User:ངག་དབང་བསོད་ནམས།/ཟླ་འོད་འོག་གི་སྙིང་གཏམ།

ཡོང་ཁུངས་Wikipedia

རྩོམ་ཡིག་གི་ཁུལ།

ཟླ་འོད་འོག་གི་སྙིང་གཏམ།
མཁས་གྲུབ།

ལྷང་ལྷང་ཡིད་ལ་དྲན་པའི།།
སྙིང་སྡུག་མཛེས་ལྡན་ལྷ་མོ།།
དཀར་གསལ་ཟླ་བའི་འོག་ལ།།
སྙིང་གཏམ་གསུངས་པར་ཕེབས་དང༌།།
མཛེས་ལྡན་ལྷ་མོའི་ཞལ་རས།།
བཅོ་ལྔའི་ཟླ་ལས་དཀར་བ།།
བརྩེ་དུང་མཚོན་པའི་བཀའ་མོལ།།
སྦྲང་རྩི་ལས་ཀྱང་མངར་བ།།
ཟླ་བ་དུང་ལས་དཀར་བ།།
ལྷག་བསམ་ཡིན་བསམ་གནང་དང༌།།
ཟླ་འོད་ས་གཞིར་འཕྲོས་པ།།

ལས་འཕྲོ་ཡིན་བསམ་གནང་དང༌།།