User talk:ཁང་གསར།

Page contents not supported in other languages.
ཡོང་ཁུངས་Wikipedia

ངའི་ཕ་ཡུལ་རྣམ་གླིང་རྫོང་འོད་ཡུག་སོག་ཆེན་ཡིན། འོད་ཡུག་སོག་ཆེན་ནི་གཞིས་རྩེ་ས་གནས་རྣམ་གླིང་རྫོང་ཁོངས་སུ་གནས་ཡོད་ཅིང་། འཚོ་ཐབས་ཞིང་འབྲོག་རེད། དེ་ཡང་འབྲོག་པ་ལས་ཞིང་པ་མང་ཞིང་། ཡུལ་དེར་དམིགས་གསལ་ཆུ་མཚན་ཞིག་ཡོད། འོད་ཡུག་ཁོངས་སུ་ཤང་ཁག་བཞི་དང་། དགོན་སྡེ་ཆེ་ཆུང་བཞི་ཙམ་ཡོད། ཤང་ཁག་བཞི་ནི། ༡༽སོག་ཆེན་ཤང་། ༢༽སྟག་རྩེ་ཤང་། ༣༽ནུབ་མ་ཤང་། ༤༽མང་ར་ཤང་བཅས་ཡིན། དེ་ཡང་སོག་ཆེན་ཤང་ཁོངས་སུ་དགོན་སྡེ་གཉིས་ཡོད་པ། ༼བྲག་དཀར་དགོན་༽དང་། བཙུན་དགོན་༼ཟམ་བརྩེན་༽གཉིས། མང་ར་ཤང་ཁོངས་སུ། ༼སྡིངས་མ་དགོན། ༽་ནུབ་མ་ཤང་ཁོངས་སུ་༼གཡུང་དྲུང་གླིང་༽བཅས་ཡིན། གཡུང་དྲུང་གླིང་ནི་སྟག་གྲུ་ཁ་ཆུ་ཕ་རི་ཚུར་རི་ཡིན་ལ་འོད་ཡུག་གི་ས་མམཚམས་ཡང་ཡིན། སོག་ཆེན་ཤང་ཁོངས་སུ་ཡོད་པའི་གྲོང་ཚོ་ཁག་ནི། བྲག་དཀར། བསམ་རྙིང་། རབ་དཀར། པད་ལུང་། དགའ་རྩེ། གཡའ་མོ། སྔོན་པོ་བསྟོད། སོག་ཆེན། འདེམས་ཆོག འབའ་ཤང་སོགས་ཡོད།

དྲ་གྲོགས་ཚོས་སྟག་རྩེ་སོགས་ཀྱི་གྲོང་ཚོ་ཁག་གི་གསལ་བཤད་འབྲི་ན་ཆོག

ས་མཐའ་ཞིག་ནས་ཕ་ཡུལ་དྲན་པའི་ཉིན་ཐོར།

འོད་ཡུག་ཧ་ཅང་དྲན་བྱུང་།[རྩོམ་སྒྲིག]

File:༥༦
ས་ཁྲ།

རང་ཡུལ་གྱི་བདེ་སྐྱིད་དང་བྲལ་ཞིང་། ས་མཐའི་མི་ཚེ་རབ་རིབ་ཞིག་གི་འོག་ནས་རང་ཉིད་ཀྱི་ཕ་ཡལ་དྲན་པས་གློག་ཀླད་ཁ་ཕྱེ་སྟེ་དྲ་ནང་འཛུལ་ཏུ་དབྱིན་བོད་གཉིས་ཀྱི་ཐོག་ནས་ངའི་ཕ་ཡུལ་བསྐོར་ལ་བལྟ་ཚུལ་བྱས་ཀྱང་། དྲ་རྒྱ་ཁག་ནང་ངའི་སྐྱེས་ཡུལ་ནི་རི་བོང་རྭ་དང་གཅིག་མཚུངས་རང་རེད། དེ་བས་འདྲ་པར་རིགས་མཐོང་འདོད་ཧ་ཅང་ཆེ་བ་ཡང་བརྙེད་གསོན་མ་བྱུང་བར་ངོ་མ་སེམས་བློ་བབ་ཕེབས་ཞིག་རྩ་བ་ནས་མ་བྱུང་། དེའི་ཕྱིར་དེ་རིང་ནས་རང་ཉིད་ཀྱིས་ཤེས་པའི་རང་ཡུལ་བསྐོར་གནས་འདི་ན་འབྲི་རྒྱུའི་སེམས་ཐག་བཅད་ཅིང་། དེ་རིང་ནས་ངས་ཉིན་ཐོ་འབྲི་མགོ་བརྩམས་པ་ཡིན། མ་གཞི་རང་ཉིད་ས་མཐའི་འཚོ་བ་རབ་རིབ་ཁྲོད་དུས་ཚོད་ཀྱི་དཀའ་ངལ་ཡོད་ན་ཡང་། རང་ཉིད་ཀྱི་ཡུལ་ལུང་བསྐོར་དང་། ས་ཁྲ་སོགས་རིམ་པས་འབད་བརྩོན་གྱིས་འདི་ནས་གང་རྒྱས་བླུགས་ཐབས་ཞུ་རྒྱུ་བཅས་ས་མཐའ་ནས་འོད་ཡུག་པའི་བུས།