TED

ཡོང་ཁུངས་Wikipedia

technology, entertainment, design ལག་རྩལ། རྩེད་འཇོ། ཇུས་འགོད།

TED[རྩོམ་སྒྲིག]

File:TED.jpg
TEDབོད་འགྱུར་ལས་གཞི།

TED(technology, entertainment, designཡི་ཨིན་ཡིག་གི་སྐུང་ཡིག་སྟེ། ལག་རྩལ། རྩེད་འཇོ། ཇུས་འགོད་ཀྱི་དོན་ཡིན།)ནི་ཨ་རིའི་ཁེ་ཕན་མི་གཉེར་བའི་སྒེར་གྱི་ལས་ཁུངས་ཤིག་ཡིན་ལ། རྩ་འཛུགས་འདི་གའིTEDཚོགས་ཆེན་ལས་ཁུངས་ཀྱི་མིང་དུ་ཐོགས་པ་རེད། འདུ་ཚོགས་འདིའི་དགོངས་དོན་ནི“བསམ་བློའི་མཐུ་ཡིས་འཇིག་རྟེན་བསྒྱུར”བྱ་བ་དེ་ག་ཡིན། TEDནི1984ལོར་ཚུགས། འཛུགས་མཁན(Richard Saul Wurman)ཡིན། 2002ལོ་ནས་བཟུང་། Chris AndersonགྱིསTEDགྱི་གཙོ་འགན་བཞེས་ཏེ། མྱུ་གུ་ཐེབས་རྩ་ཚོགས་པ(The Sapling Foundation)བཙུགས་པ་མ་ཟད། TEDཚོགས་ཆེན་ཡང་བསྐོངས། ལོ་རེའི་ཟླ3པར། TEDཚོགས་ཆེན་གྱིས་ཨ་རི་ནས་ཚན་རིག་དང་ལག་རྩལ། རྩོམ་རིག རོལ་དབྱངས་སོགས་ཀྱི་ཁྱབ་ཁོངས་ཀྱི་སྐྱེས་ཆེན་གང་མང་ཞིག་གདན་ཞུ་བགྱིས་ཏེ། ཁོང་ཚོའི་ལག་རྩལ་དང་སྤྱི་ཚོགས། མིའི་བསམ་གཞིགས་དང་འཚོལ་ཞིབ་སྐོར་གྱི་ལྟ་དགོངས་ཚན་ཁ་མ་ཉམས་དག་ཀུན་གྱི་བདུད་རྩིར་འཇོ་བར་བྱེད། TEDགཏམ་བཤད་ཀྱི་ཁྱད་ཆོས་ནི། ལྟ་བ་དམིགས་སུ་ཐོན་པ། ཁ་རི་ཐུག་གིས་བརྗོད་བྱར་འཇུག་པ། རྣམ་གྲངས་མང་བ། དགོངས་ཚུལ་གསར་པ་ཡིན་པ་བཅས་སོ། །

ལོ་རྒྱུས།[རྩོམ་སྒྲིག]

TEDནི1984ལོར(Richard Saul Wurman)གྱིས་གསར་དུ་བཙུགས། 1990ལོ་ནས་བཟུང་ཨ་རིའི་ཁ་ལེ་ཧྥོར་ཉི་ཡའི་གྲོང་ཁྱེར་མོན་ཐི་རེར་ལོ་རེར་ཐེངས་རེ་བསྡུས་ཤིང་། དེང་སང་འཛམ་གླིང་གི་གྲོང་ཁྱེར་གཞན་ནས་ཀྱང་ལོ་ཕྱེད་ལ་ཐེངས་རེ་སྤེལ་བཞིན་ཡོད། ཁོ་ཅག་གིས་འཛམ་བུའི་གླིང་གི་བསམ་བློའི་དེད་དཔོན་དང་ཕྱག་ལེན་ལ་མཁས་པ་དག་གདན་དྲངས་ཏེ་ཁོང་ཅག་གི་བྱ་གཞག་སྐོར་གསུང་དུ་འཇུག་གི་ཡོད། “TED”སྟེ“ལག་རྩལ”“རྩེད་འཇོ”“ཇུས་འགོད”དེ་ཐ་སྙད་གསུམ་གྱི་མིང་མགོས་གྲུབ་ཅིང་། རྒྱ་ཆེ་བའི་ཁྱབ་ཁོངས་འདི་གསུམ་གྱིས་འུ་ཅག་གི་མ་འོངས་པ་བསྐྲུན་ཅིང་སྐྲུན་བཞིན་ཡོད།


དོན་དངོས་ཐོག་ནས་འདུ་ཚོགས་འདིར་གླེང་བྱའི་ཁྱབ་ཁོངས་ཀྱང་རྒྱ་ཇེ་ཆེ་སྟེ་འདིའི་ཁོངས་སུ་ཕལ་ཆེར་ལྟ་བ་མ་འདུས་པ་མེད་ལ། ཚོགས་ཞུགས་གཟིགས་མཁན་ཡང་ཁེ་ལས་ཀྱིCEOདང་། ཚན་རིག་པ། གསར་གཏོད་པ། དགེ་ལས་པ་སོགས་ཏེ་གཏམ་བཤད་པ་དག་དང་ཨ་མཉམ་ཆ་མཉམ་ལྟ་བུ་ཡོད། ཁུ་ལིན་ཐོན། (Clinton) པེལ་ཀེ་ཚི། (Bill Gates) ཨིན་ཇིའི་སྲོག་ཆགས་རིག་པ་བ་ཇན་གྷོ་ཌོལ (Jane Goodall) ཨ་རིའི་བཟོ་སྐྲུན་འཆར་འགོད་མཁན་པོ(FrankOwenGehry)། གཞས་པ་ཕོལ་སེ་མོན(Paul Simon)། ཝིར་རྗིན་ཚོང་རྟགས་གསར་འཛུགས་མཁན་རི་ཆར་ཌི་བྷི་རན་སོན(Richard Branson)སོགས་དེ་སྔོན་གདན་ཞུའི་སྐུ་མགྲོན་དུ་ཕེབས་མྱོང་།

TEDཡི་གཏམ་བཤད་དམ་འཆད་ཁྲིད་ཆེད་ལས་ཡིན་པ། གཏམ་ཉོག་མེད་པ། ལྟ་བ་གསལ་པ། རྣམ་གྲངས་མང་བ། ལྟ་དགོངས་གསར་པ་བཅས་ཡིན་པའི་མི་ཚད། TEDགཏམ་བཤད་རེའི་དུས་ཚོད་ཀྱང་སྤྱིར་བཏང་བྱས་ན་སྐར་མ18ལས་མི་མང་ངོ་། ། སྐབས་རེར་ཁྱེད་ཀྱིས་གོ་དཀའ་བ་འབྱུང་ནའང་། བསམ་བློའི་བརྗེ་རེས་དང་གཙུབ་བརྡར་ལས་ངེས་པར་སྲིད་པ་ནི། ideas Worth Spreadingསྟེ། བསམ་བློའི་མཐུ་ཡིས་འཇིག་རྟེན་བསྒྱུར་ཅེས་པ་དེའོ། །

2006ལོ་ནས་བཟུང་། TEDགཏམ་བཤད་ཀྱི་བརྙན་ཟློས་དག་དྲ་ཐོག་ཏུ་འཇོག་མགོ་བརྩམས་ཤིང་། 2010ལོའི་ཟླ4པར། TEDགཞུང་ཕྱོགས་དྲ་བར་བསྡུས་པའིTEDགཏམ་བཤད་བརྙན་ཟློས་ཀྱི་གྲངས650ལ་སླེབས།

TEDངོ་སྤྲོད་དང་བོད་འགྱུར་ལས་གཞི།[རྩོམ་སྒྲིག]

ད་རེས་སློབ་སྐབས་འདིར་བོད་བརྙན་གྱི་ལས་གཞི་དག་ལས་ཆེ་ཤོས་གཅིག་ནི“TEDབོད་འགྱུར་ལས་གཞི”འདི་ཉིད་ཡིན་ཏེ། TEDམུ་འབྲེལ་གྱི་གཏམ་བཤད་ཀྱི་དགེ་མཚན་ཕལ་ཆེར་གོང་གི་ངོ་སྤྲོད་དུ་བཤད་ཟིན་པ་ལྟར་ཡིན་ལ། འདི་བོད་འགྱུར་བྱེད་པའི་རྒྱུ་མཚན་གཙོ་བོ་གཅིག་ནི་རང་རེའི་བོད་སྐད་སྨྲ་བ་རྣམས་དང་འཛམ་གླིང་གི་ཆེད་མཁས་རྣམས་འཕྲད་སའི་སྟེགས་བུ་ཞིག་འདོན་སྤྲོད་བྱ་ཆེད་དང་། འཛམ་གླིང་མཁས་པ་རྣམས་ཀྱི་བློ་གྲོས་ཀྱི་ཉིང་ཁུ་འོ་སྐོལ་ཚོས་ཀྱང་དུས་ཐོག་ཏུ་མྱོང་ཐུབ་པའི་ཕྱིར་དུ་ཡིན། གཉིས་པ་ནི། དེ་སྔོན་ངེད་ཅག་གིས་གློག་བརྙན་བརྙན་ཡིག་ཇི་སྙེད་ཅིག་བསྒྱུར་ཡང་བརྙན་ཟློས་ཀྱི་བོངས་ཚད་ཆེ་དྲགས་པས་ཡར་དྲ་བར་བཞག་ནས་ཀུན་གྱི་གཟིགས་མོར་འགྲེམ་དཀའ་བས། བོངས་ཆུང་ལ་ཀུན་གྱི་བློ་སྒོ་འབྱེད་ཐུབ་པ། དྲ་བར་འཇོག་སླ་བའི་བརྙན་ཟློས་ཤིག་འཇོག་ཐུབ་ན་ཅི་མ་རུང་སྙམ་ནས་ཚོགས་མི་དག་གིས་གྲོས་བྱས་མཐར། TEDབོད་འགྱུར་བྱ་རྒྱུར་འཆམ་སྟེ་ཐག་གིས་བཅད་པ་ཡིན།

དེ་སྔོན་དྲ་བ་ལསTEDབོད་འགྱུར་ལས་གཞི་ཞེས་བརྩམས་ཆོས་གཅིག་བསྒྱུར་པ་མཐོང་ནའང་། ཕལ་ཆེར་མི་ཚེགས་ལས་ཚེགས་ཀྱིས་མ་ལྕོགས་པར་བསྐྱུར་བཞག་པ་འདྲ། དེ་བས་ཁོ་བོ་ཅག་གིས་བོད་འགྱུར་ལས་གཞི་འདི་རང་རེའི་ད་ལྟའི་སྤྱི་ཚོགས་དང་ཁོར་ཡུག་ལ་མཁོ་ཆེ་བར་མཐོང་ནས། ལས་གཞིར་ཚན་ཁག་ཆེད་བཙུགས་ཀྱིས་བསྒྱུར་མགོ་བརྩམས་པ་ཡིན་ལ། TEDལས་གཏམ་བཤད་ཧྲག་འདེམས་བྱས་ཐོག ལས་མི་རེས་གཟའ་འཁོར་གཉིས་རེར་བརྩམས་ཆོས་གཅིག་རེ་བསྒྱུར་རྒྱུ་བྱས་ཡོད།

ལས་གཞིའི་འགན་འཛིན་པ། ཟླ་བ་དགྲ་འདུལ། ཀུན་སྐྱིད།

ལས་གཞིའི་མི་སྣ་དགུ

ལས་གཞི་འདིར་འཇུག་འདོད་ན། འདི་རུ་ཡི་གེ་བྲིས་ཆོག https://web.archive.org/web/20130826154213/http://bosubtitle.com/reading/20121014177.html

TEDགཞུང་ཕྱོགས་དྲ་བ།

"https://bo.wikipedia.org/w/index.php?title=TED&oldid=143411"ལས་སླར་རྙེད་སོང།