User talk:Shirap

Page contents not supported in other languages.
ཡོང་ཁུངས་Wikipedia

དགའ་བསུ་ཞུ! Welcome!

ཀ་ཡེ། Shirap་ལགས། ཁྱེད་རང་ལྦེ་ཁེ་བོད་ཡིག་མ་རུ་ཕེབས་པར་welcome་དང་ཁྱེད་ཀྱིས་བཞག་པའི་བྱས་རྗེས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། ངའི་རེ་བར་ཁྱེད་རང་གནས་འདི་ལ་དགའ་ཞེན་དང་རྒྱུན་དུ་ཕེབས་པར་ཞུ། གཤམ་དུ་གསལ་བ་ནི་གསར་ཞུགས་མཁན་དག་ལ་ཉེ་བར་མཁོ་བའི་སྦྲེལ་མཐུད་ཡིན།

ཁྱེད་ཀྱིས་འདི་རུ་རྩོམ་སྒྲིག་མཛད་པར་སྤྲོ་པོ་ཡོང་རྒྱུ་དང་ལྦེ་ཁེ་བ་ཞིག་བྱ་རྒྱུ་ནི་ངའི་རེ་བ་ཡིན། དེ་བས་གླེང་མོལ་ཤོག་ངོས་ཀྱི་སྟེང་དུ་མིང་ཐོ་བཀོད་འདོད་ན་རླབས་རིས་བཞིའི་(~~~~)རྟགས་བཀོལ་ན་ཁྱེད་ཀྱི་མིང་དང་ཟླ་ཚེས་རང་འགུལ་གྱིས་སྦྱར་ཡོང་། གལ་ཏེ་ཁྱེད་ལ་རོགས་རམ་དགོས་ན་ en:Wikipedia:Where to ask a questionརུ་ཕེབས་ནས་དྲི་བ་འདོན་ཆོག་པ་ལས་གཞན་ངའི་གླེང་མོལ་ཤོག་ངོས་སུ་ང་ལ་དྲི་བ་འདོན་པའམ་ཡང་ན་{{helpme}} རང་གི་གླེང་མོལ་ཤོག་ངོས་སུ་བཞག་ན་ཅུང་མི་འགོར་བར་མི་གཞན་ཞིག་གིས་ཁྱེད་ལ་ལན་འདེབས་ངེས། ཁྱེད་རང་ཕེབས་པར་ཡང་བསྐྱར་དུ་དགའ་བསུ་ཞུ།--Jose77 (talk) ༠༠:༤༨, ༢༨ ཟླ་བཅུ་བ། ༢༠༡༢ (UTC)[reply]

རང་གཤིས་ཀྱི་འགྱུར་ཁུགས།[རྩོམ་སྒྲིག]

        ཐོལ་བྱུང་། 

ཐོ་རེངས་སྐར་ཆེན་མཐོང་ལམ་ན།།

དགོན་སྡེའི་ཅུང་བརྡ་ཐན་ཐུན་དེ།།

ཧ་ཤང་མགོ་རིལ་འབོད་པའི་བརྡ།།

དུས་རྒྱུན་ཆགས་མེད་ལུགས་སུ་གྲུབ།།


ཐོ་རེངས་སྐར་ཆེན་ཁྲོད་ན  །། 

བསིལ་རླུང་དལ་བུ་ལྡང་བྱུང་།། 

ཤག་ཤག་རླུང་རྒྱུན་ཁྲོད་ནས །། 

སྟོན་གྱི་རྒྱལ་མོ་བསུས་བྱུང་།།


བསིལ་རླུང་གྲང་མོའི་རང་སེམས་འཁྱག་པར་བྱེད།།

སྟོན་གྱི་ནམ་ཟླ་རྒྱལ་མོའི་རང་ཚུགས་མངོན།།

ཐོ་རེངས་སྐར་ཆེན་སྟོང་བའི་དབྱིངས་ན་འཚེར།།

རྒྱུན་ཚོགས་འདོན་རྟ་སྙན་མོ་དབྱངས་སུ་གྱེར།།


ཐོ་རེངས་སྐར་ཆེན་ཁྲ་ལམ་མེར།།

བཙུན་གཟུགས་མགོ་རིལ་ནག་ཐར་རེར།།

ཆོས་འདོན་དབྱངས་རྟ་ཆ་མ་ཆད།།

ཞོགས་པའི་ཉི་གཞོན་ངང་གི་བསུ།།

རང་ཚུགས།[རྩོམ་སྒྲིག]

         རང་ཚུགས

འདས་སོང་གི་གཏམ་རྒྱུད་ལས་བྱུང་བའི་དྲོལ་ཁོལ

ཁ་སང་གི་ཞལ་གསུང་ལྟར་མངར་ལ 

དེ་རིང་གི་གོམས་སྟབས་སྔར་བཞིན་ཁྱར་ཁྱོར་ཞིག

ཁ་ཕྱོགས་མ་ངེས་བར་རིགས་རིས་ཀྱི་བླ་སྲོག་བོར་ནས

བསིལ་རླུང་གི་རྒྱུ་ཕྱོགས་ལྟར

རྩིག་ངོས་ཀྱི་འཇགས་མའི་རང་ཚུགས་གསལ་བས

ང་རང་དང་རིང་དུ་གྱེས་འདུག


གམ་དུ་བཅར་འདོད་ཀྱི་དམིགས་རྟེན་དེ

ཁ་ཟས་མངར་མོའི་བྲོ་བ་བྱུགས་ཀྱང་

བློ་འགྱོད་ཀྱི་རང་སེམས་རྗེན་པར་བཀྱག་ཀྱང་

ང་རང་སྟེ   རང་གཤིས་ལས་གྲུབ་པའི་གཞུང་དྲང་གི་ཆེད

མི་འགྱུར་བའི་ཕྱག་རྒྱར་བཏབ་ཡོད

            

                                 ༢༠༡༢ལོའི་ཟླ་༤བའི་ཚེས་༡༨ཉིན།


      མཚན་མོ་དེར།

མཚན་མོར་དེར།

ཟླ་འོད་རབ་རིབ་ཀྱི་ཉེ་འགྲམ་ན།

སྐར་ཕྲན་ཐན་ཐུན་གྱི་སྒོ་དྲུང་ན།

ང་རང་འདར་སུག་སུག


མཚན་མོ་དེར ། མར་མེ་ཚེ་འབར་དེ་འང་།

རླུང་བུའི་སྒུལ་ཕྱོགས་བཞིན་འབར་ཤུགས་དྲག་ནའང་།

རང་ལུས་ལ་གཙེས་བའི་ན་ཟུག་དེ་ངོས་མ་སྙོམས།


མཚན་མོ་དེར །

ངའི་ལྷིང་འཇགས་ཀྱི་ཡུལ་ལྗོངས་སུ།

ཞལ་ཏ་མའི་ཁ་བའི་རང་མདངས་ལ་མཉན་དུས།

དཀར་ཞིང་གྲང་ལ་ཁ་བ་རྨི་ལམ་དུའང་གྱུར།


མཚན་མོ་དེར། གཞུང་དྲང་གི་ངང་རྒྱུད་ལས །

འཇམ་མཉེན་གྱི་བརྩེ་བ་དེར།

རྒོལ་ལན་སློག་མ་སྤོབས་ལ།

རང་ལུས་ཧྲིལ་པོ་མཆོད་པ་བཞིན་དེ་བས་མ་བཏེགས།


མཚན་མོ་དེར ། གྱེས་ཁའི་ངག་རྒྱུད་ལྷོད་པོས།

དུས་ཡུན་ངང་གིས་རྒྱུན་བསྲིངས་ནའང།

དམ་དུ་འཇར་བས་སྙིང་ཆུང་གི་ལྡིང་ཚད་ལས།

དུས་ཡུན་ཧ་ཅང་འགྱོགས་ལ་ངག་རྒྱུད་དེ་བས་ལྷོད།


མཚན་མོ་དེར། འོ་སྤྲི་ལས་མངར་བས་མཆུ་དག་སྦྱོར་དུས།

རང་སེམས་ཀློང་བོར་གྱུར་ལ།

ཚོར་མེད་ཀྱི་བེམ་པོ་ཞིག་གིས་ངང་རྒྱུད་བཙན་གྱིས་བསྐྱངས།


མཚན་མོ་དེར། སྙིང་ཆུང་གི་ལྡིང་ཚད་ཕྱི་ལ་བསྒྲོགས་དུས།

རང་དབང་མིན་པའི་མི་ཚེའི་དམ་ཚིག་དེ།

གློ་སྙིང་ལས་རྗེན་པར་མངོན །


མཚན་མོ་དེར། སེམས་ཀྱི་དུངས་བ་ཕྱིར་མངོན་ནས།

འཇམ་མཉེན་གྱི་ཕྱག་ཟུང་དེ་གང་དགར་རོལ་དུས།

རང་བསྲུང་གི་གོ་ཆ་བརྟན་ན་ཡང་།

ནམ་ཞིག་གི་ཚེ་ངར་ཤུགས་རང་འཇགས་སུ་འགྲོ་ངེས་ཀྱང་སྲིད།

                   ༢༠༡༢ལོའི་ཟླ་༡༡པའི་ཚེས་༡༨ཉིན་གྱི་དགོང་མོར།

= ཆོས་གྲོགས་ཤིག་དྲན་པ།[རྩོམ་སྒྲིག]

                ------------ཆོས་གྲོགས་ཤིག་དྲན་པ།

ས་ཆེན་པོ་ཐོད་ལ་བླངས་ཏེ

རང་ལུས་འདོམ་གྱིས་བསྐྱུར་ཏེ

ལུས་དངུལ་ཆུ་སྦྲང་ཆར་ཞོ

ཉི་འོད་ཚ་ཤག་ཤག་གི་ཡུལ་གྲུ་འདིར

དུས་བཞིའི་འགྱུར་བག་རྣོན་པོ་ཁྲོད

ཁྱོད་ཀྱི་ཡུལ་ལྗོངས་མཐོ་སྒང་ལྟར

གཡའ་དག་ལ སྔོན་མའི་ནང་དྭངས་ཤིང་མཛེས


ཚྭ་འགྲམ་གྱི་སྙན་པའི་གཞས་ཆུང་དེ

ཡུལ་ལྗོངས་སུ་སྙན་འགྱུར་ལྡན་པའི་སྙན་ལྷིང་ངེར


མདུན་ལྗོངས་ཀྱི་རྒྱང་ལམ་རིང་བོ་རྒྱང་རིང་རྒྱང་རིང་དུ

གནམ་ས་འདྲེས་ལ་རི་སྐྱེས་ཚོའི་ཕ་སའང་རེད

ཕྱེ་མའི་ཐང་གཞུང་འགྲིམས་པའི་ལོ་ཟླ་དེ་དག

མི་ཡུལ་དུ་རང་སེམས་རྗེན་པར་མཆོད་པའི་དག་ཞིང་དངོས


ཡུལ་ལྗོངས་ཧྲིལ་བོའི་མཛེས་བ་རྡུལ་གྱིས་བཀབ་ལ

འགྲུལ་བཞུད་ཀྱི་བྱེ་ཟགས་དེ་དག་ཀྱང་

རང་འགུལ་གྱི་ཁྱེད་ལ་བསུ་སྐྱེལ་བྱེད་པ་ནང་བཞིན

ལུང་གཞུང་དེ་ན་རྡུལ་འཚུལ་གྱི་ཁྲོད

དག་ཞིང་དང་འདྲ་བར་གཞུང་ལམ་ན

རང་སེམས་ཀྱི་དག་ཞིང་དེ་འཚོལ་བཞིན་ཆས


ཁ་བས་ཡུལ་ལྗོངས་མནན་ལང་བཞིན

ལུང་གཞུང་དེ་ན་རྡུལ་འཚུལ་གྱི་ཁྲོད

དག་ཞིང་དང་འདྲ་བར་གཞུང་ལམ་ན

རང་སེམས་ཀྱི་དག་ཞིང་དེ་འཚོལ་བཞིན་ཆས


ཁ་བས་ཡུལ་ལྗོངས་མནན་ལ

ཁོ་བོས་སེམས་ཁ་བ་ལྟར་དཀར་ལ་མཛེས


ཉི་འོད་དྲོད་ལམ་ལམ

ས་གཞི་རྡུལ་འཚུབ་འཚུབ

ཆར་རླུང་གི་ཟགས་མའི་གྲང་རག་དེ་དག

ལོ་ཟླའི་འགྲུད་བསྐྱེད་ཁྲོད

ཡ་ཐོག་གི་གཏམ་རྒྱུད་དང་འདྲ་བར

སེམས་ཀྱི་བརྙན་ཡོལ་ངོས་ན


༢༠༡༢/༡༠/༢༣ཉིན།


         རིགས་ཀྱི་བུ །                                              

མི་བུ་ཚད་ལྡན་ཞིག་གི་བསམ་བློ་སྒུམ་ནས།

མི་རྒྱུད་འདིའི་དར་རྒུད་ཀྱི་མངའ་ཐང་བསྲུང་ནས།

མི་རབས་གསར་བ་འདིའི་འོས་འགན་བསམ་ནས།

སྤོབས་པ་དང་དམིགས་འདུན་གྱི་བསམ་བློ་རིངས་བོར་བསྲིངས་རོགས།

རིགས་ཀྱི་བུ། ང་ཡི་ཕ་རྒན་རྡོ་རྗེ་འཆང་།


མཐོན་པོ་ཐོབ་དང་བསམ་བློ་རྫིག་པོ །

མི་སྒེར་སྤྱི་ལ་ཡོད་པའི་རང་དབང་དང་ངར་ཤུགས་བཙན་པོ །

ཉམ་ཐག་བུ་ཆུང་ང་འདྲར ། རི་རབ་ལྟ་བུའི་ལྗིད་ཀྱི་མ་མནོན།

རིགས་མཐུན་འདིའི་འབྱུང་འགྱུར་ལ་གཞིགས་ནས།

མངའ་ཁུངས་འདིའི་རི་རབ་དང་གཙང་བོ་བྱམས་ཀྱི་སྐྱོངས་དང་།

ནམ་ཡང་ཁྱེད་ཀྱི་རྒྱབ་རི་ཡིན་ལ། ཁྱེད་ནི་མགོན་ཉིད་དོ།

རིགས་ཀྱི་བུ། ང་ཡི་ཕ་རྒན་རྡོ་རྗེ་འཆང་།


ལ་ལུང་དང་རི་རབ་ཀྱི་ཁུག་ཀྱོག་ན །

ཕུང་གསུམ་པའི་རྗེས་འབྲངས་ཀྱི་བུ།

རི་གྲོང་གི་ལོ་ཟླར་འཐམས་པའི་གྲོང་ཚོའི་མགོན།

ཅི་གསུང་བཀའ་ལྟར་བཙན་པོས་རྗེ་བོ །


      ༢༠༡༣-༢-༢༣ཉིན།

ལྡེབས་བྲིས།[རྩོམ་སྒྲིག]

ལྡེབས་སུ་བབས་པའི་ལོག་བྲིས་དེ།

རོ་དྲུག་གི་མྱོང་ཚོར་ཟབ་མོ་ལས།

འཇིག་འཚོ་བའི་མྱོང་སྣང་དུ་འཆར་བ།

རྟོགས་སད་པའི་སྙིང་ཁར་སིམ་ཡོད་སྐད།


མཁའ་ལས་བབས་པའི་གཏམ་རྒྱུད་དེ།

རིགས་རྒྱུད་དེའི་མངའ་ཐང་བསྲུང་སླད།

མི་ཆོས་ཟབ་མོའི་ཟློས་གར་ཁྲོད་དུ།

གདོད་མའི་འཚོ་ཐབས་ཀྱི་གཉན་པོར་གྲགས་ལ།

རྩིགས་ལྡེབས་སུ་མཁའ་ཡི་འཇའ་ཚོན་བཞིན།

                                                     ༢༠༡༢ལོའི་ཟླ་༩བའི་ཚེས་༡ཉིན།

ཕངས་སེམས།[རྩོམ་སྒྲིག]

           ཕངས་སེམས

                         

ཐོབ་ཤོར་གྱི་ཀློང་ནས་སྐྱོ་གཞས་དེ་ལེན་དུས

ཐོག་མའི་བདེན་གཏམ་ཡིན་ལ

མྱ་ངན་དང་སྐྱོ་སྣང་ཡང་སྦྱིན་མྱོང་ཡོད

ཨ་མ་ལགས   དྲིན་ཆེན་ཨ་མ།


རེ་འབྲས་སྟོང་བར་ལུས་བའི་གཙང་འགྲམ་ནས

བདེན་པར་བརྗོད་པའི་རང་འཚང་དེ་ཉིད

ཐོག་མའི་སྐྱོ་སྣང་དང་ཕངས་སེམས་འདུ་ལ

རེ་བ་སྟོང་བར་ལུད་པའི་ཁོར་ཡུག་འདིར

རང་སེམས་སུ་ན་ཟུག་བསླངས་ལ

རེ་འདུན་རྡོག་པར་བརྫུས་པའི་འདམ་རྫབ་ཡིན

ཨ་མ་ལགས      དྲིན་ཆེན་ཨ་མ །


 2013:4:17ཉིན།

རྨི་ལམ་སྐྱ་བོ།[རྩོམ་སྒྲིག]

རྨི་ལམ་དང་འདྲ་བར་རྨི་ལམ་ཞིག

རི་རབ་ལས་ལྷག་པའི་མནའ་ཚིག་བོར་ཏེ

རེ་འདུན་ལྷག་མར་གྱུར་བའི་ལོ་ཟླ་དེ་དག

སློང་མོ་བ་དེའི་ཁ་ཟས་སུ་གྱུར་བའི་ཉིན་ཤས

རིགས་རུས་བོར་བའི་གནས་མལ་དང་པོ

བརྩེ་བའི་འདུན་མ་སྙེག་འདོད་ཀྱི་བསམ་བློ་ཐོག་མ

རང་དབང་གི་འཚོ་འདོད་ཀྱང་གཞན་དབང་དུ་གྱུར

བློ་ལས་འགོངས་དཀའ་བའི་བསམ་གཞིགས་ལྕི་མོ

ངེས་བ་དོན་ཀྱི་རྙེད་པའི་བདེན་གཏམ་ཟབ་མོ


ཁོར་ཡུག་གི་ནད་ཡམས་དེ

རང་འགུལ་གྱི་སྙིང་ཁར་སིམ་སྐད

དྲ་ནང་གི་འགོ་ནད་དང་དུག་རིམས

ཁ་དབུགས་དང་བསྡོངས་དོན་ལྔ་སྣོད་དྲུག་ཏུ་ཁྱབ་སྐད

ལས་འཕྲོ་ལྷག་མའི་བརྩེ་དུང་གི་བསླུས་ལ

ལས་སྐལ་དམན་པའི་དག་ཞིང་གི་སྒོ་མོ་གཏན་གྱིས་རྒྱབ


བརྩེ་དུང་གི་གླུ་གཞས་མི་ཡུལ་དུ་གྱེར་བའི་ཉིན་མོ་དེར

བརྩེ་བའི་སྐྱོར་མི་མེད་ལ་དུངས་སེམས་ཀྱི་རམ་བཀྲོལ་དེ་བས་དབེན

ཁུ་སིམ་མེར་དབེན་པའི་མཚན་མོར་རྨི་ལམ་དེ་འཚོལ་གྱིན

རྨི་ལམ་མ་ཡིན་པའི་བསམ་གཞིགས་ཀྱི་མནར


                                     ༢༠༡༣/༤/༡༡/ཉིན།
"https://bo.wikipedia.org/w/index.php?title=User_talk:Shirap&oldid=125349"ལས་སླར་རྙེད་སོང།