User:Tib tino

ཡོང་ཁུངས་Wikipedia

མཚོ་ལྷོ་ཁུལ་འབའ་རྫོང་གོང་མ་བཅའ་སྡོད་སློབ་གྲྭས་མི་རིགས་རིག་གནས་སློབ་གྲྭའི་སློབ་གསོ་རུ་དྲངས་པ།

སློབ་མའི་ཁྱིམ་བདག་གིས་རང་ཉིད་ཀྱི་བརྩམས་ཆོས་འགྲེམ་པ།

སྦྲ་གུར་ནང་གི་དུས་རྒྱུན་འཚོ་བའི་སྤྱོད་ཆས།

གནའ་བོའི་བོད་རིགས་འཚོ་བའི་སྤྱོད་ཆས་དང་འཚོ་བའི་གོམ་སྲོལ་སོགས་དེང་རབས་འཚོ་བས་ཚབ་བྱས་ཤིང་རིམ་གྱིས་ཡལ་མེད་དུ་འགྲོ་བཞིན་ཡོད་པར་དམིགས་ཏེ། མཚོ་ལྷོ་ཁུལ་འབའ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གོང་མ་བཅའ་སྡོད་སློབ་གྲྭས་བོད་རིགས་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བར་སློབ་མའི་ཁྱིམ་བདག་དང་དམངས་ཁྲོད་སྒྱུ་རྩལ་པ་སོགས་དང་སྐུལ་བྱས་ནས། བོད་རིགས་གནའ་བོའི་བཟའ་འཚོའི་སྤྱོད་ཆས་དང་ཞིང་ལས་སྤྱོད་ཆས། གྱོན་གོས་རྒྱན་ཆས་སོགས་བརྗོད་སྙིང་དུ་བཟུང་བའི་མི་རིགས་རིག་གནས་སྒྱུ་རྩལ་ཐོན་རྫས་བཟོ་སྐྲུན་བྱས་པ་མ་ཟད། ༢༠༠༩ལོར་སྐབས་དང་པོའི་རྐ་འབའ་སུམ་མདོ་གོང་མ་བཅའ་སྡོད་སློབ་མའི་དམངས་ཁྲོད་སྒྱུ་རྩལ་འགྲེམ་སྟོན་ཞེས་པའི་བྱ་འགུལ་སྤེལ་ཞིང་སློབ་གྲྭ་གཞན་དག་དང་སྤྱི་ཚོགས་ལས་རིགས་ཁག་གིས་དགའ་བསུའམ་ཁས་ལེན་ཆེན་པོ་བྱེད་ཀྱི་ཡོད།

འབྲོག་ཁུལ་རིག་གནས་གཙོ་ཡིན་པའི་ལག་བཟོ་སྒྱུ་རྩལ་གྱིས་བོད་པའི་ལོ་རྒྱུས་རིག་གནས་རྒྱ་ཆེར་མངོན་ཞིང་། བོད་ཀྱི་རིག་གནས་རྒྱུད་འཛིན་བྱེད་པ་དང་ཆབས་ཅིག་ཏུ་བོད་ཀྱི་རིག་གནས་ནང་དོན་དང་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་གྱི་གསོན་ཉམས་དོད་པོ་མཚོན་གྱི་ཡོད།

འདི་ལྟ་བུའི་བྱ་འགུལ་སྤེལ་པ་བརྒྱུད་དེ་མང་ཚོགས་ལ་གནའ་བོའི་དུས་རྒྱུན་འཚོ་བ་རྒྱུས་ལོན་བྱེད་པའི་སྒོ་ལག་ཕྱེ་བ་དང་། སློབ་མ་རྣམས་ལ་ངང་ངམ་ཤུགས་ཀྱིས་བོད་ཀྱི་རིག་གནས་ངེས་སུ་བཅུག་ཅིང་། འདིས་སློབ་གསོ་བྱ་བར་རམ་འདེགས་ཆེན་པོ་ཐོབ་ཀྱི་ཡོད་པ་མ་ཟད་སློབ་མ་རྣམས་ཀྱིས་མི་རིགས་ཀྱི་གནའ་བོའི་ཐོན་སྐྱེད་འཚོ་བའི་ལག་རྩལ་སློབ་སྦྱོང་དང་རྒྱུན་འཛིན་བྱེད་པར་སྟེགས་བུ་ལེགས་པོ་ཞིག་སྐྲུན་པ་རེད།

"https://bo.wikipedia.org/w/index.php?title=User:Tib_tino&oldid=101847"ལས་སླར་རྙེད་སོང།