User talk:Sangjighasto

Page contents not supported in other languages.
ཡོང་ཁུངས་Wikipedia

སྟག་ཚང་ལྷ་མོ་ནི་སྔོན་ཆད་རྩ་ཆུ་ཤིང་གསུམ་འཛོམས་པའི་ཧ་ཅང་ལྷིང་འཇག་གི་ཡུལ་ལྗོངས་ཞིག་ཡིན་ཡང་ད་ལྟ་ཕྱིའི་རྐྱེན་དང་ནང་གི་ཉོག་དྲ་མང་པོ་ཞིག་གིས་ལྷིང་འཇག་གི་ཁོར་ཡུག་གཏོར་དེ་ཧ་ཅང་གི་སུན་སྣང་སྐྱེ་ས་ཞིག་ཏུ་གྱུར་ཡོད། གནས་འདི་རུ་ཡོད་ཚད་ཆགས་སྡང་གིས་མྱོས་ཡོད་པས་ཡུལ་འདི་ནི་ཆེས་འཇིགས་སུ་རུང་བ་ཞིག

    བོད་ཡུལ་གྱི་དགོན་སྡེ་མང་པོའི་དཀའ་ངལ།།
     ལོ་ངོ་ཉེར་གསུམ་གྱི་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ཚོར་སྣང་།
   དྲང་བདེན་ཕམ་པའི་སེམས་གདུང་།

མི་ལོ་སུམ་ཅུར་བྱམས་སྐྱོངས་གནང་མཁན་ཨ་ལགས་རྣམ་གཉིས་རྒན་ཡོལ་བྱས།། ལྷག་བསམ་ཟོལ་མེད་སེམས་བཟང་བླ་རྒན་འཇིག་རྟེན་ཕ་རོལ་ཡུལ་དུ་གཤེགས།། དབང་ལ་རྔམ་པའི་འགན་འཛིན་གསར་བའི་ང་རྒྱལ་རླུང་འཚུབ་དྲག་པོ་ཡིས།། སྡེ་འདིའི་གཞི་རྩ་མཐུན་བསྒྲིལ་ཀོང་བུ་སེམས་ཀྱི་མཁའ་དབྱིངས་ངོས་སུ་གཏོར།།

ལས་ཉོན་ཆུ་ཀློང་འཐབ་པའི་བར་ན་གྲྭ་མང་ལས་དབང་མིག་རྡེའུ་བཞིན།། ཚུལ་གསུམ་རྟགས་གྲུབ་བདེན་དོན་གསོན་པོ་སུ་ཡིས་བསྒྱུར་བ་ཁོངས་སུ་གཡིབ།། དོན་དམ་ཆབ་སྲིད་གཡོ་སྒྱུ་མཁན་པོ་རྒྱབ་དུ་གབ་པ་འཇིགས་སུ་རུང་།། སྐལ་བའི་དོན་དེ་གཤིན་རྗེས་འགྱེད་པར་རེ་བ་མི་བཅོལ་ཐབས་མེད་ལགས།།

རགས་མཐོང་དབང་བོའི་ཡུལ་ལས་སྐལ་བའི་གཟུགས་འདས་རིགས་པའི་ཆོས་ཉིད་དང་།། སྤྱི་འཛིན་རྟོག་ངོར་འཆར་བར་དཀའ་བའི་སྐྱེ་བ་སྔ་ཕྱིའི་རྣམ་བཞག་སོགས།། ཡུལ་འདིར་སྨད་པའི་གྲྭ་རྐྱང་བདག་གི་དོན་མཐུན་རྟོག་ངོར་ཤར་བ་འདི།། དབུས་ཀྱི་གདན་སར་མི་བརྒྱད་ལ་རྟོག་གེ་སྦྱངས་བའི་འབྲས་རྟགས་ཉིད།།

གནས་ལུགས་ང་ལ་མེད་པ་མིན་ཡང་ཉན་མཁན་མེད་ན་སུ་ལ་བརྗོད།། ལྷག་བསམ་ང་ལ་མེད་པ་མིན་ཡང་གོ་སྐབས་མེད་ན་ཅི་ཞིག་བསྒྲུབས།། གུས་ཞབས་ང་ལ་མེད་པ་མིན་ཡང་ཁྲེལ་མེད་བླུན་པོ་ཅི་ལྟར་བཀུར།། དེ་ལྟར་བས་ན་དངོས་ཡོད་གནས་ཚུལ་ཁོ་བོའི་ངག་ནས་དབང་མེད་བརྡོལ།།