User:Zhaxio

ཡོང་ཁུངས་Wikipedia

༄༅ ། འཇམ་དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ། ༄༅། །བཅོམ་ལྡན་འདས་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་སྒྲིབ་གཉིས་སྦྲིན་བྲལ་ཉིན་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན།།གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔག་གྱིས་གཟིར་བའི།།འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང།།འབྲུག་ལྟར་ཆེར་སྒྲོག་ཉོན་མོངས་གཉིད་སློང་ལས་ཀྱི་ལྩགས་སྒྲོག་འགྲོལ་མཛད་ཅིང། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་དཔལ་་་དབྱངས་ལ་འདུད༎ ༈ །རྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས། བདག་བློའི་གཏི་མུག་མིན་པ་རབ་གསེལ་ནས། ཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་དུ་གསོལ༎ ༈ །སེམས་ཅན་རྣམས་ཀྱི་བསམ་པ་དང། བློ་ཡི་བྱེ་བྲག་ཇི་ལྟ་བུར། ཆེ་ཆུང་ཐུན་མོང་ཐེག་པ་ཡི། ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ༎

"https://bo.wikipedia.org/w/index.php?title=User:Zhaxio&oldid=95839"ལས་སླར་རྙེད་སོང།