Talk:ཚུལ་ཁྲིམས་ཀྱི་ཕན་ཡོན་བཞི

Page contents not supported in other languages.
ཡོང་ཁུངས་Wikipedia

སྙན་ངག་པ་དང་རྩོམ་པ་པོ། ཁོང་གི་དངོས་མིང་ལ་འཇིགས་མེད་ཚེ་རིང་། ཕྱི་ལོ་༡༩༨༣ ལོར་ཨ་མདོ་རེབ་གོང་དུ་སྐྱེས། སྔ་ཕྱིར་གནའ་དེང་རྩོམ་རིག་གི་སྐོར་ལ་སློབ་སྦྱོང་བྱས། བོད་ནང་གཞུང་སྒེར་ཁག་དུས་དེབ་ཁག་ནང་རྩོམ་ཡིག་གང་མང་འགྲེམས་སྤེལ་བགྱིས་པ་མ་ཟད། <<ཁེར་རྐྱང་གི་འཁྲུལ་བཞུད་>>ཅེས་པའི་སྙན་དེབ་ཐོག་མ་དཔར་དུ་བཏབ། ཕྱི་ལོ་ ༢༠༠༦ལོར་བྱེས་སུ་འབྱོར། ༢༠༡༢ ལོར་ཁོང་གིས་བོད་ཀྱི་དངོས་ཡོད་གནས་ཚུལ་ཐད་དཔྱད་ཞིབ་ཀྱི་དེབ་གཅིག་བཏོན།ལྗང་རླུང་རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་བྱས་པའི་ཁོང་གི་སྙན་དེབ་གཉིས་པ་<<སྐྱ་པར་>>འགྲེམས་སྤེལ་བྱ་རྒྱུར་ཉེ་བ་དང་། ཁོས་ཆབ་སྲིད་དཔྱད་བརྗོད་དང་རྩོམ་རིག་དཔྱད་བརྗོད།དེང་རབས་སྙན་ངག་གི་སྐོར་གྱི་རྩོམ་ཡིག་དག་དྲ་དེབ་ཁག་ཏུ་བཀྲམ་ཡོད། ཕྱི་ལོ ༢༠༠༦ ནས་བོད་ཀྱི་ཉེ་རབས་གཞུང་ཡིག་ཡིག་ཚགས་ཉམས་ཞིབ་པའི་ལས་ཀ་བྱེད་ཀྱི་ཡོད།