User talk:རྩམ་ཟན་

Page contents not supported in other languages.
ཡོང་ཁུངས་Wikipedia

དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་ཞིག་ཐོབ་ཀྱང། །
ལས་གནང་སྡུག་བསྔལ་གྱི་ཁྱབ་པའི་སེམས་ཅན་ཞིག་ཡིན་ཐར། །
གང་ཅི་གང་བྱས་ཀྱི་ཐད་ལ་བདག་འཛིན་རང་བྱེད་པའི། །
ཁམས་གསུམ་འཁོར་བ་དེ་ལས་ཐར་པ་ནི་མེད་དོ། །
སེང་གེ་

རང་ཕྱོགས་ཆགས་པའི་སེམས་པ་སྐྱེ་བ་དང།
གཞན་ཕྱོགས་སྡང་བའི་ང་རྒྱལ་འབྱུང་བ་ནི།
གཏི་མུག་ཉོན་མོངས་ཀུན་གྱི་རྩ་བ་དི།
འཇིག་ལྟ་མ་རིག་པ་ལས་སྐྱེད་པ་ཡིན།
སེང་གེ་



རྒྱང་སྐྱོད་[རྩོམ་སྒྲིག]

རྒྱང་སྐྱོད་
རེ་བ་གང་ཞིག་གི་ཆེད་དུ་ཡིན་ནམ།
འཚོ་བ་གང་ཞིག་གི་ཆེད་དུ་ཡིན་ནམ།
བདེ་སྐྱིད་གང་ཞིག་ལ་བརྗོད་དམ།
ངས་མ་ཤེས་ ངས་རྩ་བ་ནས་མ་ཤེས་།
སྨག་རུམ་དང་མུན་པ་།
ཞེད་སྡང་དང་ཕྲག་དོག།
ཁེར་རྐྱང་གི་བསམ་བློ་ནམ་ཡང།
ངའི་སེམས་ཁོང་ནས་བཞུད་པར་དཀའ་ཞིང།
ངོ་མ་བསམ་ཞིང་ཡ་ང་བའི་ཡུལ་ཞིག
འགྱོད་སེམས་མེད་པའི་སྡུག་སྤྱོད་ཀྱི་འཚོ་བ།
སྙིང་རྗེ་མེད་པའི་སྲོག་གཅོད་ཀྱི་བསམ་པ།
འདི་བདེ་སྐྱིད་ཀྱི་འཚོ་བ་ཡིན་ནམ།
འདི་ཆོས་སེམས་དང་ལྡན་པའི་གངས་ཡུལ་དེ་ཨེ་རེད།
ཡིད་མུག་པའི་བུ་གཞན་ང།
ཕྲལ་མར་རྒྱང་སྐྱོད་ཀྱི་བསམ་པ་ཞིག་ཤར་ནས།
རྒྱང་སྐྱོད།
ཁྱེད་ཀྱི་ང་ལ་སྨག་རུམ་ལས་བྲལ་ནུས་པའི་ཡོན་ཏན་ཞིག་གཏེར་ནུས་པ་ཨེ་རེད།
རྒྱང་སྐྱོད།
ཁྱེད་ཀྱི་ང་ལ་རང་དབང་ཞེས་པའི་བདེ་སྐྱེད་ཀྱི་འཚོ་བ་དེ་གཏེར་ནུས་པ་ཨེ་རེད།
སེང་གེ་

ས་པཎ་འདྲེན་གླུ་[རྩོམ་སྒྲིག]

ས་པཎ་འདྲེན་གླུ་
དངོས་གསུམ་བོད་དུ་བྱོན་པ་འཇམ་དབྱངས་ཀྱི་སྤྲུལ་སྐུ།
དུས་གསུམ་བླུ་བ་མེད་པའི་སྐྱབས་དགོན་གྱི་བླ་མ།
གུང་སྔོན་ཐོན་པོའི་དབྱིངས་ཀྱི་ཐང་དཀར་དང་འདྲ་བའི།
དྲིན་ཆེན་ས་པཎ་འདྲེན་པའི་གླུ་ཆུང་དེ་ལེན་ཡོད།
ཡང་དག་ཤེས་བྱར་བརྩོན་པའི་འགྱུར་མེད་ཀྱི་བློ་སེམས།
དབུ་མའི་ལེགས་བཤད་སྙིང་པོའི་བདུད་རྩེ་དེ་ལེན་ཐར།
གངས་ཅན་མཁས་པའི་དབུས་ན་གྲལ་མགོ་དེར་གནས་པའི།
ཀུན་དགའ་རྒྱན་མཚན་གྲགས་པ་དྲིན་ཆེན་དེ་ལགས་སོ།
མ་རིག་མུན་པ་སེལ་བའི་སྐྱེ་ཆེན་གྱི་དམ་པ།
ས་པཎ་བློ་རིག་བཀྲ་བའི་འཕྲིན་ལས་དེ་ངོ་མཚར།
མཚན་སྙན་ཡངས་པའི་གངས་ཅན་ཤེས་རིག་གི་དཔའ་བོ།
ས་སྐྱ་པཎ་ཆེན་གྲགས་པ་མཁས་ཆེན་དེ་ལགས་སོ།
ས་པཎ་མཁས་མཛངས་ཆེ་བ་ཚེ་སྔོན་གྱི་སྨོན་ལམ།
དུས་གསུམ་གང་དུ་འཁྲུངས་ཀྱང་ཤེས་རིག་གི་དཔའ་བོ།
གངས་ཅན་ཡུལ་དེར་འཁྲུངས་པ་བོད་མི་ཡི་བསོད་ནམས།
འཇམ་དབྱངས་དངོས་སུ་གྲགས་པ་ས་པཎ་ཁོང་ལགས་སོ།
སེད་གེ་