Talk:རབ་བྱུང་

Page contents not supported in other languages.
ཡོང་ཁུངས་Wikipedia

༄༅།།--Jigmeberi (talk) ༠༣:༤༧, ༣ ཟླ་བཅུ་གཉིས་པ། ༢༠༡༤ (UTC)ཤེས་ཡོན་ཡར་རྒྱས་དང་རིགས་གཅིག་རྐང་འཛིན་པ་གང་མང་གསོ་སྐྱོང་ཐུབ་ཐབས་ཀྱི་ལྷན་ཚོགས་ཉིན་གཉིས་ཀྱི་ཚིག་ཐོ། ཉིན་དང་པོ།༢༠༠༨།༡༢།༥[reply]

༢༽སྤྱི་འཐུས་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ།

ད་གིན་སྐུ་ངོ་བཀའ་བློན་མཆོག་གིས་ང་ཚོར་མ་སྐུལ་དང་ལེན་གྱིས་རང་འགུལ་རང་བྱས་ནས་འཛེམས་ཟོན་མེད་པའི་ཐོག་ནས་གང་བསམ་པ་དེ་ཞུས་ཤོག་གསུང་དུས།བཀའ་གདམས་པའི་དགེ་བཤེས་གོང་མ་རྣམ་པས། སྤང་བླང་གང་ཞིག་དགོས་པ་དེ་ཉིད་དང་པོ་རང་ངོས་ནས་གནང་གི་ཡོད་པ་ནང་བཞིན།ང་ཚོ་འདིར་ལེགས་བཅོས་རང་གི་དོན་དུ་གགང་ཞིག་བཤད་རེས་བྱེད་པ་དེ། རང་ངོས་ནས་ཉམས་ལེན་བྱེད་ཐུབ་པའི་ཐོག་ནས། སྤྱི་པའི་རྩ་དོན་ཆེད་མ་གཏོགས་ཁ་འཛིངས་ཀྱི་དོན་དུ་མིན།འདིའི་ཐོག་སྤྱིར་བཏང་ང་རང་གི་རེ་བ་ཟེར་ན་འདྲ། འཆར་གཞི་ཟེར་ན་འདྲ། ཞུ་རྒྱུ་གང་ཡིན་པ་དེ་ཟིན་བྲིས་མདོར་བསྡུས་ཤིག་བཟོས་ཡོད།བཟོ་དགོས་པའི་དོན་དེ་དུས་རྒྱུན་གྲོས་ཚོགས་ཀྱི་ནང་ལ་ཡང་མང་པོ་ཞིག་ཞུ་མྱོང་ཡོད།སྐུ་མདུན་གྱི་བཀའ་སློབ་དེ་མ་ཕེབས་པའི་སྔོན་ནས་མང་ཚོགས་ཀྱི་ནང་ལ་ཡང་བསམ་ཚུལ་ཤུགས་ཆེན་པོ་ཞིག་ཡོང་བསྡད་ཀྱི་ཡོད་པ་དང༌།ང་རང་ཡིན་ན་ཡང་འཛིན་གྲྭ་བཅུ་གཉིས་ཐོན་མཁན་གྱི་ནང་ནས་ཨང་རྩིས་ཁྲིད་ཤེས་མཁན་ཐོན་གྱི་ཡོད་པ་མ་རེད་ཅེས་པ་དང༌།བོད་པའི་སློབ་གྲྭ་ཆ་ཚང་ཐོན་པ་ཡིན་ན་ཡང་བོད་ཡིག་ཁུངས་འཕེར་བ་ཞིག་དང་ཁུངས་འཁྱོལ་བ་ཞིག་ཡོང་ཐུབ་ཀྱི་མི་འདུག་ཟེར་བ་དེ་ང་གཅིག་པུས་ལྟ་བ་དང་ལངས་ཕྱོགས་ཙམ་མ་རེད།མི་མང་པོ་ཞིག་གི་དགོངས་འཆར་རེད།དེའི་དཔང་རྟགས་ལྟ་བུ་དེ་ྋསྐུ་མདུན་གྱིས་ཉེ་ཆར་གསུངས་ཡོད་པ་རེད།ངས་ང་རང་གང་ཟག་སྒེར་པ་གཅིག་གི་བསམ་ཚུལ་ཡིན།ནོར་འཁྲུལ་གང་ཡང་མེད་པ་བྱས་ནས་ཞུ་གི་ཡོད་ལབ་ཀྱི་མེད། ྋསྐུ་མདུན་གྱིས་ཀྱང་གསུངས་ཡོད་པ་རེད།ལོ་ངོ་ཁ་ཤས་ཤིག་གི་ནང་ལ་གསུངས་མ་སོང་བསམ་བསམ་ཞིག་འདུགལོ་རེ་གཉིས་ཀྱི་ནང་ལ་འཐུས་ཤོར་ཤུགས་ཆེན་པོ་འགྲོ་བའི་རྣམ་པ་ལྟ་བུ་དེ་ཡིན་གྱི་མ་རེད།དྲུག་ཅུ་རེ་གཉིས་སྐབས་ནས་རྒྱ་གར་ལ་སླེབས། སྐབད་དེར་ལོ་བཅུ་དྲུག་བཅུ་བདུན་བཅོ་བརྒྱད་བཅུ་དགུ་ཉི་ཤུ་ཟིན་ཚར་དུས་གཞི་ནས་སློབ་གྲྭར་ཕྱིན་པ་དེ་ཚོ་གྲས་ཀྱི་བོད་ཡིག་གི་ཤེས་ཚད་ག་ཚོད་ཙམ་ཞིག་འདུགདབྱིན་ཇིའི་ཤེས་ཚད་ག་ཚོད་ཙམ་འདུགདེ་རིང་ཁ་སང་འཛིན་གྲྭ་བཅུ་གཉིས་དང་མཐོ་རིམ་སློབ་གྲྭ་ཐོན་མཁན་ཚོའི་བོད་ཡིག་ཤེས་ཚད་ག་ཚོད་ཙམ་འདུགདབྱིན་ཇིའི་ཤེས་ཚད་ག་ཚོད་ཙམ་ཞིག་འདུགདེ་ལ་ཡང་ལྕི་འདྲ་བོ་ཞིག་བཀྱགས་པ་ཡིན་ན་ང་ཚོས་ཤེས་རྒྱུ་ཞིག་དང་ང་ཚོས་ཐུགས་སྣང་བྱེད་དགོས་པ་ཞིག་རང་བཞིན་གྱིས་ཡོང་གི་རེད་ལ། ཐུགས་སྣང་ཞིག་གནང་ན་འཐུས་ཤོར་ཤུགས་ཆེན་པོ་ཞིག་ཕྱིན་ཡོད་པ་དེ་གསལ་པོ་ཆགས་ཡོད་པ་རེད།དེ་ཆེད་དུ་གཉེར་ནས་བྱས་བཞག་པ་ཡོད་པ་མ་རེད།ཡིན་ན་ཡང་གནད་འགག་ཆེ་ཤོས་དེ་ཁོར་ཡུག་དེ་རེད།དེ་ཡང་ང་ཚོས་གསལ་པོ་བྱས་ནས་ཤེས་དགོས་ཀྱི་འདུགགང་ཟག་སྒེར་པ་ཞིག་ལ་ཕར་ཁ་གཡོགས།ཚུར་ཁ་གཡོགས་དེ་འདྲ་བྱེད་ཐབས་ཡོད་པ་མ་རེད།གང་ལྟར་ཡང་ང་ཚོས་ལས་ད་རེས་ལེགས་བཅོས་ཤུགས་ཆེན་པོ་ཞིག་བཟོ་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་ཆགས་བསྡད་ཡོད་པ་རེད། དོན་ཚན་དང་པོ། དེ་སྔོན་ངས་གྲོས་ཚོགས་ཀྱི་ནང་ལ་ཡང་ཞུ་རྒྱུ་བྱུང༌།སྐབས་དེ་དུས་ཏག་ཏག་བསྡད་ཀྱི་མ་རེད་གསུངས་སོང༌།དེ་ངས་ཁས་ལེན་ཞུ་གི་ཡིན།ད་ལྟ་འདིའི་ནང་ཞུས་ན་ཏག་ཏག་ཅིག་བསྡད་ཀྱི་ཡོད་འགྲོ་བསམ་པ་དྲན་གྱི་ཡོད།ངས་འདིར་ཞུས་པ་དེ་གཙོ་བོ་བོད་ཡིག་སྒང་ལ་ཞུ་གི་ཡོད། ང་ཚོའི་བོད་ཡིག་མཁས་པ་རྒན་གྲས་ད་ལྟ་ཡང་མང་པ་ཞིག་ཞལ་བཞུགས་འདུགཕྱི་རྒྱལ་ལ་ཡོད་པའི་བྲག་གཡབ་སྐྱབས་མགོན་ལྟ་བུ་དང༌།མཁས་དབང་ནམ་མཁའི་ནོར་བུ་དང༌།བཀྲ་མཐོང་རག་ར་རིན་པོ་ཆེ།གདོང་ཐོག་བསྟན་པའི་རྒྱལ་མཚན་ལ་སོགས་པ་གང་ལྟར་མིང་བགྲང་ན་བགྲང་ཚད་ཡོད་པ་མ་རེད།མང་པོ་ཡོད་པ་རེད།དེ་རྣམས་ལ་ཆེ་མཐོང་བཞག་ན་འགྲིག་གི་རེད།བཤད་སྲོལ་ལ་ཁོང་རྣམ་པ་དེ་སྔོན་དྷ་རམ་ས་ལར་མ་ཆགས་ནས།རྒྱལ་སྲས་ཞི་བ་ལྷས།མཁས་པ་གོང་དུ་བཀུར་བ་དང༌།།བསོད་སཉོམས་དག་ཀྱང་ཐོབ་པར་ཤོག། ཅེས་པའི་སྨོན་ལམ་གྱི་བདེན་སྟོབས་མ་འགྲུབ་པའི་རྐྱེན་གྱིས། མཁས་པ་ཁག་ཕྱིའི་རྒྱལ་ཁབ་ཁག་ལ་ཕེབས་པ་རེད་ཅེས་བཤད་སྲོལ་དེ་ཤུགས་ཆེན་པོ་ཡོད་རེད།བཤད་ཚོད་བདེན་པ་རེད་ཅེས་ཆ་རྩ་བ་ནས་ངོས་འཛིན་བྱེད་ཀྱི་མེད་ལ།སྤྱིར་བཏང་ནས་ཀྱང་ང་ཚོའི་གཞུང་འདི་བཙན་བྱོལ་གྱི་གཞུང་ཞིག་ཡིན་ཙང་ཐུགས་ཁག་མེད།དཔེར་ན།རྒྱ་གར་སྐམ་ས་ཆེན་པོའི་རྒྱལ་ཁབ་སྟོབས་ཆེན་འདིའི་ནང་ནས་ཀྱང་ཚན་རིག་པ་སྐད་གྲགས་ཆེན་པོ་དེ་ཚོ་འདོད་པ་མ་ཁེངས་པའི་རྐྱེན་གྱིས་ཕྱི་རྒྱལ་ལ་ཕར་འགྲོ་བསྡད་ཀྱི་ཡོད་པ་རེད།ང་ཚོ་ད་ལྟའི་ཆར་རྒྱལ་ཁབ་མེད་མཁན་གྱི་མི་རིགས་ཤིག་ཡིན་སྟབས་སྤྱིར་བཏང་དེ་འདྲ་ཡིན་གྱི་རེད།ཁག་མེད་པ་ཞིག་རེད།ཡིན་ནའང་ཁ་ལ་དཔོག་པའི་སོའི་དཔེ་དང་འདྲ་བ་ཞིག་གནང་དགོས་ངེས་ཡིན་ནའང་། ད་བར་མཁས་པ་རྒན་གྲས་དེ་ཚོར་བཀུར་བཟོས་བྱས་པའི་ལོ་རྒྱུས་མི་འདུགའདི་ཚོ་ཡང་རང་རེའི་སྐད་ཡིག་ལ་རང་ངོས་ནས་ཆེ་མཐོང་མ་སྤྲོད་པ་དང་། མཁས་པ་ཆེན་པོ་དེ་རིགས་ལ་དམིགས་བསལ་གྱི་གོ་སྐབས་ཁོར་ཡུག་མ་བསྐྲུན་པ་དེས། དེ་དག་གིས་མཁྱེན་པའི་བོད་རིག་པའི་གནས་ལུགས་མང་པོ་ཞིག་གི་རྒྱུད་ལམ་ལ་གད་ཆགས་སོང་བའམ་གཏོང་པ་ཞིག་རེད་ཅེས་ངོས་འཛིནམི་བྱེད་ཐབས་མེད་རེད། གང་ལྟར་ང་ཚོའི་བཙན་བྱོལ་གྱི་སྤྱི་ཚོགས་ནང་བོད་ཡིག་རིགས་གཅིག་རྐང་འཛིན་ལབ་ཀྱི་ཡོད་ན་ཡང་རེད།བོད་པའི་སྐད་ཡིག་གཙོ་བོར་གྱུར་པའི་ཤེས་རིག་གིས་འཐུས་ཤོར་ཆེན་པོ་འགྲོ་རྒྱུའི་གཞི་རྩ་གཅིག་དེ་དེ་རེད།དེའི་གཞི་རྩ་དེ་འདས་པའི་གཞི་རྩ་གཅིག་རེད།འདས་པའི་ཤེས་ཡོན་གྱི་གཞི་རྩ་ལ་ཕམ་ཉེས་ཐེབས་པའི་གཡང་ས་དེ་ལ་མུ་མཐུད་ནས་མི་འགྲོ་བར་ད་ལྟ་དང་མ་འོངས་པར་བྱེད་འོས་པ་དང་བྱེད་དགོས་པ་གང་ཡོད་པ་དེ། དེ་ད་ལྟ་ང་ཚོ་སྐབས་སུ་བབས་པའི་འགན་ཆེན་པོ་གཅིག་དེ་རེད་བསམ་གྱི་འདུགདེ་གནད་འགག་ཆེན་པོ་གཅིག་ལ་མི་འཛིན་ཀ་མེད་རེད་བསམ་གྱི་འདུག དོན་ཚན་གཉིས་པ། དེ་ནས་གཉིས་པ་དེ།འཐུས་ཤོར་བ་གང་འདྲ་བྱས་ཏེ་ཡོང་གི་འདུག་གམ་ཟེར་ན།བཙན་བྱོལ་གཞུང་གིས་སློབ་གྲྭར་འགྲོ་མཁན་དེ་རྣམས་ལ་འཚོ་བའི་ཆ་རྐྱེན་སོགས་གང་ཅིའི་ཐོག་ནས་བཙན་བྱོལ་གཞུང་ཞིག་ལ་བརྟེན་ནས་ཕུན་སུམ་ཚོགས་པར་བྱས་ཡོད་པ་རེད།ཡིན་ན་ཡང༌།ང་ཚོའི་སློབ་སྦྱོང་སྤྲོད་མཁན་གྱི་དགེ་རྒན་རྣམ་པ་ཚོའི་ཤེས་ཚད་གང་འདྲ་ཞིག་ལ་སླེབས་ཡོད་པ་དེ་ང་ཚོས་ཞིབ་ཚགས་པོ་བཟོ་དགོས་པ་ཞིག་རེད་དྲན་གྱི་ཡོད།ང་ཚོས་ཞིབ་ཚགས་པོ་བཟོ་རྒྱུ་དེ་ཁ་གསལ་གཏིང་གསལ་བཟོ་རྒྱུ་རེད་མ་གཏོགས།འཕྲལ་སེལ་གྱིས་ཕན་ཐོགས་ཡོང་གི་མེད།ཡིག་ཐོག་ནས་རྒྱུགས་བླངས་ཏེ།དེ་སྔོན་ངས་གྲོས་ཚོགས་ཀྱི་ནང་ལ་ལབ་མྱོང་བའི་སྐད་ཆ་ཡིན་མ་གཏོགས་ད་ལྟ་འདིར་གློ་བུར་དུ་ལབ་པ་ཞིག་མིན།སྐབས་དེའི་བཀའ་ལན་དུ། དགེ་རྒན་གྱི་ལག་ཁྱེར་ཡོད་མཁན་དང་ལས་ཀ་ཡོད་མཁན་དེ་ཚོ་མར་གཡུག་རྒྱུ་དང་ཕར་བསྒྱུར་རྒྱུ་དང་ཚུར་བསྒྱུར་རྒྱུ་དེ་ཚོ་ལ་སྟབས་བདེ་པོ་མི་འདུག་གསུངས་བྱུང༌།འཛིན་སྐྱོང་གི་ལས་ཀ་བྱེད་མཁན་ཞིག་གིས་ཕྱོགས་ཡོངས་ལ་ལྟ་དགོས་དུས་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད།དེ་ཤེས་ཀྱི་ཡོད།དེའི་དཀའ་ངལ་དེ་དང་ཤེས་ཡོན་འཐུས་ཤོར་གྱི་བར་དེར་ང་ཚོས་རིན་ཐང་གོང་ཚོད་རྒྱག་རྒྱུ་དང་ལྗིད་ཁོག་ཚོད་འཇལ་བྱེད་རྒྱུ་དེ་ང་ཚོས་གལ་ཆེ་ཆུང་ངེས་པར་དུ་ལྟ་དགོས་རེད་དྲན་གྱི་ཡོད།དགེ་རྒན་རྣམ་པ་ཚོ་རྒྱུགས་བླང་ན་ཧ་གོ་ཡི་རེད།རྒྱུགས་ལེན་མཁན་དེ་ཡང་ཧབ་བེ་ཧོབ་བེ་མ་བྱས་པར་རྒྱུགས་ལེན་མཁན་གྱི་ཚོགས་ཆུང་ཞིག་ཟུར་འཛུགས་ཀྱིས་ཚོགས་ཆུང་དེའི་ནང་ལ་ཚོགས་མི་དངོས་གནས་ཤེས་མཁན་ཞིག་དང༌།བྱེད་མཁན་ཞིགབྱེད་ཤེས་མཁན་ཞིགའཇོན་མཁན་ཞིགལྷག་བསམ་ཡོད་མཁན།ཉམས་མྱོང་གིས་འདང་མཁན་ཞིགཤེས་ཚད་འདང་ངེས་ཤིགབློ་ཁོག་གིས་འདང་མཁན་ཞིག་གི་འོག་ནས་ཐག་བཅད་དགོས་རེད།དེ་ངེས་པར་དགོས་པ་ཞིག་རེད་འདུགདེའི་རྒྱུ་མཚན་ནི་ང་ཚོའི་ཤེས་ཡོན་འཐུས་ཤོར་འགྲོ་བའི་སྐྱོན་ཆ་གཉིས་པ་དེ་དེ་ཆགས་ཡོང་གི་འདུག དོན་ཚན་གསུམ་པ། གསུམ་པ་དེ་འཛིན་སྐྱོང་གི་ཐོག་ནས་རེད།སློབ་སྤྱི་དང༌།དེ་དང་འབྲེལ་བའི་ཤེས་ཡོན་གྱི་ཐོག་ལ་འཛིན་སྐྱོང་བྱེད་མཁན་གྱི་སློབ་སྤྱི་གོང་མ།ལས་བྱེད་གོང་མ།འཛིན་སྐྱོང་གོང་མ་ཚོས་དེ་སྔོན་ག་རེ་བྱས་ཡོད་པ་དེ་ག་རང་གི་ཐོག་ལ་ཕྱིན་བསྡད་དེ་སོ་སོ་བསྡད་པའི་རིང་དེར་རྙོག་དྲ་མི་ཡོང་བ་རང་གཙོ་འདོན་བྱེད་པ་མ་གཏོགས།ལེགས་བཅོས་བྱས་ནས་ཡར་རྒྱས་གཏོང་རྒྱུ་ཡོད་ན་དང༌།དེ་ལ་བརྟེན་པའི་རྙོག་དྲ་དེ་འདྲ་ཡོང་གི་རེད།རྙོག་དྲ་དེའི་འགན་དེ་ལེན་མ་ཐུབ་པར་འཕྲལ་ལ་ཕན་ཁུལ་རང་བྱས་ནས་འགྲོ་བ་དེ་སྐྱོན་ཡོད་ན་མེད་ན་གཅིག་རེད་དྲན་གྱི་ཡོད།ངའི་ད་ལྟའི་འཆར་གཞིའི་ནང་ཡར་འབུལ་རྒྱུའི་འཆར་གཞི་བཞག་ཡོད།ཡིན་ན་ཡང་འཆར་གཞི་དེ་ཚོ་སྔོན་ལ་འདིར་ཞུ་གི་ཡོད།ངས་འདིའི་སྐོར་དེ་ཚོ་གྲོས་ཚོགས་ཀྱི་ནང་ལའང་ཞུ་མྱོང་ཡོད། གང་ཞུས་པ་དེ་ཚོ་ལྷག་བསམ་རྣམ་དག་གིས་ཞུས་པ་མ་གཏོགས་དེའི་ནང་ལ་གང་ཟག་བྱེ་བྲག་པ་ལ་སྐྱོན་བརྗོད་ཞུ་རྒྱུ་བསམ་བློའི་ཟུར་ལ་ཡང་མེད་པ་དེ་མཆོག་གསུམ་དཔང་པོར་བཙུགས་ནས་གསལ་པོ་ཞུ་མཆོག་པ་ཞིག་ཡིན་མ་གཏོགས་ཡང་འགའ་ཤས་ཀྱིས་གང་ཟག་བྱེ་བྲག་པ་ལ་སྐྱོན་བརྗོད་ཀྱི་རྣམ་པ་ལྟ་བུ་དེ་འདྲའི་དགོངས་པར་མ་འཁོར་བའི་ངེས་པ་ཡོད་པ་མ་རེད།དེ་དོན་ཚན་གསུམ་པ་དེ་ཡིན།། དོན་ཚན་བཞི་པ། དོན་ཚན་བཞི་པ་དེ།ང་ཚོའི་སློབ་དེབ་ཀྱི་ཐོག་ལ་བསྐྱར་ཞིབ་ཅིག་བྱེད་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་རེད་འདུག།ལོ་རྒྱུས་རྒྱས་པ་ཞུ་རྒྱུ་མིན།མདོར་བསྡུས་ཤིག་ཞུ་རྒྱུ་ཡིན།ཉེ་ཆར་འཛིན་གྲྭ་བརྒྱད་པའི་སློབ་དེབ་བཏོན་པའི་ནང༌།རྗེས་འཇུག་གི་རྟགས་ཀྱི་འཇུག་པ་བཤད་པའི་སྐབས་རྗེས་འཇུག་གི་ཕོ་མོ་མ་ནིང་སྐབས་ནོར་འདུག་ཟེར་མཁན་ཁ་ཤས་ཤིག་འདུགཁ་པར་བཏང་བ་ཡིན།སྐབས་དེ་དུས་ཁ་ཐུག་ངོ་ཤེས་པ་དེ་ཆུང་ཚེ་རིང་ཆགས་ཀྱི་འདུགཆུང་ཚེ་རིང་ཡོད་པ་མ་རེད།ཛ་དྲག་ལས་འགུལ་ཚོགས་ཆུང་ནང་ཕྱག་ལས་ལ་ཕེབས་པ་རེད་ཟེར་གྱི་འདུགདེ་ནས་གནས་སྐབས་བཞག་པ་ཡིན།དེའི་རྗེས་ལ་ངའི་དགེ་ཕྲུག་ཅིག་གིས་རྒན་ལགས་དགོངས་པ་མ་ཚོམས་ཨང་ཟེར་ཡང་གཅིག་སླེབས་བྱུང༌།མ་ཡིག་དེ་ཚོར་རྟགས་བརྒྱབ་ཡོད།ནོར་བསྡད་འདུག་དེ་འདྲ་ཟེར་གྱི་ཡོད་པ་རེད།དེ་ནས་ངས་བསམ་བློ་བཏང་ནས་གང་འདྲ་བྱེད་དགོས་བསམ་སྟེ་ཤེས་རིག་ལ་ཕར་བཅར་ནས་དྲུང་ཆེ་རང་ལ་འདི་འདྲ་འདི་འདྲ་ནོར་འདུག་ཞུས་ན།གཅིག་བྱས་ནས་བཅོས་ཚར་ཡོད་ཀྱི་རེད།འཛིན་གྲྭ་བརྒྱད་པའི་སློབ་དེབ་ཉིས་སྟོང་གཉིས་ལོ་ནས་པར་འགྲེམས་བྱས་ནས་ད་བར་ལོ་དྲུང་བདུན་ཙམ་འགྲོ་གི་ཡོད་པ་རེད།འཛིན་གྲྭ་བརྒྱད་པ་སློབ་མཁན་དགེ་རྒན་ག་ཚོད་ཡོད་པ་རེད། དེ་རྣམས་ཀྱིས་གཏན་གཏན་ལབ་ཡོད་ཀྱི་རེད་དྲན་བྱུང༌།ཁ་སང་ཁ་ལག་བཟས་པའི་བར་སིང་དེར་སྐུ་ངོ་དྲུང་ཆེ་ལ་ང་ཕར་གཅིག་བཅར་དགོས་ཀྱི་འདུག་ཅེས་ཞུས་པ་ཡིན།ཉི་མ་གཅིག་ཁ་པར་བཏང་ཡོང་གསུངས་ཀྱི་འདུག་ཀྱང་ད་ལྟ་བར་ཁ་པར་སླེབས་མ་བྱུང༌།དོན་ཚན་བཞི་པ་དེ་སློབ་དེབ་དེ་ཚོར་ངེས་པར་དུ་བསྐྱར་ཞིབ་བྱ་རྒྱུ་དེ་གལ་ཆེན་པོ་རེད།སློབ་དེབ་ནང་ལ་གཏམ་རྒྱུད་བཟོ་མཁན་ཡོད་པ་རེད།རབ་བཏགས་གཏམ་རྒྱུད་བཟོ་མཁན་ཡོད་པ་རེད།དེ་ཚོ་གང་ལ་གང་འཚམ་བྱ་རྒྱུ་ཡོད་པ་རེད།ད་དུང་སློབ་དེབ་ཁྲིད་མཁན་རེད།འོན་ཀྱང་རྩ་བ་ནོར་ན་ཡལ་ག་ནོར་རྒྱུ་ཡིན་པ་གཏན་འཁེལ་རེད།སློབ་དེབ་རྩོམ་སྒྲིག་པའི་ནང་མཁས་པ་ཚད་དང་ལྡན་པ་བཞག་སྟེ་བསྐྱར་ཞིབ་གནང་དགོས་གལ་ཆེན་པོ་རེད་འདུག།དེ་ཡང་ཡུལ་དུས་གནས་བབ་དེ་འདྲའི་ཐོག་ནས་ཞུས་པ་མ་གཏོགས་གང་ཟག་བྱེ་བྲག་པ་སུ་གཅིག་ལ་སྐྱོན་བརྗོད་ཞུ་གི་མེད།དེ་ཚོ་འདས་པའི་ལོ་རྒྱུས་རེད།ད་ལྟ་དངོས་གནས་སྐུ་མདུན་གྱིས་བཀའ་སློབ་གནང་བ་བཞིན་ལེགས་བཅོས་བྱེད་དགོས་པ་དང༌།ཉམས་གསོ་བྱེད་དགོས་པ།བསྐྱར་གསོ་བྱེད་དགོས་པའི་ཐོག་ལ་ང་ཚོར་བཀའ་ཡིག་ཕེབས་པའི་ནང་ལ།བོད་མི་ན་གཞོན་གོ་ཆོད་འཕེར་ཐབས་ཞེས་དང༌།བྱེ་བྲག་ཏུ་རིགས་གཅིག་རྐང་འཛིན་པ་གང་མང་གསོ་སྐྱོང་ཐུབ་ཐབས་ཞེས་གསུངས་པའི་གསུང་འཕྲིན་ནང་ལ་བཀའ་སློབ་ཕེབས་པ་དེའི་ནང་གི་བརྗོད་གཞི་དང་པོ་དེ་བོད་མི་ན་གཞོན་རྣམས་ཀྱི་ནང་ནས་གོ་ཆོད་པ་དེ་ངའི་བསམ་ཚུལ་བྱས་ན་རྨང་གཞི་དང་པོ་དེ་ག་རེ་ཚུགས་དགོས་ཀྱི་འདུག་གམ་ཟེར་ན།ཤེས་ཡོན་ཚོགས་ཆུང་ཞིག་ངེས་པར་འཛུགས་དགོས་ཀྱི་འདུག་བསམ་གྱི་འདུག།ཤེས་ཡོན་ཞིབ་འཇུག་ཚོགས་ཆུང་ཚུགས་རྒྱུ་དེའི་ནང་ལ།ཚོགས་པ་གང་འདྲ་ཞིག་འཛུལ་ཞུགས་བྱེད་དགོས་ཀྱི་ཡོད་ན་ཡང༌།ཆ་རྐྱེན་དང་པོ་དེར་ཆོས་ལུགས་དང༌།ཆོལ་ཁ།ལུང་ཚན།ཆབ་སྲིད་དང་ཕྱོགས་གཏོགས་ཀྱི་དྲི་མ་དེ་རྩ་བ་ཉིད་ནས་མ་འཁྱེར་བ་བཟོ་དགོས་པ་དེ་ང་ཚོས་དོན་ཚན་དང་པོ་ཁོ་རང་དཔེར་ན།གང་ཞིག་གསེར་གྱི་རི་ལ་གནས་བཅས་ན།།དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར།།ཞེས་གསུངས་པ་ནང་བཞིན།དང་པོ་ནས་དེ་འདྲ་མེད་པ་གཅིག་བཟོ་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་བརྩི་དགོས་ཀྱི་འདུག་ཅེས་ཞུ་རྒྱུ་ཡིན།ཤེས་ཡོན་ཞིབ་འཇུག་ཚོགས་ཆུང་བཙུགས་པ་ཡིན་ན།ང་ཚོས་ཕྱག་ལས་དང་པོ་འགོ་འཛུགས་དུས་ནས་གཙང་ཙམ་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་མཐོང་གི་འདུག། ཆ་རྐྱེན་གཉིས་པ་དེ་ཚོགས་ཆུང་དེའི་ནང་ལ་ཤེས་ཚད་ཏག་ཏག་བསྡད་མཁན་ཞིག་དགོས།ང་ཚོའི་ཤེས་ཡོན་པ་གཅིག་དང་གཅིག་ཟེར་བ་དང༌།རྩོམ་པ་པོ་གཅིག་དང་གཅིག་ཟེར་བ་དང༌།མཁས་པ་གཅིག་དང་གཅིག་ཟེར་བ།འཛིན་སྐྱོང་པ་གཅིག་དང་གཅིག་ཟེར་བ།ཀཽསི་གཅིག་གཅིག་དང༌།རེག་ཊར་གཅིག་གཅིག་ཟེར་བའི་རྒྱུ་མཚན་ལ་ང་ཚོས་འཆར་ཅན་བཞིན་འགྲོ་བསྡད་པ་མ་ཡིན་པར།ཁ་ཡོད་ལག་ཡོད་ཀྱི་དབྱིན་ཇི་ལྟ་བུ་ཡིན་དབྱིན་ཇིའི་ཤེས་ཚད་ཏག་ཏག་བསྡད་པ།དེ་འདྲ་ཡོད་པའི་དཔང་རྟགས་ཁུངས་བཙན་ཡོད་པ།བོད་ཡིག་ཡིན་ན་བོད་ཡིག་ཁུངས་འཕེར་ཡོད་མཁན།དེའི་ནང་གསེས་རྩོམ་རིགས་ཡིན་ཡང་རེད།ལོ་རྒྱུས་ཡིན་ན་ཡང་རེད་གང་ལྟར་བོད་པའི་རིག་གཞུང་དང་འབྲེལ་བའི་ཤེས་རིག་གང་གི་ཐོག་ནས་ཡིན་ན་ཡང་གང་ས་ཅི་ཐད་ནས་གདེང་འཁེལ་བ་ཞིག་ངེས་པར་དུ་དགོས་ཀྱི་འདུག།དེ་རྣམས་ཆ་ཚང་གི་ཐོག་ལ་ཉམས་མྱོང་དགོས་ཀྱི་འདུག།དེ་རིང་ཁ་སང་ང་ཚོའི་ཤེས་ཚད་ཡོད་མཁན་ཚོའི་ཐོག་ལ་ཉམས་མྱོང་མེད་པའི་རྐྱེན་གྱིས་ལྷག་བསམ་ཆེ་དྲགས།ཤེས་ཡོན་ཆེ་དྲགས།ཉམས་མྱོང་ཆུང་དྲགས་སྟབས།གོམ་པ་སྤོ་སྟངས་ཐལ་ཆེ་དྲགས་ནས་གཡང་ལ་ཟགས་པ་དེ་འདྲ་ཁག་ཁ་ཤས་ཡོད་པ་རེད།ད་ལྟ་ནས་དེ་འདྲ་མ་ཟགས་པ་བྱ་རྒྱུའི་ཆེད་དུ་ཉམས་མྱོང་གི་ཆ་རྐྱེན་གཞི་ལ་བཞག་པའི་ཐོག་ནས།ཤེས་ཡོན་ཚོགས་ཆུང་གི་ནང་ལ་ཚོགས་མི་གྲངས་ཚད་ག་ཚོད་ག་ཚོད་དགོས་མིན།དེ་གལ་སྲིད་ད་ལྟ་དེ་འདྲ་ལྟ་བུ་ཞིག་བཟོས་ན་སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་ཞལ་བཞུགས་ཡོད་པ་རེད།ཁོང་རྒྱ་གར་གྱི་མཐོ་རིམ་སློབ་གྲྭ་མང་པོ་ཞིག་གི་ནང་ལ་འགན་འཛིན་གནང་གི་ཡོད་པ་རེད།སློབ་སྟོན་པ་གནང་གི་ཡོད་པ་རེད།དེར་བརྟེན་ང་ཚོས་གོ་སྐབས་གང་འདྲ་ཞིག་བྱེད་དགོས་མིན།བཀའ་འདྲི་གང་འདྲ་ཞིག་ཞུས་པ་ཡིན་ན་ཡང་ད་ལྟ་ཞུ་ས་ཡོད་པ་ཞིག་རེད།མ་འོངས་པའི་ཤེས་ཡོན་ཚགས་ཚུད་ཀྱི་ཆེད་དུ་འཆར་གཞི་དང་པོ་དེ་དེ་བཟོ་དགོས་ཀྱི་ཡོད་པ་རེད་བསམ་གྱི་འདུག འཆར་གཞི་གཉིས་པ་དེ།ཚོགས་ཆུང་དེའི་ལམ་སྟོན་གྱི་འོག་ནས་ཤེས་རིག་ལས་ཁུངས་ཀྱིས་ཚོགས་འདུ་ཚོགས་རྒྱུ་དང༌།ལག་ལེན་བསྟར་དགོས་པ།ཟབ་སྦྱོང་ཚོགས་དགོས་པ་སོགས་ག་རེ་བྱེད་དགོས་ཀྱི་ཡོད་པ་ཡིན་ན་ཡང་ཚོགས་ཆུང་དེའི་ལམ་སྟོན་གྱི་འོག་ལ་ཤེས་རིག་ནས་གོ་སྒྲིག་གནང་དགོས་པ་རེད་བསམ་གྱི་འདུག།གོ་སྒྲིག་གནང་ནས་ཕྱག་ལས་ག་རེ་བྱ་རྒྱུའི་ཐོག་ནས་ཟབ་སྦྱོང་སྤྲོད་རྒྱུ་རེད།དེ་བཞིན་གཟིགས་ཞིབ་བྱ་རྒྱུ་གཉིས་དགོས་པ་རེད།དང་པོ་ཟབ་སྦྱོང་སྤྲོད་རྒྱུའི་ཐོག་ལ།ཆོས་ཀྱི་ཟབ་སྦྱོང༌།ལོ་རྒྱུས་ཀྱི་ཟབ་སྦྱོང༌།ཆབ་སྲིད་ཀྱི་ཟབ་སྦྱོང༌།གཙང་སྦྲའི་ཟབ་སྦྱོང༌།བཟའ་ཆའི་གཟབ་སྦྱོང༌།ཟབ་སྦྱོང་བྱ་རྒྱུ་དེ་ཚོ་ཉི་མ་ནས་ཉི་མ་དང་ཟླ་བ་ནས་ཟླ་བ་ཆེད་འཛུགས་ཚོགས་ཆུང་དེའི་ཐོག་ནས་བསྐྱར་ཞིབ་ཡོང་རྒྱུ་དང་ཟླ་བ་ཟླ་བའི་ཐོག་ནས་ཉི་མ་ཉི་མར་ག་རེ་བྱེད་དགོས་ཀྱི་ཡོད་མེད་ཆོས་ལུགས་ཆེད་ལས་མཁས་པ་གདན་ཞུ་བྱ་རྒྱུ་དང༌།ཆོས་ལུགས་ཆེད་ལས་མཁས་པ་གདན་ཞུ་བྱ་རྒྱུ་དེ་ཡང་ཕྱོགས་དང་རིས་སུ་མ་ཕྱེས་པའི་མཁས་པ་གདན་འདྲེན་ཞུ་རྒྱུ་དང༌།ཕྱོགས་དང་རིས་སུ་མ་ཕྱེས་པའི་ཆོས་ལུགས་མཁས་པ་ཙམ་མ་ཟད་པར།དུས་རབས་ཀྱི་འགྲོ་སྟངས་དང་སྐད་ཡིག་གི་ཐོག་ནས་མང་ཚོགས་དང་སློབ་ཕྲུག་ཚོར་མར་གོ་བརྡ་སྤྲོད་ཐུབ་མཁན།གོ་བརྡ་སྤྲོད་རྒྱུ་དེ་ཡང་གཞི་རྩའི་ཆོས་ལུགས་ཡིན་པ་ལ་དུས་རབས་ཀྱི་འགྲོ་སྟངས་དང་མཐུན་པའི་སློབ་གསོ་སྤྲོད་ཐུབ་མཁན་གྱི་མཁས་པ།དེ་ངས་སྔོན་མ་གྲོས་ཚོགས་ཀྱི་ནང་ལ་ཡང་བཀའ་མོལ་གཅིག་ཞུས་པ་ཡིན་བསམ་པ་གཅིག་དྲན་གྱི་འདུག།མཁས་པ་ཡིན་ན་ཡང་མང་ཚོགས་ཀྱི་བསམ་བློའི་ནང་ལ་མར་གོ་བརྡ་སྤྲོད་ཐུབ་ཀྱི་མེད་པ།སློབ་ཕྲུག་གི་ནང་ལ་མར་གོ་བརྡ་སྤྲོད་ཐུབ་རྒྱུའི་སློབ་སྟངས་ཤིག་ཤེས་ཀྱི་མེད་པ་ཡིན་ན་དུས་ནས་དུས་སུ་དེ་འདྲ་གནང་བ་ཡིན་ན་ཆོས་ལུགས་མཐར་ཕྱིན་པ་ཞིག་གང་ཡང་ཡོང་གི་མ་རེད།འོན་ཀྱང་བག་ཆགས་ཤིག་གཏན་ཏན་བཞག་ཐུབ་ཀྱི་རེད།ལོ་རྒྱུས་དང༌།ཆབ་སྲིད་དང༌།རྩོམ་རིགས་དེ་རྣམས་ཀྱི་ཐོག་དེ་ག་རང་རིགས་འགྲེ་ནས་ཟབ་སྦྱོང་སྤྲོད་མཁན་གྱི་མི་དེ་ལག་ཁྱེར་གྱི་ཐོག་ནས་ཡིད་ཆེས་བྱས་པ་ཙམ་མ་ཡིན་པར།ཤེས་ཚད་ཀྱི་ཐོག་ནས་མི་ལ་མར་ཤོད་དུས་གོ་བརྡ་སྤྲོད་ཐུབ་མཁན་གྱི་མི་ཞིག་དགོས་པའི་ཟབ་སྦྱོང་གོ་སྒྲིག་དགོས་ཀྱི་འདུགཟབ་སྦྱོང་སྤྲོད་མཁན་གྱི་མི་སྣ་དེ་ཡང་ཆེད་འཛུགས་ཚོགས་ཆུང་དེ་རང་གིས་ལམ་སྟོན་གྱི་འོག་ནས།དེ་འདྲའི་ཉམས་མྱོང་དེ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་མཁྱེན་གྱི་ཡོད་པ་རེད་ལ།ཝ་ར་ཎ་སིནས་དགེ་རྒན་འོས་སྦྱོང་ཚོར་མཁས་པ་མང་པོ་གདན་འདྲེན་ཞུས་ནས་ཟབ་སྦྱོང་སྤྲོད་བཞིན་པ་རེད།ཟབ་སྦྱོང་སྤྲོད་མཁན་དེ་ཚོ་རྒྱ་གར་གྱི་ནང་གི་མཁས་པ་ཡིན་དགོས་པ་མ་རེད།ཕྱི་རྒྱལ་ཁག་ཏུ་ཡོད་པའི་མཁས་པ་དེ་ཚོ་ཆེད་དུ་མངགས་ནས་ང་ཚོ་མགྲོན་བརྡ་བཏང༌།གདན་འདྲེན་ཞུ་མ་ཐུབ་པ་ཡིན་ན་ཡང་བཙན་བྱོལ་ནང་ལ་ཕེབས་ཡོང་དུས་ང་ཚོས་ཧ་གོ་བ་བྱས་ནས་སྐབས་དང་དུས་ལ་བསྟུན་ནས་སློབ་གྲྭ་ཁག་གི་ནང་ཟབ་སྦྱོང་སྤྲོད་རྒྱུ་དང༌།གསུང་བཤད་གནང་རྒྱུའི་གོ་སྒྲིག་བྱ་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག། དེ་ནས་དེ་རིང་གི་བརྗོད་གཞི་གཉིས་པ་དེ།རིགས་གཅིག་རྐང་འཛིན་གང་མང་བསྐྱེད་སྲིང་ཐུབ་པ་ཞེས་འདུག།དེ་གྲོས་ཚོགས་ནང་ལ་ཞུ་མ་མྱོང་བ་མ་རེད།གྲོས་ཚོགས་ཀྱི་ནང་ལ་ཞུ་མྱོང་བ་རེད།ཐེངས་རྗེས་མ་ནས་ཡང་ནས་ཡང་དུ་ཡང་ནས་ཡང་དུ་ཞུ་རྒྱུའི་རེ་བ་དེ་རྫོགས་པ་རེད།ཡིན་ན་ཡང་དེ་རིང་ང་ཚོ་འདིར་ཡང་བསྐྱར་ནང་མོལ་རང་བྱས་ནས་གནང་རོགས་གསུངས་སྟབས།མི་ཚང་ཟེར་བ་དེའི་ནང་ལ་ཞོགས་པ་རྒྱག་རེས་རྒྱག་གི་རེད།དགོང་དྲོ་གད་མོ་བགད་ཀྱི་རེད།དེ་ལ་ཧ་ལས་རྒྱུ་གང་ཡང་ཡོད་པ་མ་རེད།དེར་བརྟེན་སྐབས་སྐབས་སུ་ཁོང་ཁྲོ་ལངས་པ་དེ་འདྲ་ཡོང་གི་འདུགཡིན་ན་ཡང་ང་ཚོ་ནང་གི་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རེད།ཧ་ལས་རྒྱུ་གང་ཡང་ཡོད་པ་མ་རེད།ཁོ་ཁོང་ཁྲོ་ལངས་པར་ཧ་ལས་རྒྱུ་ཡོད་པ་མ་རེད།བོད་བསྟན་པ་རང་གི་དོན་དུ་ཁོང་ཁྲོ་ལངས་པ་རེད་མ་གཏོགས་སྒེར་གྱི་དོན་དུ་ཁོང་ཁྲོ་ལངས་པ་དེ་འདྲ་མེད།རིགས་གཅིག་རྐང་འཛིན་འགོ་བཙུགས་ནས་ལོ་ག་ཚོད་ཕྱིན་ཡོད་མེད་མི་ཤེས།གོ་ཐོས་ལྟར་ན་ལོ་བདུན་བརྒྱད་ཕྱིན་པ་རེད་ཟེར་གྱིན་འདུག།དེའི་ནང་ནས་རིགས་གཅིག་རྐང་འཛིན་གྱི་གྲུབ་འབྲས་ཐོན་པ་ག་ཚོད་ཡོད་མེད་དེ་ད་ལྟ་ངས་ཤེས་ཀྱི་མེད།། དེ་ཚོའི་སྐོར་ལ་དམིགས་བསལ་གྱི་ཚོར་བ་ཤུགས་ཆེན་པོ་ཡོད་མཁན་ཞིག་ཡིན།རྒྱུ་མཚན་ག་པར་ཐུག་གི་ཡོད་དམ་ཟེར་ན།དཔེར་ན་ད་ལྟ་རྒྱ་ནག་གི་ཀྲང་ཅིན་ལིན་གྱིས་སྐུ་ཚབ་ཚོགས་པ་ཚོ་དང་འབྲེལ་བའི་ཀྲང་ཅིའི་ལིན་གྱིས་གཏམ་གླེང་བྱས་པ་དེའི་ནང་ལ།ཏཱ་ལའི་རུ་ཚོགས་ཀྱིས་ཆ་རྐྱེན་དང་པོ་ཁོ་རང་ཁྱེར་ནས་ཡོང་རྒྱུ་དེ་ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རང་བཙན་ཡིན་ཟེར་བ་དེ་ལབ་ཡོད་པ་རེད།འཛམ་བུ་གླིང་འདིའི་སྒང་ལ་ལོ་རྒྱུས་གཏིང་ཟབ་པོ་དང་རྒྱ་ཆེན་པོ་ཞེ་པོ་ཡིན་དགོས་པ་མ་རེད།ལོ་རྒྱུས་ཤེས་མཁན་ཞིག་ཡིན་ན་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་གསལ་པོ་ཤེས་ཀྱི་རེད་ཅེས་དེ་འདྲ་ལན་བརྒྱབས་ཡོད་པ་རེད།ཕྱི་རྒྱལ་རྒྱལ་ཁབ་ཁག་གི་ནང་ལ་བོད་རིག་པའི་ཟེར་བའི་སྡེ་ཚན་མང་དྲགས་ན་མ་གཏོགས་ཉུང་དྲགས་ཡོད་པ་མ་རེད།བོད་ཀྱི་རིག་པའི་སྡེ་ཚན་ཁག་ཁ་ཤས་ཀྱི་ནང་ལ་བོད་ཀྱི་ལོ་རྒྱུས་ཡིག་ཆ་སློབ་མཁན་ཡོད་པ་རེད།ལོ་རྒྱུས་སློབ་མཁན་གྱི་མི་སྣ་དེ་རྣམས་བོད་སྤྱི་ཚོགས་ཚན་རིག་ཁང་དང༌།བོད་ལྗོངས་སློབ་གྲྭ་ཆེན་མོ་ཐོན་ཚར་མཁན་དེ་འདྲའི་ནང་ནས་གདན་འདྲེན་ཞུས་པ་མང་པ་རེད།ཁོང་རྣམས་ཀྱིས་ལོ་རྒྱུས་བསླབ་དུས་རྒྱ་ནག་གི་བོད་ཀྱི་ལོ་རྒྱུས་ཡིག་ཆ་གཞིར་བཟུང་གིས་བསླབ་ཡོང་དུས་ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་གཞིར་བཟུང་ལྟ་བུ་ཆགས་ཡོང་གི་ཡོད་པ་རེད།དེ་ཉན་མཁན་དེ་རྣམས་པིའི་ཨའིཆེ་ཌེ་P H Dབཅད་དུས་དེབ་ཆེན་པོ་དེ་བྲིས་ཡོང་དུས་སོ་སོའི་དགེ་རྒན་གྱིས་ག་རེ་བསླབ་པ་དེ་གཞིར་བཟུང་བྱས་ནས་བྲིས་ཡོང་གི་ཡོད་པ་རེད།དེར་བརྟེན་དེབ་མང་པོ་ཞིག་གི་ནང་ལ་ཧ་ལམ་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ལྟ་བུ་ཆགས་བསྡད་ཡོད་པ་རེད།ཁོང་རྣམས་ཀྱིས་བྲིས་པའི་དེབ་དེ་མཁས་པ་ཆེན་པོ་ཞིག་གིས་བྲིས་པའི་དེབ་ཆགས་འགྲོ་གི་ཡོད་པ་རེད།པིའི་ཨའིཆེ་ཌེ་ཐོན་པ་དེ་ཚོའི་དེབ་རེད།དེབ་དེ་རྣམས་བོད་ཀྱི་སྐོར་ཉམས་ཞིབ་བྱེད་མཁན་ཞིག་སླེབས་སོང་ན།དེབ་དེ་ཚོ་དང་པོ་མཐོང༌།དེ་ཚོ་ཀློག་ཡོང་དུས་ང་ཚོའི་ལྷ་སར་ཞི་བའི་ངོ་རྒོལ་གྱི་དམག་འཁྲུག་དེ་དང་ལོ་རྒྱུས་ཀྱི་དམག་འཁྲུག་དེ་གཉིས་བསྡུར་ན་ལོ་རྒྱུས་ཀྱི་དམག་འཁྲུག་དེ་ཞེ་དྲགས་ཀྱི་ཉེན་ཁ་ཚ་པོ་ཆགས་ཡོང་གི་ཡོད། ྋགོང་ས་སྐྱབས་མགོན་ཆེན་པོའི་གསུང་གི་ནང་ལ།རྒྱ་བོད་ཀྱི་མཐའ་མའི་ཐག་གཅོད་དེ་སུས་བྱེད་ཀྱི་རེད་དམ་ཟེར་ན།ལོ་རྒྱུས་སྨྲ་བའི་མཁས་པ་ཚོས་གནང་གི་རེད་གསུངས་ཡོད་པ་རེད།དེར་བརྟེན།རིགས་གཅིག་རྐང་འཛིན་ཟེར་བ་དེ་ང་ཚོའི་བཙན་བྱོལ་གྱི་ནང་ལ་དོན་བཅུ་དོན་གཉིས་ནས་ལོ་རྒྱུས་སྨྲ་བའི་རིགས་གཅིག་རྐང་འཛིན་ཁག་ཁ་ཤས་ཤིག་དོན་ཡོད་ན།ཕྱི་རྒྱལ་ཁག་གི་ལོ་རྒྱུས་སྨྲ་མཁན་ཚོར་ང་ཚོ་འདི་ཕར་ལ་ལབ་ཆོག་གི་རེད།ཉིས་སྟོང་བཞི་ལ་ཐམས་ཅད་མཁྱེན་པ་རང་ལ་ཞུས་པ་ཡིན།རིགས་གཅིག་རྐང་འཛིན་དེ་ཐོན་དགོས་ཀྱི་རེད།རྒྱལ་རབས་ལོ་རྒྱུས་ཀྱི་རིགས་གཅིག་རྐང་འཛིན་ཐོན་ཐུབ་ན་རྒྱ་ནག་གིས་ཅི་གང་ལབ་མི་ཐུབ་པ་དེ་འདྲ་ང་ཚོ་འདི་ནས་ཕར་བཟོ་ཐུབ་ཀྱི་རེད་བསམ་གྱི་འདུགབཟོ་ཐུབ་ཀྱི་རེད་ཡིན་ན་ཡང་ང་ཚོ་འདི་ནས་ཕར་མི་འགྲོ་མཁན་རག་གི་རེད་དམ།ལོ་རྒྱུས་མཁས་པ་དང་ལོ་རྒྱུས་བཤད་མཁན་མི་དེ་རག་རྒྱུ་བཟོ་ཐུབ་ས་རེད་དམ་གསུངས་སོང༌།དེར་བརྟེན་ང་ཚོ་རིགས་གཅིག་རྐང་འཛིན་ནང་ལོག་ནས་ལོ་རྒྱུས་སྨྲ་བའི་རིགས་གཅིག་རྐང་འཛིན་ཁ་ཤས་ཤིག་བཟོ་ཐུབ་ན་ལས་ཀ་ཆེན་པོ་ཞིག་སྒྲུབ་ཐུབ་པ་རེད་དེ་ངས་རིགས་གཅིག་རྐང་འཛིན་གལ་ཆེན་པོ་ཡིན་པའི་གསལ་བཤད་མདོར་བསྡུས་ཤིག་ཡིན།། དེ་ནས་ང་ཚོའི་རིགས་གཅིག་རྐང་འཛིན་གནང་མཁན་དེ་ཚོར་རྒྱལ་ཁབ་གཞན་དག་ནང་བཞིན་ང་ཚོ་ལ་ཆ་རྐྱེན་ཡོད་པ་མ་རེད།ངོས་ལེན་དེ་ཚོ་དང་འགྲོ་སོང་གཏོང་ཐུབ་རྒྱུ་དེ་ཡང་ཁོར་ཡུག་ཁོ་རང་གི་ཐོག་ནས་ཁག་པོ་ཆགས་ཡོད།ཡིན་ན་ཡང་རིགས་གཅིག་རྐང་འཛིན་ཁག་ཁ་ཤས་ཁ་ཤས་ཝ་ར་ཎ་སི་ཐོན་གྱི་ཡོད་ས་རེད།དེ་མིན་ཁག་ཁ་ཤས་ཁ་ཤས་ཡོད་ས་རེད།དེ་ཚོར་ང་ཞེ་དྲགས་རྒྱུས་མེད།དེ་མ་འོངས་པར་ང་ཚོར་ཆ་རྐྱེན་གྱི་འདང་ན།ད་གིན་སྒང་ལ་ཞུས་པའི་ཤེས་ཡོན་ཆེད་འཛུགས་ཚོགས་ཆུང་དེ་ཡོད་པ་གཞིར་བཞག་གི་ཐོག་ནས་དེའི་སྟངས་འཛིན་དང་དེའི་འགོ་ཁྲིད་ཀྱི་འོག་ནས་ཞིབ་འཇུག་པ་ཚོའི་གླ་ཆ།དཔལ་འབྱོར་གྱི་འགྲོ་གྲོན་དང་འཆར་གཞི་དགོས་ཀྱི་ཡོད་པ་རེད།དེའི་ཐོག་ལ་ཉམས་མྱོང་གང་ཡང་མེད་པ་ཡིན་སྟབས།དེ་བསམ་ཚུལ་ཙམ་ཡིན།གལ་སྲིད་དེ་འདྲ་ཞིག་བཙུགས་ཚར་ན་ང་ཚོ་ཕུན་སུམ་ཚོགས་པ་ཞིག་ཆགས་ཀྱི་རེད་དྲན་གྱི་འདུགགལ་སྲིད་དེ་འདྲ་ཞིག་བཙུགས་ཚར་ན་དེས་མ་འོངས་པར་ཕ་མ་གང་འདྲ་བྱས་ནས་འགྲོ་དགོས་ཀྱི་འདུགད་གིན་ཞུས་པ་ནང་བཞིན་ཆོས་ལུགས་དང༌།ཆོལ་ཁ་དང༌།ལུང་ཚན་དང༌།ཕྱོགས་རིས་དང་འདི་ཚོ་མི་སྣ་ཁོ་རང་དང་འབྲེལ་བ་ཡོད་མཁན་རྐྱང་མ་ཡིན་པའི་ཐོག་ནས་དེ་ཡི་ཐོག་ལ་གཞོན་སྐྱེས་ཚང་མའི་བསམ་བློའི་ཆ་ཤས་མཚོན་མཁན་གྱི་མི་ཡིན་པའི་ཐོག་ནས་དམ་བཅའ་གསལ་པོ་ཡོད་མཁན་དེ་འདྲ་ཡིན་པའི་ཨ་མ་དེ་དགོས་ཀྱི་ཡོད་པ་རེད་དྲན་གྱི་འདུགསློབ་ཁྲིད་གནང་མཁན་གྱི་དགེ་རྒན་གྱི་ངོས་ནས་མཚོན་པ་ཡིན་ན།ཤེས་རྒྱ་ཡངས་པོ་ཡོད་ན་ཕུན་སུམ་ཚོགས་པ་རེད།དེ་མ་མེད་ན་ཡང་གང་ཞིག་རིགས་གཅིག་རྐང་འཛིན་གནང་རྒྱུའི་སློབ་སྦྱོང་སློབ་ཁྲིད་གནང་རྒྱུ་དེའི་ཐོག་ལ་ངེས་པར་དུ་དེའི་ཐོག་ལ་མཁས་པ་ཡིན་མཁན།ཉམས་མྱོང་ཡོད་མཁན་དེ་ཡིན་དགོས་ཀྱི་རེད་དྲན་གྱི་འདུགགལ་སྲིད་ང་ཚོས་སློབ་གྲྭ་དེ་འདྲ་ཞིག་ཟུར་དུ་བཙུགས་མ་ཐུབ་པ་ཡིན་ན།ད་ལྟ་ཡོད་བསྡད་པའི་ས་རཱ་མཐོ་སློབ་དང༌།ཝ་ར་ཎ་སི་མཐོ་སློབ་ཀྱི་ནང་ནས་རིགས་གཅིག་རྐང་འཛིན་གྱི་སྡེ་ཚན་གཅིག་ཟུར་དུ་བཞག་ནས་དེའི་མཐའ་མའི་འཛིན་གྲྭ་ཐོན་སྐབས་པིའི་ཨའིཆེ་ཌེའི་དེབ་བསྟན་རྒྱུ་ཡོད་པ་ཞིག་དང༌།དེའི་ནང་ཆེད་འཛུགས་ཤེས་ཡོན་ཚོགས་ཆུང་ཁོ་རང་གི་སྟངས་འཛིན་གྱི་འོག་ནས་དམིགས་བསལ་ཞིབ་འཇུག་བྱེད་དགོས་ཀྱི་ཡོད་ན།དེ་གཉིས་ཀྱི་ཐོག་ལ་རིགས་གཅིག་རྐང་འཛིན་གྱི་ཚད་ཏག་ཏག་ཡོད་མཁན་ཞིག་ཡོང་ཐུབ་ན་བསམ་པ་ཞིག་ཞུ་རྒྱུ་ཡིན།།