྱ་ཕུན་སུམ་ཚོགས་པར་མངའ། གློག་ཀླད་སོགས་དྲ་རྒྱའི་ལས་རིགས་ལ་བྱེད་མི་ཤེས་པའི་ཆ་སྣེ་ཙམ་ཡང་མེད། ཁོང་གིས་ལས་དོན་ཆེ་འབྲེང་ཆུང་གསུམ་ཅི་འདྲ་ཞིག་སྒྲུབ་ནས་གསོ་ཟོལ་གྱི་དྲི་ཙམ་ཡང་མེད་པར་ལྷག་བསམ་རྣམ་པར་དག་པའི་ཐོག་ནས་སྒྲུབ་མཁན་གྱི་མི་སྣ་གལ་ཆེན་ཞིག་ཡིན། Tsethar Dolma (talk) ༡༢:༤༦, ༢༢ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]
  7. ཕྲན་གྱིས་Pecha-G.Dhargyalཁོང་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་གདམ་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཁོང་གིས་བོད་ཀྱི་བཤད་གྲྭ་ཆེན་པོ་ཞིག་ཏུ ༡ ནང་ཆོས་དང ༢ བོད་ཡིག་སོགས་སློབ་གཉེར་ལེགས་པར་གནང་བ་དང་། དེ་གར་བཤད་གྲྭ་རུ ༣ གློག་ཀླད་དང་འབྲེལ་བའི་རྩོམ་སྒྲིག་སོགས་ཀྱི་ལས་ཀ་སྣ་ཚོགས་བསྒྲུབས་ཡོད་ཙང་། ཁོང་གི་ཤེས་ཚད་དང་ཉམས་མྱོང་། ད་དུང་ཁོང་གི་ཆོད་སེམས་གཙང་མ་བཅས་ལ་བལྟས་ན། ཁོང་ནི་ཐེངས་འདིའི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་ཧ་ཅང་འོས་མཚམས་རེད་ལ། དེ་བཞིན་ཁོང་བཀོད་འདོམས་པར་གདམ་རྒྱུར་རྒྱབ་སྐྱོར་དང་རེ་བོ་ཆེན་པོ་བྱེད་ཀྱིན་ཡོད། Pecha-Choedup (talk) ༡༣:༠༠, ༢༢ ཟླ་བཅུ་གཅིག་པ། ༢༠༢༥ (UTC)[reply]

འགག་པ། Oppose

དཔྱད་བརྗོད། Comments

ངས་Kaldan007ལགས་བོད་ཀྱི་ཝེ་ཁེ་རིག་འཛིན་སྐྱོང་བཀོད་འདོམས་པ་འདེམས་རྒྱུའི་རེ་ཞུ་འདོན་བཞིན་ཡོད། ཁོང་གིས་སྐད་ཡིག་གི་ཤེས་ཚད་དང་། བོད་ཀྱི་རིག་གཞུང་ཤེས་ཚད། ལྷག་པར་དུ་འཕྲུལ་རིག་ལག་ལེན་ཐོག་ལ་བྱང་ཆ་ལྡན་པ་ཞིག་ཡོད་པར་མ་ཟད། ལོ་མང་རིང་ལ་འཕྲུལ་རིག་ཐོག་ལ་བོད་ཀྱི་ཆོས་རིག་དང་འབྲེལ་བའི་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཞིག་ཡོད། དེ་བཞིན་ཁོང་གིས་དང་ལངས་ཐོག་ནས་བོད་ཀྱི་ཆོས་རིགས་ལ་ཕན་པའི་འཕྲུལ་རིག་ཐོག་ལ་བྱ་བ་མང་པོ་ཞིག་བརྩམས་མྱོང་ཡོད། དེ་བས་ན་ངས་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པ་Kaldan007ནི་འོས་ཤིང་འཚམས་པ་ཞིག་མཐོང་། གལ་སྲིད་ཁོང་གིས་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པ་རེ་ཞུ་འདི་ཁས་ལེན་བྱས་ཚེ། བོད་ཀྱི་ཝེ་ཁེ་རྩོམ་སྒྲིག་བྱེད་ཕྱོགས་སྔར་ལས་ཡར་རྒྱས་ཆེན་པོ་ཞིག་འགྲོ་ཐུབ་པ་ང་ལ་ཡིད་ཆེས་ཡོད་ཅིང་། ད་ལྟའི་སྐབས་དོན་གྱི་བོད་ཀྱི་ཝེ་ཁེ་རྩོམ་སྒྲིག་གི་བྱེད་ཕྱོགས་ཀྱི་དཀའ་གནད་མང་པོ་ཞིག་སེལ་ཐུབ་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། དཔེར་ན། ཝེ་ཁེ་རིག་མཛོད་ཀྱི་ཡན་ལག་གཞན་དང་གཞན་གྱི་འབྲེལ་ལམ་ཡར་རྒྱས། བོད་རང་གི་རིག་གཞུང་གི་ཁྱད་ཆོས་མངོན་པའི་རྒྱུ་ཆ་གང་མང་ཐོག་སྤེལ་ཐུབ་པ་མ་ཟད། བོད་ཀྱི་ཆོས་རིག་དང་འབྲེལ་བའི་ཝེ་ཁེ་རྩོམ་སྒྲིག་ལ་ཡར་རྒྱས་སྔར་ལས་འགྲོ་བ་ང་ལ་ཡིད་ཆེས་ཡོད། Kaldan007ཁོང་གིས་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པའི་རེ་ཞུ་ལ་ངོས་ལེན་བྱེད་ཚེ། ངའི་རེ་བ་ལ་བོད་ཀྱི་ཝེ་ཁེ་རིག་མཛོད་དང་འབྲེལ་བའི་གྲོགས་པོ་གྲོགས་མོ་ཚོས་ཀྱང་Kaldan007ལ་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པ་འདེམས་པའི་རེ་སྨོན་ཡང་ཞུ་བཞིན་ཡོད། Pecha-Gade (talk) ༠༥:༥༣, ༨ ཟླ་བརྒྱད་པ། ༢༠༢༥ (UTC)[reply]

འདེམས་ཐོན་ངོས་ལེན། Nomination Acceptance

ཁྱེད་རྣམ་པས་ངའི་མིང་བཀོད་འདོམས་པའི་འོས་མིར་བཀོད་པ་དང་རྒྱབ་སྐྱོར་གནང་བ་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་འགན་འཁུར་ཆེན་པོའི་སྒོ་ནས་འོས་སྦྱོར་འདི་དང་ལེན་བྱེད་ཀྱི་ཡོད། མ་འོངས་པར་ངས་ཝེ་ཁེ་རིག་མཛོད་བོད་ཡིག་གི་ནང་དོན་སྤུས་ཚད་གོང་མཐོར་གཏོང་བ་དང་། ལས་གྲོགས་ཚང་མར་མཐུན་སྒྲིལ་གྱི་ཁོར་ཡུག་ཞིག་སྐྲུན་པར་འབད་བརྩོན་བྱ་རྒྱུ་ཡིན།Kaldan007(talk)

རྒྱབ་སྐྱོར། Support

  1. ངས་Kaldan007བོད་ཀྱི་ཝེ་ཁེ་རིག་འཛིན་སྐྱོང་བཀོད་འདོམས་པར་འདེམས་རྒྱུའི་རེ་སྐུལ་ཞུ་འདོད་བྱུང་། རྒྱུ་མཚན། ཁོང་ནི་བོད་ཀྱི་སྐད་ཡིག་དང་ཐ་སྙད་རིག་གནས་ལ་སྦྱང་བ་ཟབ་ཅིང་། ནང་དོན་རིག་པར་ཡང་ཐོས་བསམ་གྱི་མཁྱེན་རྒྱ་ཡངས་ཤིང་དེང་རབས་རྩིས་འཕྲུལ་ལས་རིགས་ལ་ལོ་མང་གི་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན། ལྷག་པར་ལོ་མང་རིང་བོད་ཀྱི་ཆོས་དང་རིག་གཞུང་ལ་ཞབས་འདེགས་བསྒྲུབས་པའི་མྱོང་དང་ལྷག་བསམ་ལྡན་ཞིང་ལས་ལ་བརྩོན་མཁན་ཞིག་ཏུ་རྟོགས་པས། ངས་Kaldan007ལགས་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་ཕྱོགས་ཡོངས་ཀྱི་ཆ་རྐྱེན་ལྡན་པ་ཞིག་ཏུ་མཐོང་། དེས་ན་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་ངོས་ལེན་ཞུས་ཏེ། བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཡར་རྒྱས་སུ་གཏོང་བའི་མཐུན་རྐྱེན་བླ་མེད་མཛད་རོགས སླད་མར་བོད་ཀྱི་ཝེ་ཁེ་རིག་མཛོད་བེད་སྤྱོད་གཏོང་བཞིན་པའི་དྲ་གྲོགས་ཡོངས་ཀྱི་Kaldan007ལགས་ལ་རྒྱབ་སྐྱོར་གནང་རོགས་ཞེས་རེ་སྐུལ་སྙིང་ནས་ཞུ།Jamthup23 (talk) ༠༩:༠༦, ༢༠ ཟླ་བརྒྱད་པ། ༢༠༢༥ (UTC)[reply]
  2. སྐལ་ལྡན་ལགས་སུ་བོད་ཡིག་ཝི་ཀི་རིག་མཛོད་ཀྱི་བཀོད་འདོམས་པར་བསྐོ་བཞག་ཡོང་བར་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ད་ལྟའི་ཆར་བོད་ཡིག་ཝི་ཀི་རིག་མཛོད་ཐོག་གཙང་བཟོ་དགོས་པ་ལ་སོགས་ཚད་ལྡན་མིན་པའི་རྩོམ་རིགས་མང་དག་ཅིག་ཡོད་པས་དེས་མཚོན་པའི་ལས་གཞི་སྒྲུབ་པར་བོད་རིགས་སམ་བོད་ཀྱི་སྐད་ཡིག་གི་ཤེས་ཚད་ལྡན་པའི་བཀོད་འདོམས་པ་མི་ཉུང་བ་ཞིག་དགོས་ངེས་ཀྱི་དུས་སུ་མཆིས། ཕྲན་རང་ཉིད་བཀོད་འདོམས་པ་ཞིག་ཡིན་ཡང་། ཟླ་གསུམ་གྱི་དུས་ཡུན་འཕྲལ་སེལ་ཙམ་ཡིན་པ་དང་། གང་ལྟར་ལས་གཞི་དེ་དག་མི་གཅིག་ལག་གཅིག་གིས་སྦྲུབ་ཐུབ་ཐབས་དཀའ་བས་ཁོང་གང་མགྱོགས་བཀོད་འདོམས་པར་བསྐོ་བའི་རེ་སྨོན་ཞུ། Pecha-Tsewang (talk) ༠༥:༣༩, ༤ ཟླ་དགུ་བ། ༢༠༢༥ (UTC)[reply]

འགག་པ། Oppose

དཔྱད་བརྗོད། Comments

ངས་ manjushrimitra མཆོག་བོད་ཀྱི་ཝེ་ཁེ་རིག་འཛིན་སྐྱོང་བཀོད་འདོམས་པ་འདེམས་རྒྱུའི་རེ་འདུན་ཞུ་བཞིན་ཡོད། རྒན་ཁོང་ནི་བོད་བརྒྱུད་ནང་བསྟན་གྱི་རྩོམ་རིག་དང་། གསོ་རིག སྐར་རྩིས་བཅས་ལ་མཁས་པའི་མི་དམིགས་བསལ་བ་ཞིག་ཡིན། ཁོང་གིས་བོད་སྐད། དབྱིན་སྐད། ཧྥ་རན་སི་སྐད་བཅས་སྐད་ཡིག་གསུམ་ལ་ནུས་པ་མངའ་བས། རིག་གཞུང་མི་འདྲ་བ་གསུམ་གྱི་སྙིང་པོ་མཉམ་སྤུངས་བྱས་ཏེ་ལེགས་ཆ་གཅིག་བསྡུས་བྱེད་ཐུབ་མཁན་གྱི་མི་བུ་དམིགས་བསལ་བ་ཞིག་ཡིན། ལྷག་པར་དུ་ཁོང་ནི་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་སྤྱི་པའི་ལས་དོན་ལ་འགན་འཁྲིའི་འདུ་ཤེས་ཟབ་མོ་ལྡན་ཞིང་། ཚོགས་པ་སྒྲིག་འཛུགས་ཀྱི་སྒྲིག་གཞི་ཁག་ལ་བརྩི་སྲུང་ནན་པོ་བྱེད་པ། ལས་དོན་གང་ལ་ཡང་ཉམས་མྱོང་གིས་ཕྱུག་ཅིང་སྣེ་ཁྲིད་ཀྱི་ནུས་པ་ཕུལ་དུ་བྱུང་བ། བོད་ཀྱི་གནའ་དེང་རིག་གནས་གཉིས་ཀར་མཁྱེན་རྒྱ་ཡངས་པ། གནད་དོན་ལ་དབྱེ་ཞིབ་ཀྱི་རྣམ་དཔྱོད་ལྡན་པ། བསམ་ཚུལ་མཉམ་སྤུངས་ཀྱིས་དཀའ་ངལ་སེལ་བའི་ནུས་རྩལ་མངའ་བ། རྩོམ་སྒྲིག་གི་ལས་དོན་ལ་ཉམས་མྱོང་ཕུན་སུམ་ཚོགས་པ། དེང་རབས་ཚན་རྩལ་ལ་དགའ་མོས་བྱེད་པ། དྲང་བདེན་དང་ཕྱོགས་ལྷུང་མེད་པར་རིག་པའི་གནས་ལ་འཇུག་པའི་སྤོབས་པ་ཡོད་པ་བཅས་ཀྱི་ཁྱད་ཆོས་མངའ། ཁོང་གི་རིག་གཞུང་སྣ་མང་གི་ཤེས་ཚད་དང་། འགན་འཁྲིའི་བྱ་སྤྱོད། སྣེ་ཁྲིད་ཀྱི་ནུས་རྩལ། དེ་བཞིན་རིག་གནས་དང་འཕྲུལ་ཆས་ཀྱི་ལག་རྩལ་གང་ལ་ཡང་བྱང་ཆ་ལྡན་པ། ལས་འཆར་དམིགས་འདོན་དང་གནད་དོན་ཐག་གཅོད་ཀྱི་ཉམས་མྱོང་མངའ་བབཅས་ཀྱི་ཡོན་ཏན་རྣམས་ལ་བལྟས་པའི་ཚེ། ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་བསྐོ་བཞག་གནང་བ་ཡིན་ན། ཝེ་ཁེ་རིག་མཛོད་ཀྱི་བོད་སྐད་ཡིག་གི་སྟོང་ཆ་ལེགས་པར་བསྐངས་ཏེ་བོད་ཀྱི་སྐད་དང་རིག་གཞུང་ལ་སློབ་སྦྱོང་བྱེད་མཁན་རྣམས་ལ་མཐུན་རྐྱེན་རྒྱ་ཆེར་བསྐྲུན་ཅིང་ཝེ་ཁེ་རིག་མཛོད་ཀྱི་མཉམ་སྤྱོད་ཀྱི་གྲངས་འབོར་ཡང་མང་དུ་འགྲོ་བ་སོགས་ཝེ་ཁེ་རིག་མཛོད་ཀྱི་ཆེས་མཐོ་བའི་དམིགས་ཡུལ་ལེགས་འགྲུབ་ཡོང་བར་ནུས་པ་བླ་མེད་འདོན་ཐུབ་པའི་ཡིད་ཆེས་ལྡན་ལ། དུས་རབས་ཀྱི་དགོས་མཁོ་དང་མཐུན་པའི་རིག་མཛོད་ཀྱི་གསར་གཏོད་དང་འཕེལ་རྒྱས་ལའང་ཁོང་གིས་ཕན་ཚུན་མཐུན་འགྱུར་གྱི་སྒོ་ནས་བླ་མེད་ཀྱི་མཐུན་རྐྱེན་སྤྲོད་ཐུབ་པར་བརྟེན། ཚོགས་པ་ཡོངས་ཀྱི་རྒྱབ་སྐྱོར་མཐའ་གཅིག་ཐོབ་དགོས་པའི་རེ་དང་བཅས་ཁོང་ཉིད་འདེམས་པར་མཁྱེན་ཞེས་ཞུ་འདོད་བྱུང་།Rekong Rabten (talk) ༡༡:༢༦, ༩ ཟླ་བརྒྱད་པ། ༢༠༢༥ (UTC)[reply]

འདེམས་ཐོན་ངོས་ལེན། Nomination Acceptance

Replace with acceptance text

རྒྱབ་སྐྱོར། Support

  1. ངས་ manjushrimitra ལགས་བོད་ཀྱི་ཝེ་ཁེ་རིག་མཛོད་(wikipedia)འཛིན་སྐྱོང་བཀོད་འདོམས་པ་འདེམས་རྒྱུའི་རེ་འདུན་ཞུ་བཞིན་ཡོད། ཁོང་ནི་བོད་དབྱིན་སྐད་ཡིག་གཉིས་ལ་བྱང་ཆུབ་པ། རྩོམ་སྒྲིག་གི་ལས་དོན་ལ་ཉམས་མྱོང་ཕུན་སུམ་ཚོགས་པས་ཝེ་ཁེ་རིག་མཛོད་(wikipedia)མ་ལག་དང་འབྲེལ་བའི་རྩོམ་སྒྲིག་གི་ལས་དོན་ཐོག་སྔར་ལས་ཕན་ཐོག་ཆེ་བ་དང་ཡར་རྒྱུས་ལ་འགྲོ་བ་ང་རང་ཡིད་ཆེས་ཆེན་པོ་ཡོད། མ་ཟད་ཁོང་ཉིད་བོད་ཡིག་ཝེ་ཁེ་རིག་མཛོད་(wikipedia)ཀྱི་བཀོད་འདོམས་པར་བསྐོ་བཞག་བྱུང་ཚེ། ཝེ་ཁེ་རིག་མཛོད་ཀྱི་བོད་ཡིག་གི་སྤུས་ཚད་མཐོ་རུ་འགྲོ་བ་དང་བལྟ་ཀློག་བྱེ་མཁན་གྱི་གྲངས་ཚད་མང་དུ་འགྲོ་བ། བོད་ཀྱི་ནང་བསྟན་རིག་གཞུང་དང་བོད་སྐད་ཡིག་ལ་སློབ་སྦྱོང་བྱེད་མཁན་རྣམས་ལ་ཕན་རླབས་ཆེན་པོ་འབྱུང་བ་གདོན་མི་ཟ་བས། ང་རང་གི་ངོས་ནས་རྒན་ཁོང་་ཝེ་ཁེ་རིག་མཛོད་འཛིན་སྐྱོང་ལ་འདེམས་པར་རྒྱབ་སྐྱོར་གཙང་མ་བྱེད་ཀྱི་ཡོད། -སྤྲིན་དཀར། (talk) ༠༤:༠༤, ༡༩ ཟླ་བརྒྱད་པ། ༢༠༢༥ (UTC)[reply]
  2. ངག་དབང་འཕྲིན་ལས་ manjushrimitra ནི་ང་ལ་རྒྱུས་མེད་ཁྲོད་ཀྱི་རྒྱུས་ཡོད་ཀྱི་གྲོགས་པོ་ཞིག་ཡིན། དེ་ལྟར་བཤད་དོན་ནི་སྒེར་ངོས་ནས་ངོ་ཤེས་པ་དེ་འདྲ་གང་ཡང་མིན་མོད། ཚོགས་འདུ་འགའ་དང་ཁོང་ལ་རྒྱུས་ཡོད་ཀྱི་མི་དག་གི་ཁྲོད་ནས་ངོ་ཤེས་ཤིང་སེམས་ཐག་ཉེ་བའི་གྲོགས་པོ་ཞིག་ཏུ་ལྟ་བཞིན་ཡོད། ཁོང་ནི་སྐད་རིགས་མི་འདྲ་བ་དུ་མ་ལ་མཁས་པ་ཙམ་མ་ཟད་བོད་ཀྱི་ཆོས་དང་རིག་གཞུང་ལ་རྒྱུས་མངའ་དང་ཡུན་རིང་པོ་འགྲོགས་ཡོང་བའི་ཕྱི་རྒྱལ་བ་ཞིག་ཡིན་ཡང་། བོད་ཀྱི་སྐད་རིག་ལ་བོད་པ་ནང་བཞིན་གྱི་བྱང་ཆ་དང་དགའ་གུས་ཡོད་པ་མ་ཟད་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སྤྱི་ཚོགས་ཞབས་འདེགས་ཀྱི་ལས་ཀ་འདྲ་མིན་གྱི་འགན་ཁུར་མྱོང་བས་བོད་ལ་བཀའ་དྲིན་ཆེ་བའི་མི་ཞིག་ཡིན། ཁོང་ནི་བོད་ཀྱི་གཞོན་རབས་ཁྲོད་ནས་ཀྱང་མིག་དཔེར་བླངས་ཏེ་སློབ་སྦྱོང་དང་དཔུང་པ་མཉམ་འདེགས་ཀྱིས་ལས་དོན་བསྒྲུབ་རྒྱུ་ཧ་ཅང་གལ་ཆེན་པོ་གྱུར་ཡོད། བོད་ཀྱི་རིག་གཞུང་ནི་གནའ་བོའི་དཔལ་ཡོན་རྙིང་བ་ཡིན་པས་དུས་རབས་ཀྱི་འགྱུར་མཚམས་ཁྲོད་ནས་འཕེལ་རྒྱས་ཀྱི་སྟོང་ཆ་ལྷག་ཡོད་པ་དཔེར་ན་དེང་རབས་ཀྱི་འཕྲུལ་རིག་དང་མིས་བཟོས་རིག་ནུས་ལ་སོགས་པའི་ཁྲོད་བསྙེགས་དང་སྙེག་བཞིན་པ་ཡིན་ན་ཡང་། ད་དུང་ཕྱོགས་གང་ཐད་ནས་མི་འདང་བའི་ཆ་མང་བོ་ཞིག་ཡོད་པས་དེང་རབས་ཀྱི་ཤེས་ཡོན་དང་སྐད་རིགས་ལ་མཁས་པའི་ངག་དབང་འཕྲིན་ལས་ལྟ་བུ་ནི་ལས་དོན་འདི་བཞིན་གཉེར་བ་ལ་བོད་ཀྱི་རིག་གཞུང་དང་མི་མང་གང་ཡང་མཚོན་ན་ཧ་ཅང་གལ་ཆེན་གནད་འགག་ཅན་གྱི་མི་སྣ་ཞིག་ཆགས་ཡོད་ལ། ཁོང་ནི་བོད་ཀྱི་རིག་གཞུང་ལ་རྒྱུས་མངའ་དང་ལྷག་བསམ་ལྡན་པས་ཁོང་ཉིད་ཝེ་ཁེ་རག་མཛོད་ཀྱི་བོད་ཡིག་རྩོམ་སྒྲིག་པའི་བཀོད་འདོམས་པར་བདམས་པ་ཡིན་ན་བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་སློབ་སྦྱོང་བྱེད་མཁན་ཚོ་ཕན་རླབས་ཆེ་ཞིང་ཝེ་ཁེ་རིག་མཛོད་ཀྱི་དམིགས་ཡུལ་ལེགས་འགྲུབ་ཡིང་བར་གཞན་དང་མ་འདྲ་བའི་ནུས་པ་འདོན་ཐུབ་པ་གདོན་མི་ཟ་བས་ངས་ཁོང་ཉིད་ཝེ་ཁེ་རྩོམ་སྒྲིག་པའི་བཀོད་འདོམས་པར་འདེམས་པར་རྒྱབ་སྐྱོར་གཙང་མ་ཞུ་བཞིན་ཡོད། Jangchup Dorjee (talk) ༠༣:༡༥, ༢༢ ཟླ་བརྒྱད་པ། ༢༠༢༥ (UTC)[reply]
  3. ངས་User:manjushrimitraལགས་སུ་བཀོད་འདོམས་པའི་འོས་མིར་འདེམས་ཐོན་བྱུང་བར་འཚམ་འདྲི་ཞུ་བ་དང་ཆབས་ཅིག་ཁོང་གིས་འདེམས་ཐོན་འདིར་ངོས་ལན་གནང་སྐྱོང་ཡོང་བ་དང་། གང་མགྱོགས་བཀོད་འདོམས་པར་བསྐོ་བཞག་གནང་བའི་རེ་འདུན་སྟོན་བཞིན་ཡོད། གང་ཡིན་ཞེ་ན་ཁོང་གིས་ལོ་མང་རིང་བོད་ཀྱི་ཆོས་དང་རིག་གཞུང་སྤྱི་ལ་དོ་ཁུར་ཆེན་པོས་སྦྱང་པ་གནང་བ་མ་ཟད། དེ་དག་མི་ཉམས་གོང་འཕེལ་ཡོང་ཐབས་ཀྱི་ལས་འཆར་སྣ་ཚོགས་གནང་གནང་མུས་ཡིན་པ་དང་། ལྷག་པར་དུ་གློག་ཀླད་ཀྱི་དུས་སྐབས་འདི་དང་མཚམས་པའི་དྲ་ཚིགས་ཐོག་ལས་འགུལ་སྤེལ་བར་མཆོག་ཏུ་འགྱུར་བ་ཡིན་པ་རེད། Pecha-Tsewang (talk) ༠༥:༥༡, ༤ ཟླ་དགུ་བ། ༢༠༢༥ (UTC)[reply]

འགག་པ། Oppose

དཔྱད་བརྗོད། Comments

ཝེ་ཁེ་ནང་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་གནས་ཚད་ཡར་རྒྱས་་གཏོང་རྒྱུ་ནི། བོད་ཡིག་བཀོལ་སྤྱོད་བྱེད་མཁན་དང་།ཡང་ན་བོད་པའི་རིག་གནས་ལ་དགའ་པོ་དང་དོ་སྣང་ཡོད་མཁན་ཚོར་མཚོན་ན་ཤིན་ཏུ་ནས་གལ་ཆེན་ཡིན་པས། ད་ཐེངས་གུས་ཀྱིས་བོད་ཀྱི་སྐད་ཡིག་དང་བོད་པའི་གནའ་དེང་གི་རིག་གཞུང་ལ་སྦྱངས་གོམས་ལྡན་ལ། གློག་ཀླད་བཀོལ་སྤྱོད་བྱེད་པར་མཁས་པའི་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་ཞིག་བཀོད་འདོམས་པའི་མིང་ཐོར་མཚམས་སྦྱོར་ཞུ་རྒྱུ་ཡིན། ཁོང་གི་མཚན་ལ་དོན་གྲུབ་ཞུ་ཞིང་། ཁོང་བཀོད་འདོམས་པར་འདེམས་ཐོན་བྱུང་ཚེ། ཁོང་གིས་བོད་ཡིག་ཝེ་ཁེ་ཡི་གནས་ཚད་གོང་མཐོར་གཏོང་ཐུབ་པར་གཏན་ཁེལ་ལགས་ན། འགན་ཁུར་བ་རྣམས་ཀྱིས་ཁོ་ལ་རྒྱབ་སྐྱོར་གནང་བའི་རེ་སྐུལ་སྙིང་ནས་ཞུའོ།Pecha-Alalamo (talk) ༠༩:༥༠, ༩ ཟླ་བརྒྱད་པ། ༢༠༢༥ (UTC)[reply]

འདེམས་ཐོན་ངོས་ལེན། Nomination Acceptance

ངས་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་འཛིན་སྐྱོང་བ་འམ་བཀོད་འདོན་པ་བྱ་རྒྱུར་ངོས་ལེན་བྱས་པ་ཡིན། གུས་པ་འོས་མིར་མིང་འདོན་གནང་མཁན་ལ་བཀའ་དྲིན་ཆེ་ཞུ་རྒྱུ་དང་། གལ་སྲིད་ང་རང་ཉིད་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་འཛིན་སྐྱོང་འགན་འཛིན་པར་བདམས་པ་ཡིན་ན་ངས་རང་ནུས་ཡོད་དགུ་བཏོན་ཏེ་ཝེ་ཁེ་རིག་མཛོད་རང་གི་ཁྱད་ཆོས་དང་མཐུན་པར་བོད་ཡིག་གི་རྒྱུ་ཆ་རྣམས་ཚད་ལྡན་རང་བཞིན་གྱིས་ནང་འཇུག་བྱ་རྒྱུ་དང་། དེ་འབྲེལ་གྱི་མཐུད་སྣེའི་མཉེན་ཆས་རྣམས་ཡར་རྒྱས་སུ་གཏོང་རྒྱུ། རིག་མཛོད་འདིའི་འགྲོ་ལུགས་ལྟར་བོད་ཡིག་གི་ཚོགས་མི་རྣམས་ཀྱི་ལས་རིམ་གྱི་བྱེད་སྒོ་རྣམས་ཚགས་ཚུད་དང་ལེགས་བཅོས་བྱ་རྒྱུ། ཝེ་ཁེ་རིག་མཛོད་ཀྱི་སྐད་ཡིག་བོད་སྐད་ལ་བསྒྱུར་ཟིན་པ་རྣམས་ལ་བསྐྱར་ཞིབ་དང་ད་དུང་བསྒྱུར་མེད་པ་རྣམས་གསར་དུ་བསྒྱུར་རྒྱུ་སོགས་ཀྱིས་མཚོན་པའི་འབྲེལ་ལས་རིགས་ཡོངས་ལ་འགན་འཁུར་དང་འབད་འབུངས་ལྷོད་མེད་བྱ་རྒྱུ་ཡིན། Pecha-Dhondup (talk) ༡༤:༢༡, ༡༢ ཟླ་བརྒྱད་པ། ༢༠༢༥ (UTC)[reply]

རྒྱབ་སྐྱོར། Support

  1. Pecha-Dhondup ལགས་སུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། རྒྱུ་མཚན་ནི། དོན་འགྲུབ་ལགས་ནི་དབྱིན་བོད་གཉིས་གྱི་སྐད་ཡིག་ལ་མཁས་ཞིང་ཝེ་ཁེ་རིགས་མཛོད་ཀྱི་ལས་ཀའི་རིགས་ལ་བྱང་ཆ་ལྡན་པ་ཡོད་དེའི་ཕྱིར་ངས་ནི་ཁོང་བོད་ཡིག་གི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པ་འམ་འཛིན་སྐྱོང་བར་གདམ་རྒྱུར་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་ཡིན། Gartsering (talk) ༡༦:༥༣, ༡༨ ཟླ་བརྒྱད་པ། ༢༠༢༥ (UTC)[reply]
  2. ངས་Pecha-Dhondup དོན་འགྲུབ་ལགས་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པར་འདེམས་རྒྱུ་ལ་རྒྱབ་སྐྱོར་གཙང་མ་ཞུ་རྒྱུ་ཡིན། རྒྱུ་མཚན་ནི། ཁོང་ནི་བོད་དབྱིན་སྐད་ཡིག་གཉིས་ལ་བྱང་ཆུབ་ཅིང་ཝེ་ཁེ་རིག་མཛོད་ཀྱི་ལས་རིགས་ལ་ཉམས་མྱོང་ལྡན་པ་ཞིག་ཡིན། ལྷག་པར་དུ་ཁོང་གིས་རང་ཉིད་ཀྱི་ངོས་ལེན་ཡི་གེའི་ནང་དུ་བོད་ཡིག་ཝེ་ཁེ་རིག་མཛོད་ཀྱི་གནས་ཚད་མཐོ་རུ་གཏོང་བ་དང་། ཚོགས་མི་རྣམས་ལ་མཐུན་རྐྱེན་སྤྲད་པ། སྐད་ཡིག་བསྒྱུར་བའི་ལས་ཀ་སོགས་ལ་འགན་འཁུར་ལེན་རྒྱུའི་ཁས་ལེན་གསལ་པོ་བྱས་འདུག དེ་བཞིན་ཁོང་ནི་བོད་ཀྱི་གནའ་དེང་རིག་གནས་ལ་མཁྱེན་རྒྱ་ཡོད་ཅིང་དེང་དུས་ཀྱི་འཕྲུལ་རིག་ལག་རྩལ་ལའང་བྱང་ཆ་ལྡན་པ་ཞིག་ཡིན་པས། ཝེ་ཁེ་རིག་མཛོད་ཀྱི་ཡར་རྒྱས་དང་ལེགས་བཅོས་ཀྱི་ལས་དོན་ལ་ཕན་རླབས་ཆེན་པོ་འབྱུང་བར་ཡིད་ཆེས་ཡོད། ཁོང་གི་ལྷག་བསམ་རྣམ་དག་དང་འགན་འཁྲིའི་བྱ་སྤྱོད་ལ་བརྟེན་ནས། བོད་ཡིག་ཝེ་ཁེ་རིག་མཛོད་ཀྱི་སྤུས་ཚད་དང་ཀློག་པ་པོའི་གྲངས་འབོར་གཉིས་ཀར་ཡར་རྒྱས་ཡོང་བར་ངས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད།Gelek Gyatso W (talk) ༡༩:༡༧, ༡༩ ཟླ་བརྒྱད་པ། ༢༠༢༥ (UTC)[reply]
  3. User:Pecha-Dhondupལགས་ནི་ལོ་མང་གོང་ནས་(༢༠༡༩)བོད་ཡིག་ཝི་ཀི་རིག་མཛོད་ཀྱི་ཚོགས་མི་ཡིན་པ་མ་ཟད་རྩོམ་འབྲི་ཡང་གནང་དང་གནང་མུས་ཡིན་པ་དང་། ཁོང་གི་རྩོམ་འབྲི་'དམུ་དགེའི་དགོན་གྱི་ངོ་སྤྲོད།'ཞེས་པར་ཀློག་པ་པོ་སྟོང་བརྒལ་བ་བྱུང་ཡོད། ཁོང་ལྟ་བུ་ཞིག་རང་རེའི་བོད་ཡིག་ཝི་ཀི་རིག་མཛོད་ཀྱི་བཀོད་འདོམས་པར་བསྐོ་བཞག་ཐུབ་ན་རིག་མཛོད་ཀྱི་ལས་དོན་སྤྱི་ལ་ཕན་རླབས་ཆེན་པོ་ཡོང་ངེས་རེད།Pecha-Tsewang (talk) ༠༦:༢༠, ༤ ཟླ་དགུ་བ། ༢༠༢༥ (UTC)[reply]

འགག་པ། Oppose

དཔྱད་བརྗོད། Comments

ཝེ་ཁེ་རིག་མཛོད་ཀྱི་མ་འོངས་པའི་ལས་འགུལ་དང་ཡར་རྒྱས་སུ་གལ་ཆེན་པོའི་དུས་སྐབས་འདིར། ངས་དར་རྒྱད་(Pecha-G.Dhargyal) ལགས་བཀོད་འདོམས་པའི་གནས་ལ་འོས་འདེམས་ཞུ་རྒྱུར་རྒྱབ་སྐྱོར་ཞུ་འདོད། ཁོང་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཆེ་བའི་ཤེས་ཡོན་དང་དགའ་ཞེན་ཡོད་པ་མ་ཟད། དེང་རབས་ཤེས་བྱ་ཚན་རིག་ལ་མཁས་ཞིང་ལྷག་པར་དུ་དེང་དུས་ཀྱི་གློག་ཀླད་ལམ་ལུགས་ཀྱི་བཀོལ་སྤྱོད་དང་། ཚོགས་པའི་མཉམ་རུབ་ལས་འགུལ་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་ཡག་པོ་གནང་ཐུབ་པའི་ཡིད་ཆེས་ཡོད་ལ་ཁོང་ལ་ཝེ་ཁེ་འཁོར་ཡུག་ནང་རྩོམ་འབྲི་དང་མཐུན་རྐྱེན་སྒྲིག་སྦྱོར་གྱི་ཉམས་མྱོང་རབ་ཏུ་ལྡན་ཡོད། ཁོང་གིས་ཝེ་ཁེའི་ཁྲིམས་སྒྲིག་དང་མཐུན་པའི་སྒོ་ནས་ལས་དོན་ཚང་མ་ཡིད་ཆེས་ཡོད་པའི་ཚུལ་དུ་སྒྲུབ་ཐུབ་པར་ཡིད་ཆེས་ཡོད།Ten Jampa Gonpo (talk) ༡༡:༥༤, ༩ ཟླ་བརྒྱད་པ། ༢༠༢༥ (UTC)[reply]

འདེམས་ཐོན་ངོས་ལེན། Nomination Acceptance

འདིར་བོད་ཀྱི་ཝེ་ཁེ་རིག་མཛོད་ཀྱི་བཀོད་འདོམས་པའི་འོས་མིའི་ནང་གུས་པའི་མིང་འོས་སྦྱོར་བྱས་པར་དགའ་པོ་བྱུང་། འོས་སྦྱོར་བྱེད་མཁན་དང་རྒྱབ་སྐྱོར་བྱེད་མཁན་ཚང་མར་བཀའ་དྲིན་ཆེ་ཞུ་བ་དང་ལྷན་གུས་པས་རེ་ཞུ་འདི་དང་ལེན་བྱེད་ཀྱི་ཡོད། གུས་པ་རིག་མཛོད་བཀོད་འདོམས་པའི་གྲལ་དུ་འོས་འདེམས་བྱུང་ན་རང་ཉིད་ཀྱིས་བོད་ཀྱི་ཝེ་ཁེ་རིག་མཛོད་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་ཞབས་འདེགས་ཞུ་རྒྱུའི་ཆོད་སེམས་གཙང་མ་ཡོད། Pecha-G.Dhargyal (talk) ༡༤:༣༩, ༡༧ ཟླ་བརྒྱད་པ། ༢༠༢༥ (UTC)[reply]

རྒྱབ་སྐྱོར། Support

  1. Pecha-G.Dhargyal ལགས་འོས་འདེམས་བྱེད་རྒྱུ་ཡིན། དེའི་རྒྱུ་མཚན་ནི།
  • 01. ཝེ་ཁེ་མ་ལག་གི་ལས་རིགས་ཐོག་ལ་ཉམས་མྱོང་ཙམ་མ་ཡིན་པར་གློག་ཀླད་དང་དྲ་རྒྱ་རིགས་ཡོང་ལ་བྱང་བ་དང་། དེ་སྔོན་རྫོང་སར་བཤད་གྲྭའི་དྲ་རྒྱ་འགན་འཛིན་གྱི་ལས་ཀ་ལོ་དུ་མ་རིང་ལ་གནང་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། རྫོང་སར་རྩོམ་སྒྲིག་ཁང་གི་འགན་འཛིན་ཡང་ལོ་མང་རིང་གི་ལས་ཡུན་ཡོངས་ལ་ལས་ཀ་ཧ་ཅང་ཚགས་ཚུགས་ཡོད་ཡོད་པ་དང་། དེ་བཞིན་དྲ་རྒྱ་རིགས་ཡོང་ལ་གོ་རྟོགས་ཆེ་བས་དྲ་རྒྱའི་ལས་གནས་ལ་ཧ་ཅང་འཚམ་པོ་ཡོད།
  • 02. བོད་ཀྱི་སྐད་ཡིག་ལ་ཧ་ཅང་གི་མཁྱེད་རྒྱ་རྩེར་སོན་ཞིག་ཡིན་པར་མ་ཟད་དབྱིན་སྐད་ལ་ཡང་ཆུ་ཚད་མཐོ་པོ་ཡོད་པས་སྐད་ཡིག་གི་ཆ་རྐྱེན་ལྡན་ཡོད། དེ་བཞིན་ཁོང་ནི་བློ་རིག་ལྡན་ཞིང་མི་གཞི་བརྟན་པས་བྱ་བ་གང་ལ་ཡང་ཧ་ཅང་དོད་པོ་ཡོད།
  • 03. བོད་ཀྱི་གནའ་དེང་གི་རིག་གནས་ལ་བྱང་ཆ་ཆེ་བ་དང་། ཡང་དགོས་རྫོང་སར་བཤད་གྲྭ་ནས་ནང་བསྟན་གྱི་སློབ་གཉེར་དང་། རྫོང་སར་མཐོ་རིམ་རིག་གནས་སྡེ་ཚན་གཉིས་ཀ་ནས་སློབ་པ་་ཡོངས་རྫོགས་མཐར་ཕྱིན་ཏེ་དགེ་རྒན་གྱི་ལས་གནས་ཚད་མཐོ་ཐོབ་ཡོད་པས། བོད་ཡིག་གི་དྲ་རྒྱ་སྤྱི་དང་ལྷག་པར་དུ་ནང་བསྟན་གྱི་ལས་གཞི་འདི་ལ་ཁོང་ལྟ་བུ་ལས་མི་གཙོ་འགན་པ་ཞིག་རྙེད་པ་ཧ་ཅང་དཀོན་པོ་རེད།

ལས་ཀ་ལ་འཚམ་པའི་འོས་མི་ཞིག་གི་མཚམས་སྦྱོར་དང་འོས་འདེམས་གྱི་ཚུལ་དུ་བཀོད་པ་ཡིན། -Pecha-Choedup (talk) ༠༩:༥༨, ༢༠ ཟླ་བརྒྱད་པ། ༢༠༢༥ (UTC)[reply]

འགག་པ། Oppose

དཔྱད་བརྗོད། Comments

ང་རང་ནི་བོད་ལྗོངས་ལྷ་ས་ཆུ་ཤུར་རྫོང་སློབ་འབྲིང་གི་དགེ་རྒན་དཀྱུས་མ་ཞིག་ཡིན། ཝེ་ཁེ་རིག་མཛོད་ནང་ཐོ་འགོད་ནས་ལས་ཤས་ཕྱིན་སོང་། དེ་ནས་མིང་ཚིག་ཀྱང་མང་པོ་གསར་བཟོ་བྱེད་བཞིན་ཡོད། ད་ལྟ་རང་ཉིད་ཀྱིས་འབད་པ་དང་གྲོགས་པོའི་རོགས་པ་སོགས་ལ་བརྟེན་ནས་ཝེ་ཁེ་རིག་མཛོད་ཀྱི་ཚོགས་པ་ཆུང་ཆུང་ཞིག་འཛུགས་རྩིས་ཡོད་ལ་ཝེ་ཁེ་རིག་མཛོད་འདི་དབྱིན་དང་རྒྱ་ཡིག་ལ་སོགས་ཀྱི་རྗེས་ཟིན་པའི་རེ་བ་བྱེད་ཀྱི་ཡོད། དེར་བརྟེན་ད་ཐེངས་བཀོད་འདོམས་པའམ་དོ་དམ་པའི་དབང་ཚད་ལ་རེ་ཞུ་བྱེད་ཀྱི་ཡོད། རེ་བར་རྒྱབ་སྐྱོར་ཡོད་པ་ཞུ། ལུག་རིན་པོ་ཆེ། (talk) ༡༤:༡༠, ༡ ཟླ་བཅུ་གཅིག་པ། ༢༠༡༢ (UTC)[reply]

Support རྒྱབ་སྐྱོར།

  1. nearly 400 new articles--AddisWang (talk) ༡༤:༢༦, ༡ ཟླ་བཅུ་གཅིག་པ། ༢༠༡༢ (UTC)[reply]
  2. tibetsheep热爱维基,创建了不少词条。tibetsheep loves Wiki, and created many terms. ཁོང་ཝེ་ཁེ་རིག་མཛོད་ལ་ཧ་ཅང་དགའ་པོ་འདུག དེ་ནས་མིང་ཚིག་ཀྱང་མང་པོ་གསར་བཟོ་བྱེད་བཞིན་ཡོད། --Drukten (talk) ༠༤:༢༣, ༢ ཟླ་བཅུ་གཅིག་པ། ༢༠༡༢ (UTC)[reply]
  3. ལུག་རིན་པོ་ཆེ་དྲ་རྒྱ་ལས་རིགས་ལ་ཤིན་ཏུ་དགའ་པོ་ཡོད་པ་ཁོས་བྲིས་པའི་རྩོམ་ཡིག་དེ་ཚོ་དང་གཞན་དུང་དཀར་ལས་གཞི་སོགས་ལས་ཀྱང་ཤེས་ཐུབ་སྟེ། ཁོང་བོད་ནང་ནས་ཝེ་ཁེ་རིག་མཛོད་ཇེ་རྒྱས་ཇེ་ལེགས་སུ་གཏོང་མཁན་གཙོ་བོ་ཞིག་ཡིན་ལ། དོ་དམ་པར་གྱུར་རྗེས་རིག་མཛོད་འཐུས་སྔར་ལས་ཚང་ལ་གྲ་རྒྱས་ཤིག་ཡོང་བའི་ཡིད་ཆེས་ཆེན་པོ་ཡོད། --ཁྱུང་ཁྱུང་། (talk) ༡༤:༡༦, ༢ ཟླ་བཅུ་གཅིག་པ། ༢༠༡༢ (UTC)[reply]
  4. ལུག་གིས་བོད་ཡིག་ལ་དགའ་ཞིང་བོད་ཡིག་གི་ཆུ་ཚད་ཡོད་པའི་གསར་བུ་གང་མང་མགོ་ཁྲིད་ནས་ཝེ་ཁེ་རིག་མཛོད་འདི་ཆུ་ཚད་དང་ལྡན་པ་ཞིག་ལ་བསྒྱུར་ཐུབ། ལུག་ལ་བཀོལ་དབང་བྱུང་ན་བོད་ནང་ཁུལ་གྱི་བོད་མི་གང་མང་གིས་ཁོང་ལ་རྒྱབ་སྐྱོར་ཞུབ་ངེས་ལ་ཝེ་ཁེ་རིག་མཛོད་འདི་ཡང་ཁྱབ་བརྡལ་ཡོང་ཐུབ། Tibetsheep, real name is Yeshe Tenzin. He is a middle school teacher of Tibet, he is one of the first user of Tibetan Wikipedia and he's been working for that all these years. So we strongly recommend him as one of the administrators of Tibetan Wikipedia.--Gelek_Choe (talk) ༡༤:༢༦, ༢ ཟླ་བཅུ་གཅིག་པ། ༢༠༡༢ (UTC)[reply]

Comments དཔྱད་བརྗོད།

  1. ལུག་རིན་པོ་ཆེ་ལ་རྒྱབ་སྐྱོར་ཡོད། ཝེ་ཁེ་རིག་མཛོད་ཕུན་སུམ་ཚོགས་སུ་གཏོང་ཐུབ་ན་ཆ་འཕྲིན་མཉམ་སྤྱོད་བྱེད་མཁན་ཡོངས་ལ་སྟབས་བདེ་དང་བོད་ཡིག་གི་སྤྱིའི་གནས་བབས་མཐོར་འདེགས་ལ་བསྐུལ་དེད་གཏོང་ཐུབ་པས་རྒྱབ་སྐྱོར་དང་ཡིད་ཆེས་ཡོད།

མང་མཁར་བློ་ཕུན་ནས་བྲེལ་འཚུབ་ཀྱིས་བྲིས།

  1. Despite the fact that this user has been one of the top contributors recently and is a native Tibetan speaker, many articles he has created are uncategorized, let alone interwikis. In addition to this, I have doubts about the appropriateness of some of the articles to Wikipedia (ཉིན་རེའི་ལེགས་བཤད་, some quotes of poems, one-sentence-articles). Furthermore, the purpose of adminship is combating vandalism, editing system messages and locking the articles which are often vandalised. Even though this user has already had experience as a Wikipedian, I would recommend him to learn more about wikifying and what is Wikipedian content or which is more suitable to Wikibooks or Wiktionary. Dear, Tibetsheep, please, understand me, I am not against you, but because of the reasons described above, it is a bit too early for you to become an admin. ཐུགས་རྗེ་ཆེ། --Viskonsas (talk) ༡༠:༥༧, ༢ ཟླ་བཅུ་གཅིག་པ། ༢༠༡༢ (UTC)[reply]

I'm quite active user here. I would like to become an administrator. Currently there are only one sysops (User:Viskonsas) who can't come often now so we need quicly one more administrator. I already got sysops rights only for 3 months and, as the most active bo.wikipedian since 2 years I would like become definitivly administrator. Thanks for your support !!! :) --སྤེའུ་དཀར་པོ། ༠༨:༢༦, ༢༤ ཟླ་བཞི་བ། ༢༠༡༡ (UTC)[reply]

Support

  1. I support absolutely སྤེའུ་དཀར་པོ། who has maken a great work of cultural share until now. 我全力支持སྤེའུ་དཀར་པོ།,迄今为止,他在文化共享方面做出了很大的贡献。--拉尼娅 ༠༨:༤༤, ༢༤ ཟླ་བཞི་བ། ༢༠༡༡ (UTC)[reply]
  2. I support with all my heart that སྤེའུ་དཀར་པོ། becomes the administrator of Tibetan wikipedia, for reason that he had contributed a lot to the distribution of the Tibetan culture and the language, and that he is going to continue to do it. 我全力支持 སྤེའུ་དཀར་པོ། 成为藏文维基百科的管理者之一,因为他一直以来都为藏文和藏文化的传播努力着,而且他将一直努力下去。--uglygirl ༠༩:༣༤, ༢༤ ཟླ་བཞི་བ། ༢༠༡༡ (UTC)[reply]
  3. I support you and thanks for your French-Tibetan translation !--Avps1981 ༠༩:༤༦, ༢༤ ཟླ་བཞི་བ། ༢༠༡༡ (UTC)[reply]
  4. I sincerely support the candidature of Beaukarpo to be the administrateur in tibetan wikipedia. He was, is and will always be a great advocator and contributor of the protection and promotion of tibetan language and culture. He is also a culturel bridge between the tibetan world with the exterior globe. 我真诚地支持Beaukarpo成为藏文维基的管理员。他过去是,现在是,将来也会一直是藏语言文化保护的倡导者和保卫者。他也是一个藏文化世界与外部世界沟通交流的桥梁--meimeijuliette ༠༩:༤༦, ༢༤ ཟླ་བཞི་བ། ༢༠༡༡ (UTC)[reply]
  5. Support from the current sysop Viskonsas. :) --Viskonsas ༡༢:༢༧, ༢༥ ཟླ་བཞི་བ། ༢༠༡༡ (UTC)[reply]



Oppose


Comments

  1. There is no reason to leave a fighter who make the protection and the promotion of a language and culture in danger his constant vocation work alone. Making Beaukarpo the administrator will facilitate the completion of the pages in tibetan language and lead more people to battle for it.没有理由让一个将保护和推广藏语语言文化的斗士独自作战。让Beaukarpo成为管理员将会促进藏文维基的完善, 并带动跟多的人为之努力。--meimeijuliette ༠༩:༤༦, ༢༤ ཟླ་བཞི་བ། ༢༠༡༡ (UTC)[reply]
  2. Thank you! ཐུགས་རྗེ་ཆེ།--སྤེའུ་དཀར་པོ། ༡༤:༣༢, ༢༥ ཟླ་བཞི་བ། ༢༠༡༡ (UTC)[reply]

The time for the approval has expired.--Viskonsas ༡༢:༣༢, ༦ ཟླ་བཅུ་གཉིས་པ། ༢༠༡༡ (UTC)[reply]