Jump to content

Category:རྩོམ་རིགས།

ཡོང་ཁུངས་Wikipedia

བླ་མ་ནོར་བུ་རྒྱ་མཚོ་ལས་བསངས་ཆོག་བར་ཆད་ཀུན་སེལ་ལྷན་ཐབས་དང་བཅས་པ་བཞུགས་སོ། །༄༅།  །རྒྱུ་འབྲས་རྣམ་པར་འབྱེད་པའི་སངས་རྒྱས་ཞིང་། །བྱེ་བ་ཕྲག་བརྒྱར་ངེས་དོན་བསྟན་པའི་བདག །པདྨ་འབྱུང་གནས་སྣ་ཚོགས་སྒྱུ་འཕྲུལ་གར། །གུ་རུ་མཚན་བརྒྱད་ཞབས་ལ་ཕྱག་འཚལ་ལོ། །བསངས་ཆོག་འདིར་སྐྱབས་སེམས་ཀྱི་རིམ་པ་སོང་རྗེས་བདག་བསྐྱེད་ནི། ཧཱུཾ། ཀ་དག་དབྱིངས་ལས་སྙིང་རྗེའི་རོལ་གར་ནི། །སྣོད་ཀྱི་འཇིག་རྟེན་དག་པ་ཆེན་པོའི་ཞིང་། །རྫས་རྣམས་འདོད་དགུར་འཆར་བའི་མཆོད་སྤྲིན་དབུས། །རང་རིག་ཆེ་བའི་ཆེ་མཆོག་ཐོད་འཕྲེང་རྩལ། །དཀར་དམར་ཁྲོ་འཛུམ་མཚན་དཔེའི་གཟི་བརྗིད་འབར། །གསང་ཕོད་ཟབ་བེར་གཡང་ལུག་སྣམ་སྦྱར་དང་། །ཤེའུའི་སྙན་ཞུ་རིན་ཆེན་རྒྱན་མཛེས་གསོལ། །ཞབས་གཉིས་ཟབ་ལྷམ་གསོལ་ཞིང་གཡས་བརྐྱངས་བའི། །བཙན་པོའི་རོལ་པས་པད་སྡོང་ཉི་ཟླར་བཞུགས། །ཕྱག་གཡས་པུས་སྟེང་སྡིག་མཛུབ་རྡོ་རྗེ་དང་། །གཡོན་པ་མཉམ་བཞག་ཐོད་པ་བདུད་རྩིས་བསྐང་། །གསང་ཡུམ་མཚོ་རྒྱལ་རྡོ་རྗེ་ཁ་ཊཱཾ་གའི། །རྣམ་པར་གྲུ་མོ་གཡོན་བསྟེན་བདེ་སྟོང་རོལ། །རབ་འབྱམས་རྒྱལ་བ་མ་ལུས་འཆར་བའི་དཔྱིད། །ཁམས་གསུམ་དབང་བསྡུད་སྣང་སྲིད་ཟིལ་གནོན་སྐུ། །ཡེ་ཤེས་སྒྱུ་འཕྲུལ་ཕྱག་རྒྱར་སྣང་བར་གྱུར། །སྤྱན་འདྲེན་ཚིག་བདུན་མ་ནི། ཧྲཱིཿ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་སྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུཾ༔   ཧཱུཾ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ དམ་ཚིག་བཞིན་ལས་ཅི་བདེར་ཞེས་སུ་གསོལ༔ ས་པ་རི་ཝ་རི་སོགས་བརྗོད་ལ། བདག་གནས་ཡོ་བྱད་བྱིན་རློབ་ནི། ཧཱུཾ། བསྟན་པ་འདི་ལ་ངོ་མཚར་རྨད་དུ་བྱུང་༔ འཇིག་རྟེན་དབང་བསྒྱུར་པདྨ་རྒྱལ་པོ་ནི༔ རིགས་ནི་ཟ་ཧོར་རྒྱལ་པོའི་རིགས་སུ་འཁྲུངས༔ ཨོ་རྒྱན་ཡུལ་དུ་སྒྲོ་འདོགས་མ་ལུས་བཅད༔ བསིལ་བ་ཚལ་དུ་དངོས་གྲུབ་ཐམས་ཅད་བརྙེས༔ ཝ་ར་ན་སིར་ཆོས་ཀྱི་འཁོར་ལོ་བསྐོར༔ རྡོ་རྗེ་གདན་དུ་བསྟན་པའི་རྒྱལ་མཚན་བཙུགས༔ རྒྱ་གར་ཡུལ་དུ་བསྟན་པ་རྒྱས་པར་མཛད༔ བོད་ཀྱི་ཡུལ་དུ་སྣང་སྲིད་ལྷ་འདྲེ་བཏུལ༔ ཁ་བ་ཅན་དུ་བསྟན་པ་དར་བར་མཛོད༔ ལྷོ་ནུབ་རྔ་ཡབ་སྲིན་པོའི་ཁ་གནོན་མཛད༔ མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པུ༔ སྐུ་གསུམ་དབྱེར་མེད་ཆེ་མཆོག་ཧེ་རུ་ཀ༔ དུས་གསུམ་མཉམ་ཉིད་བླ་མ་དུས་འདིར་དྲན༔ བདག་དང་བླ་མ་དབྱེར་མེད་ཧེ་རུ་ཀ༔ རྒྱལ་བའི་ཞིང་ཁམས་དག་པ་ཆེན་པོ་འདིར༔ མི་འགྱུར་ལྷུན་གྲུབ་པདྨ་རྒྱལ་པོ་དང་༔ བླ་མ་ཡི་དམ་མཁའ་འགྲོས་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔ བཛྲ་སྥ་ར་ཎ་ཁཾ་གིས་ཡོ་བྱད་རྣམས་བྱིན་གྱིས་བརླབས། མཆོད་པ་བྱིན་རླབས་ནི། ཨོཾ་ཨཱཿ བིགྣན་ཏ་ཀྲི་ཧཱུཾ་ཕཊ༔ ཨོཾ་སྭཱ་བྷ་ཝས་སྦྱངས། མཆོད་རྫས་ཀྱི་ཉེས་སྐྱོན་རྣམས་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿ ཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ་དྭངས་ཤིང་ཐོགས་པ་མེད་པ་བདེ་བ་ཁྱད་པར་ཅན་བསྐྱེད་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་ཨཱ་ཧཱུྃ༔ གི་བར་དང་ནམ་མཁའ་མཛོད་ཀྱི་སྔགས་མཐར། བཛྲ་སྥ་ར་ཎ་ཁཾ་སྭཱ་ཧཱ། མཁའ་ཁྱབ་ཏུ་སྤེལ་ཞིང་བྱིན་གྱིས་རླབས་ལ་མདུན་བསྐྱེད་གསལ་གདབ་པ་ནི། ཨོཾ་སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་མདུན་དུ་པཾ་ལས་པདྨ་ཨ་ལས་ཟླ་བའི་གདན་ཡངས་ཤིང་རྒྱ་ཆེ་བ་སྟོང་གསུམ་འཇིག་རྟེན་གྱི་ཁམས་དང་མཉམ་པའི་སྟེང་དུ་ཧྲཱིཿ ལས་སྤྱན་རས་གཟིགས་ཨ་རོ་ལི་བརྒྱན་ཆ་ལུགས་ཁ་སར་པ་ཎི་སྐུ་ཆེ་བ་རྣམ་སྣང་གངས་ཆེན་གྱི་མཚོ་དང་མཉམ་པའི་ཞིང་ཁམས་ཐམས་ཅད་སྣང་བ་བ་སྤུའི་བུ་ག་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་གྱུར། འདིའི་གཙུག་གཏོར་ནས་མགྲིན་པ་ཡན་ཆད་ལ་དཀོན་མཆོག་སྲིད་ཞུའི་མགྲོན། ཐུགས་ལས་ལྟེ་བའི་བར་ན་མགོན་པོ་ཡོན་ཏན་གྱི་མགྲོན།  སྐུ་སྨད་ཀྱི་ཆ་ལ་རིགས་དྲུག་སྙིང་རྗེའི་མགྲོན། པད་གདན་གྱི་ཆ་ལ་ཚེ་རབ་ལན་ཆགས་ཀྱི་མགྲོན་རྣམས་གསལ་བར་གྱུར། མགྲོན་སྤྱན་འདྲེན་པ་ནི། ཀྱཻ༔ བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །ཞི་རྒྱས་དབང་དང་མངོན་སྤྱོད་ལྷ། །ཕྱི་ནང་སྲུང་མའི་ཚོགས་རྣམས་དང་། །གསང་སྔགས་རིགས་སྔགས་ལྷ་རྣམས་དང་། །འདས་དང་མ་བྱོན་ད་ལྟར་གྱི། །ལྷ་དང་སྲུང་མ་དམ་ཚིག་ཅན། །མ་མོ་མཁའ་འགྲོ་ཤུགས་འགྲོ་དང་། །འཇིག་རྟེན་གནས་ཀྱི་མཆོག་གྱུར་པ། །སྒྲུབ་གནས་བྱིན་ཆེན་ཐམས་ཅད་དང་། །གཞན་ཡང་ས་འོག་ས་སྟེང་གི །གནས་བདག་ཆེན་པོ་ཐམས་ཅད་དང་། །འཁོར་དུ་གཏོགས་པའི་སྡེ་བརྒྱད་པོ། །སྟོང་གསུམ་ཁྱབ་པའི་མཐུ་རྩལ་ཅན། །ཆེ་དགུ་གཉན་དགུ་ཐམས་ཅད་དང་། །གཙུག་ལག་ཁང་དང་སྒྲུབ་གནས་ཀྱི། །སྲུང་མ་གཉན་པོ་ཐམས་ཅད་དང་། །གཞན་ཡང་ལྷ་ཀླུ་གནོད་སྦྱིན་དང་། །དྲི་ཟ་གྲུལ་བུམ་མཁའ་འགྲོ་སོགས། །བསངས་བར་འོས་པའི་མགྲོན་རྣམས་དང་། །ས་བདག་ཀླུ་གཉན་ཐམས་ཅད་ཀུན། །སངས་རྒྱས་བསྟན་པ་བསྲུང་བ་དང་། །སྒྲུབ་པའི་སྟོང་གྲོགས་བྱ་བ་དང་། །དགོན་གནས་བར་ཆད་སེལ་བ་དང་། །དགྲ་དང་བགེགས་རྣམས་འཇོམས་པ་དང་། །ནད་གདོན་གནོད་པ་ལ་སོགས་པ། །ཆགས་ཆེ་ཉམས་ང་བཟློག་པ་དང་། །འདོད་པ་ཐམས་ཅད་སྒྲུབ་པའི་ཕྱིར། །མགྲོན་རྣམས་སྤྱན་འདྲེན་གནས་འདིར་བྱོན། །འདིར་གཤེགས་བཤམས་པའི་མཆོད་པ་བཞེས། །བསྟན་པ་དར་ཞིང་རྒྱས་པར་མཛོད།  །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཡིད་ལ་རེ་བ་བསྐོང་བ་དང་། །ཀུན་ཀྱང་བཤད་པའི་ཆོས་ལ་ཉོན། །སྤྱིར་མཆོད་པ་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན། །རྒྱལ་བ་ཤཱཀྱ་ཐུབ་པ་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ། །ཕྱག་འཚལ་མཆོད༴། ཡུམ་ལྔ་རིན་ཆེན་ཕྲེང་བ་ལ། །ཕྱག་འཚལ་མཆོད་པ༴། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ༴། དུས་གསུམ་སངས་རྒྱས་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ༴། ཞི་ཁྲོ་དཔལ་ཆེན་འཁོར་བཅས་དང་། །རིགས་གསུམ་མགོན་པོ་འཁོར་བཅས་ལ། །ཕྱག་འཚལ་མཆོད་པ༴། གདུང་བ་སེལ་བ་ལ་སོགས་པ། །འཕགས་པ་རང་རྒྱལ་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ༴། འོད་སྲུང་ཆེན་པོ་ལ་སོགས་པའི། །ཉན་ཐོས་ཆེན་པོ་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ༴། བྷ་ར་དྷ་ཛ་ལ་སོགས་པའི། །གནས་བརྟེན་ཆེན་པོ་བཅུ་དྲུག་ལ། །ཕྱག་འཚལ་མཆོད་པ༴། ནམ་མཁའི་སྙིང་པོ་ལ་སོགས་པའི། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ༴། ཆོས་སྐུ་ཀུན་ཏུ་བཟང་པོ་དང་། །རྡོ་རྗེ་འཆང་ཆེན་ལ་སོགས་པའི། །རྩ་བརྒྱུད་བླ་མ་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ༴། དགའ་རབ་ཤྲཱི་སིངྷ་དང་། །ཨོ་རྒྱན་བི་མ་མི་ཏྲ་སོགས། །རྫོགས་ཆེན་བརྒྱུད་པ་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ༴། ཧཱུྃ་ཀར་འཇམ་དཔལ་བཤེས་གཉེན་དང་། །ཀླུ་སྒྲུབ་པྲ་ཆེན་ཧ་སྟི་སོགས། །རྒྱ་གར་རིག་འཛིན་བརྒྱད་རྣམས་ལ། །ཕྱག་འཚལ་མཆོད་པ༴། སངས་རྒྱས་ཡེ་ཤེས་རྒྱལ་མཆོག་དབྱངས། །ནམ་སྙིང་མཁར་ཆེན་བཟའ་ལ་སོགས། །བོད་ཀྱི་གྲུབ་ཆེན་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ༴། ཨིནྡྲ་བོ་དྷི་ལ་སོགས་པའི། །གྲུབ་ཆེན་བརྒྱད་པོ་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ༴། ཀླུ་ཡི་བྱང་ཆུབ་ལ་སོགས་པའི། །གྲུབ་ཆེན་བརྒྱད་ཅུ་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ༴། ཀླུ་སྒྲུབ་སྙིང་པོ་ལ་སོགས་པའི། །རྒྱན་དྲུག་མཆོག་བརྒྱད་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ༴། དོན་ཡོན་ཞགས་པ་ལ་སོགས་པའི། །ཀྲྀ་ཡ་བྱ་རྒྱུད་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ༴། །པདྨ་རྩེ་མོ་ལ་སོགས་པའི། །ཨུ་པ་སྤྱོད་རྒྱུད་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ༴། ངན་སོང་རྣམ་སྦྱོང་ལ་སོགས་པའི། །ཡོ་ག་རྣལ་འབྱོར་ལྷ་རྣམས་ལ། །ཕྱག་འཚལ་མཆོད་པ༴། གསང་འདུས་རྡོ་རྗེ་གདན་གཞི་དང་། །མ་ཡ་འཇིགས་བྱེད་སྒྱུ་འཕྲུལ་དང་། །རྡོ་རྗེ་ཕུར་པ་ལ་སོགས་པའི། །མ་ཧཱ་ཨ་ནུ་བླ་མེད་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ༴། མི་ནུབ་བྱང་ཆུབ་སེམས་ཀྱི་ལུང་། །ཀུན་བཟང་རྡོ་རྗེ་སེམས་དཔའ་སོགས། །སྙིང་པོ་དོན་གྱི་ལྷ་རྣམས་ལ། །ཕྱག་འཚལ་མཆོད་པ༴། འཇམ་དཔལ་སྐུ་དང་པདྨ་གསུང་། །ཕུར་པ་འཕྲིན་ལས་ལ་སོགས་པའི།  །སྒྲུབ་པ་བཀའ་བརྒྱད་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ༴། ནུབ་ཕྱོགས་ཨོ་རྒྱན་ལ་སོགས་པའི། །དུར་ཁྲོད་ཆེན་པོ་ཐམས་ཅད་ཀྱི། །མ་སྲིང་མཁའ་འགྲོ་རྒྱ་མཚོ་ལ། །ཕྱག་འཚལ་མཆོད་པ༴། གནས་དང་ཉེ་བའི་གནས་དང་ཡུལ། །ཉི་ཤུ་རྩ་བཞིའི་མཁའ་འགྲོ་དང་། །སྲུང་མ་ཞིང་སྐྱོང་ཐམས་ཅད་ལ། །ཕྱག་འཚལ་མཆོད་པ༴།  ཁྱད་པར་འགྲོ་བའི་གཉེན་གཅིག་པོ། །ཨྱོན་པདྨ་འཁོར་བཅས་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །འདོད་དགུའི་རེ་བ་བསྐོང་དུ་གསོལ། །  ཨོཾ་བཛྲ་ཨ་མྲྀ་ཏས་བསངས། སྭཱ་བྷ་ཝས་སྦྱངས། བསངས་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོ་ཨཱཿ ཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་དྲི་བཟང་གི་མཆོད་པ་རྩི་ཤིང་སྣ་ཚོགས་ཀྱི་དུད་པ་ཞལ་ཟས་ཕྱེ་མར་འོ་སྐོལ། བསུར་གྱི་དུད་སྤྲིན་ཆེན་པོ་དུ་བ་ཡེ་ཤེས་ཀྱི་བདུད་རྩིས་ས་དང་བར་སྣང་ཐམས་ཅད་གང་བ། གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ། བཟའ་བས་མི་ཟད་པ། བཏུང་བས་མི་ཟད་པ། བརྒོལ་བས་མི་སྡིག་པ། རི་རྒྱལ་ལས་དཔང་མཐོ་བ། རྒྱ་མཚོ་ལས་གཏིང་ཟབ་པ། ཞིང་རྡུལ་བས་གྲངས་མང་བ། ཉི་ཟླ་ལས་འོད་གསལ་བ་རྒྱ་ཆེ་བ་ནམ་མཁའི་མཐའ་དང་མཉམ་པ་ནད་པ་གསོ་བའི་སྨན་འཆི་བ་བསླུ་བའི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ཨ་ཀཱ་རོ་བརྗོད། དུ་བ་བྱིན་གྱིས་བརླབ་པ་ནི། དུ་བ་ནི་ལྷ་མོ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་གཡས་བདུད་རྩིའི་བུམ་པ་འཛིན་ཅིང་གཡོན་སྨན་གྱིས་གང་བའི་གཞོང་པ་བསྣམས་པ། ཞལ་འཛུམ་བག་གི་མདངས་དང་ལྡན་པའི་གཡས་བདུད་རྩིའི་བུམ་པ་ནས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང་བས་འགོ་བའི་ལྷ་ལ་སོགས་པ་ཁྲུས་བྱས་རོ་འབག་ལ་སོགས་པའི་གྲིབ་དང་མི་གཙང་བ་ཐམས་ཅད་ཆུས་བཀྲུས་དག་པར་གྱུར། གཡོན་སྨན་གྱིས་གང་བའི་གཞོང་པ་ནས་སྨན་དཔག་ཏུ་མེད་པ་ཐུ་ལུ་ལུ་བྱུང་བས་ཀླུ་གཉན་ས་བདག་རྨུག་པ་ཐམས་ཅད་བསངས་ནས་སངས་རྒྱས་ཀྱི་བཀའ་རྗེས་སུ་དྲན་ཏེ་བདག་ཅག་ཅི་འདོད་པའི་སྟོང་གྲོགས་བྱེད་པར་གྱུར།། ཀྱཻ༔ འཛམ་བུ་གླིང་གི་བྱང་ཕྱོགས་ན༔ རི་གཅིག་འདུག་པ་རྟ་རྣ་རི༔ རྟ་རྣ་རི་ལ་ཤིང་གསུམ་སྐྱེས༔ རྩ་བ་མཁན་དཀར་གསེར་མདོག་ཅན༔ སྐེད་པ་སུར་དཀར་དུང་འདབ་ཅན༔ རྩེ་མོ་ལྷ་ཤུག་གཡུ་ལོ་ཅན༔ ཤིང་གི་རྒྱལ་པོ་དེ་གསུམ་ལ༔ འཆི་མེད་བདུད་རྩི་མ་ལུས་ཚང་༔ སྟོན་གསུམ་སྟོན་གྱི་དུས་ན་སྔོ༔ དཔྱིད་གསུམ་དཔྱིད་ཀྱི་དུས་ན་སྔོ༔ དགུན་གསུམ་དགུན་གྱི་དུས་ན་སྔོ༔ དབྱར་གསུམ་དབྱར་གྱི་དུས་ན་སྔོ༔ དྲི་ཞིམ་ངད་པ་བཟང་པོ་ཡིས༔ ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི༔ གཙང་བཙོག་ངན་པ་སེལ་བར་བྱེད༔ མེ་ལྕེ་འོད་ལྡན་འབར་བ་ཡིས༔ ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི༔ མ་རིག་མུན་པ་སེལ་བར་བྱེད༔ དེ་ལྟར་ལྡན་པའི་ཤིང་གསུམ་གྱིས༔ ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི༔ འཁོན་འཛིན་ཕྲག་དོག་སེལ་བའི་ཐབས༔ གཙང་བཙོག་ངན་པ་སེལ་བའི་ཐབས༔ སྲུང་མ་ལས་ལ་བསྐུལ་བའི་ཐབས༔ ཁང་ཁྱིམ་མི་གཙང༴༔ ཚེ་སྲོག་ས་ཞིང་བརྟན་པའི༴༔ གཟའ་སྐར་ངན་པ་སེལ་བའི༴༔ རྐྱེན་ངན་བར་ཆད་སེལ་བའི༴༔ གཞི་དང་གནས་ལ་སྡོད་པའི་ཚེ༔ མཐུན་རྐྱེན་འབྱོར་པ་སྤེལ་བའི༴༔ ཐག་རིང་བྱེས་སུ་འགྲོ་བའི་ཚེ༔ དོན་རྣམས་ཐམས་ཅད་འགྲུབ་པའི༴༔ ཀྱཻ་བསངས་སོ༔ ལྷ་རྒྱལ་ལོ༔ ཀྱཻ༔ དེ་རིང་གནམ་ལ་སྐར་མ་བཟང་༔ ས་ལ་ཉི་མ་རླུང་ཡང་དྲོ༔ བར་དུ་བསེར་བུ་ངད་ཀྱང་འཇམ༔ དུས་ཚོད་ཚེས་གྲངས་བཀྲ་ཡང་ཤིས༔ ཉི་མ་ཐམས་ཅད་དགེ་བ་ཡིན༔ རྒྱུ་སྐར་ཐམས་ཅད་བཟང་བ་ཡིན༔ དགྲ་བཅོམ་ཐམས་ཅད་ཟག་པ་ཟད༔ སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ༔ ཀྱཻ་བསངས་སོ༔ ལྷ་རྒྱལ་ལོ༔ ཀྱཻ༏ ཤིང་བདུད་རྩི་ཅན་གྱིས་དུད་པས་བསངས༔ གསེར་ལོ་འབར་བའི་སྟག་པས་བསངས༔ གཡུ་ལོ་འབར་བའི་སྨྱུག་མས༴༔ དུང་ལོ་འབར་བའི་བ་ལུས༴༔ བདུད་རྩི་མཁན་པའི་དུད་པས༴༔ མཆོང་ལོ་འབར་བའི་སུ་ལུས༴༔ ཨ་ཀ་རུ་ཡི་དུད་པས༴༔ ལྷ་ཤུག་ཤུག་པའི་དུད་པས༴༔ དྲི་བཟང་སྤོས་དཀར་དུད་པས༴༔ ཨ་རུ་ར་ཡི་དུད་པས༴༔ མ་ནུ་རུ་རྟའི་དུད་པས༴༔ སྤོས་མེ་དྲི་ཞིམ་དུད་པས༴༔ ནམ་མཁའི་སྙིང་པོ་གཡུ་ཡི༴༔ རི་རབ་སྙིང་པོ་མཆོང་གིས༴༔ རྒྱ་མཚོའི་སྙིང་པོ་དུང་གིས༴༔ ས་ཡི་སྙིང་པོ་གསེར༴༔ རྩི་ཐོག་སྙིང་པོ་མར་གྱིས༴༔ འབྲུ་ཡི་སྙིང་པོ་ཆང༴༔ ཕུར་མོ་གླང་ཤིང་མཚེ་ཤིང་དང་༔ ཕྱེ་མར་འོ་སྐོལ་དྲི་བཟང་དང་༔ སྤོས་དང་ཤ་ཆང་ཕུད་ཀྱིས༴༔ ཤིང་གི་རྒྱལ་པོ་བདུད་རྩི་ཅན༔ བཅུ་གསུམ་དག་གི་དུད་པས་བསངས༔ ཀྱཻ་བསངས་སོ༔ ལྷ་རྒྱལ་ལོ༔ ཀྱཻ༔ དཀོན་མཆོག་གསུམ་གྱི་རྩ་བ་སྟེ༔ དྲིན་ཅན་རྩ་བའི་བླ་མ་བསངས༔ སྔ་རབས་འདས་དང་ད་ལྟར་བཞུགས༔ སླད་ནས་བྱོན་པ་སངས་རྒྱས༴༔ དུས་གསུམ་སངས་རྒྱས་ཐམས་ཅད༴༔ ལྷ་ཡི་གཙོ་བོ་དམ་པ་སྟེ༔ སྟོན་པ་བླ་མེད་སངས་རྒྱས༴༔ བག་ཆགས་མ་ལུས་སྦྱོང་བའི་ཡུལ༔ སྐྱོབ་པ་བླ་མེད་དམ་ཆོས༴༔ བསོད་ནམས་མ་ལུས་གསོག་པའི་ཡུལ༔ འདྲེན་པ་བླ་མེད་དགེ་འདུན༴༔ བཀའ་བརྒྱུད་བླ་མ་ཐམས་ཅད༴༔ དངོས་གྲུབ་མ་ལུས་སྟེར་བའི་ལྷ༔ ཡི་དམ་ལྷ་ཚོགས་ཐམས་ཅད་བསངས༔ སངས་རྒྱས་ནམ་མཁའ་གང་བ་བསངས༔ རིག་འཛིན་བར་སྣང་གང་བ༴༔ སེམས་དཔའ་ས་གཞི་གང་བ༴༔ ཆོས་སྐུ་ཀུན་ཏུ་བཟང་པོ་ནས༔ ལོངས་སྐུ་རིགས་ལྔའི་སངས་རྒྱས་སོགས༔ རྒྱལ་བ་དགོངས་བརྒྱུད་བླ་མ༴༔ དགའ་རབ་རྡོ་རྗེ་ལ་སོགས་པའི༔ རིག་འཛིན་བརྡའ་བརྒྱུད༴༔ ཤྲཱི་སིངྷ་ལ༴༔ གང་ཟག་སྙན་བརྒྱུད༴༔ འཇམ་དཔལ་བཤེས་གཉེན་ལ༴༔ རིག་འཛིན་ཕོ་མོ་ཐམས་ཅད༴༔ བི་མ་མི་ཏྲ་ལ༴༔ རྒྱ་གར་པཎ་ཆེན་ཐམས་ཅད༴༔ སློབ་དཔོན་པདྨ་ལ་སོགས༴༔ གསང་སྔགས་གསར་རྙིང་བླ༴༔ ཡེ་ཤེས་མཚོ་རྒྱལ༴༔ གྲུབ་ཆེན་བརྒྱུད་པའི་བླ༴༔ བཻ་རོ་ཙཱ་ན་ལ༴༔ ལོ་ཙཱ་སྒྲ་བསྒྱུར་ཐམས་ཅད༴༔ པདྨ་གླིང་པ་ལ༴༔ སྤྲུལ་སྐུ་གཏེར་སྟོན་ཐམས་ཅད༴༔ རྩ་བའི་བླ་མ་ལ༴༔ བརྒྱུད་པ་རིམ་བརྒྱུད་བླ༴༔ གྲུབ་ཆེན་བརྒྱད་པོ་ལ༴༔ གྲུབ་ཐོབ་བརྒྱད་ཅུ་རྩ་བཞི༴༔ ཤཱཀྱ་ཐུབ་པ་ལ་སོགས༴༔ མདོ་སྡེ་བརྒྱུད་པའི་བླ༴༔ ཐུགས་རྗེ་བྱིན་རླབས་བརྒྱུད་པའི་བླ་མ་བསངས༔ མཁའ་འགྲོ་གཏད་རྒྱ་བརྒྱུད༴༔ སྨོན་ལམ་དབང་བསྐུར་བརྒྱུད༴༔ བཀའ་བབས་ལུང་བསྟན༴༔ རྫོགས་ཆེན༴༔ ཕྱག་ཆེན༴༔ ཞི་བྱེད༴༔ ལམ་འབྲས༴༔ དབུ་མ༴༔ སྤྱོད་ཡུལ༴༔ སྦྱོར་དྲུག༴༔ མཚན་ཉིད༴༔ ས་བཅུའི་བྱང་ཆུབ་སེམས་དཔའ་བསངས༔ དུས་གསུམ་སངས་རྒྱས་ཐམས་ཅད༴༔ སྔ་རབས་འདས་དང་སླད་ནས་འབྱོན༔ ད་ལྟར་བཞུགས་པ་ཐམས་ཅད་བསངས༔ བསངས་ཀྱི་མི་བསངས་གང་ཡང་མེད༔ མ་བསངས་རྣམས་ཀྱང་བསངས་གྱུར་ཅིག༔ མ་དག་རྣམས་ཀྱང་དག་གྱུར་ཅིག༔ བསམ་པ་གྲུབ་ལ་རེ་བ་བསྐོང་༔ ཀྱཻ་བསངས་སོ༔ ལྷ་རྒྱལ་ལོ༔ ཀྱཻ༔ ཀུན་ཏུ་བཟང་པོ་ལ་སོགས་པའི༔ རྒྱལ་བ་རྒྱ་མཚོའི་ལྷ་ཚོགས༴༔ རྡོ་རྗེ་སེམས་དཔའ་ལ༴༔ གསང་སྔགས་རྒྱུད་སྡེའི་ལྷ༴༔ རིགས་གསུམ་མགོན་པོ་ལ༴༔ བྱང་ཆུབ་སེམས་དཔའི་ལྷ༴༔ ཞི་བ་ལྷུན་གྲུབ་དཀྱིལ་འཁོར་ནས༔ བཞི་བཅུ་རྩ་གཉིས་ལྷ༴༔ ཁྲག་ཐུང་རོལ་པའི་དུར་ཁྲོད་ནས༔ ལྔ་བཅུ་རྩ་བརྒྱད༴༔ སྐུ་མཆོག་འགྱུར་བ་མེད་པ་ནས༔ འཇམ་དཔལ་སྐུ་ཡི༴༔ གསུང་མཆོག་འགག་པ་མེད་པ་ནས༔ པདྨ་གསུང་གི༴༔ ཐུགས་མཆོག་གཡོ་བ་མེད༴༔ ཡང་དག་ཐུགས་ཀྱི༴༔ ཡོན་ཏན་ལྷུན་གྲུབ་དཀྱིལ་འཁོར་ནས༔ བདུད་རྩི་ཡོན་ཏན༴༔ ཕྲིན་ལས་དྲག་པོའི་དཀྱིལ་འཁོར་ནས༔ ཕུར་པ་འཕྲིན་ལས༴༔ ཤ་ཁྲག་རྒྱ་མཚོའི་དཀྱིལ་འཁོར༴༔ རྦོད་གཏོང་མ་མོའི༴༔ ཐུགས་རྗེ་གདུང་གསོབ་སྐུ་ཡི་དཀྱིལ༴༔ རིག་འཛིན་སློབ་དཔོན༴༔ དམ་རྫས་རྫ་ལྟར་ལྷག་པ་ནས༔ འཇིག་རྟེན་མཆོད་བསྟོད༴༔ དྲག་སྔགས་རོལ་པའི་དུར་ཁྲོད་ནས༔ དམོད་པ་དྲག་སྔགས༴༔ ཐོད་ཕྲེང་རིགས་ལྔའི་ལྷ༴༔ སྤྲུལ་པའི་གུ་རུ་མཚན་བརྒྱད༴༔ བཅོམ་ལྡན་ཚེ་ཡི༴༔ གསང་བདག་ཕྱག་རྡོར་ལྷ༴༔ དྲག་པོ་ཐོད་ཕྲེང༴༔ རྟ་མགྲིན་དབང་གི༴༔ ཐེག་པ་རིམ་དགུའི༴༔ རྒྱུད་སྡེ་བཞི་ཡི༴༔ གསང་སྔགས་ཕྱི་ནང༴༔ མ་བསངས་རྣམས༴༔ མ་དག་རྣམས་ཀྱང༴༔ བསམ་པ་སྒྲུབ་ལ་རེ་བ་སྐོང་༔ ཀྱཻ་བསངས་སོ༔ ལྷ་རྒྱལ་ལོ༔ ཀྱཻ༔ ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་ནས༔ ཡེ་ཤེས་མཁའ་འགྲོ་མ་མཉེས༴༔ རྡོ་རྗེ་རིགས་ཀྱི་གཞལ་ཡས་ནས༔ རྡོ་རྗེ་མཁའ་འགྲོ༴༔ རིན་ཆེན་རིགས་ཀྱི༴༔ རིན་ཆེན་མཁའ་འགྲོ༴༔ པདྨ་རིགས་ཀྱི༴༔ པདྨ་མཁའ་འགྲོ༴༔ ལས་ཀྱི་རིགས་ཀྱི༴༔ ལས་ཀྱི་མཁའ་འགྲོ༴༔ དམ་ཚིག་གཉན་པོའི་ཕོ་བྲང་ནས༔ དམ་ཚིག་མཁའ་འགྲོ༴༔ འཇིག་རྟེན་རོལ་པའི་དུར་ཁྲོད་ནས༴༔ འཇིག་རྟེན་མཁའ་འགྲོ༴༔ འཇིག་བྱེད་ཤུགས་དྲག་དུར་ཁྲོད༴༔ བརྒྱུད་འཛིན་མཁའ་འགྲོ༴༔ སྣ་ཚོགས་རོལ་པའི༴༔ སྣ་ཚོགས་མཁའ་འགྲོ༴༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ རྡོ་རྗེ་ཕག་མོ་འཁོར་བཅས༴༔ རྡོ་རྗེ་རྣལ་འབྱོར་འཁོར་བཅས་༴༔ རྗེ་བཙུན་སྒྲོལ་མ༴༔ ཁྲོས་མ་ནག་མོ༴༔ ལྷ་མོ་དབྱངས་ཅན༴༔ མ་སྲིང་མཁའ་འགྲོ༴༔ མཁའ་འགྲོ་བྱེ་བ་དུང་ཕྱུར་མ༔ དུར་ཁྲོད་བརྒྱད་ལ་གནས་པ་ཡི༔ མཁའ་འགྲོ་དཔའ་བོའི་ཚོགས་རྣམས་ཀུན༔ ཁྱེད་རྣམས་བསངས་ཤིང་མཆོད་པར་བགྱི༔ བསངས་ཀྱི་མི་བསངས༴༔ མ་བསངས་རྣམས་ཀྱང༴༔ མ་དག་རྣམས་ཀྱང༴༔ བསངས་ཀྱི་མཆོད་པ་འདི་བཞེས་ལ༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ བསམ་པ་སྒྲུབ་ལ་རེ་བ་སྐོང་༔ བར་དུ་གཅོད་པའི་དགྲ་བགེགས་ཐུལ༔ ཚེ་དབང་དཔལ་འབྱོར་ཆེར་བསྐྱེད་ལ༔ ལོངས་སྤྱོད་འབྱོར་དགུ་རྒྱས་པར་མཛོད༔ ཀྱཻ་བསངས་སོ༔ ལྷ་རྒྱལ་ལོ༔ ཀྱཻ༏ དུར་ཁྲོད་ཐོད་མཁར་འབར་བ་ནས༔ དཔལ་མགོན་མ་ནིང་མ་མཉེས༴༔ སྔགས་སྲུང་ཆེན་མོ༴༔ སྲོག་སྒྲུབ་ནག་མོ༴༔ གཟའ་བདུད་ཆེན་པོ༴༔ གནོད་སྦྱིན་དམར་ནག༴༔ ལས་མགོན་སྲོག་བདུད༴༔ རྡོ་རྗེ་ལེགས་པ༴༔ མ་ཧཱ་ཀཱ་ལ་མ༴༔ ལྷ་ཆེན་དཔལ་འབར༴༔ སེངྒེ་གདོང་ཅན༴༔ ལྷ་མོ་དཔལ་འབར༴༔ སྲིང་གཅིག་ལྷ་མོ༴༔ བྱ་རོག་གདོང་ཅན༴༔ གཙང་གཙན་རྡོར་ལེགས༴༔ རྒྱལ་པོ་དཔེ་ཧར༴༔ དཔལ་ལྡན་ལྷ་མོ༴༔ སྲིད་པའི་སྲོག་བདག༴༔ སྐུ་ཡི་མགོན་པོ་སྟག་ཞོན་བསངས༔ གསུང་གི་མགོན་པོ་བེང་ཆེན༴༔ ཐུགས་ཀྱི་མགོན་པོ་གྲི་གུག༴༔ ཡོན་ཏན་མགོན་པོ་སེང་ཞོན༴༔ འཕྲིན་ལས་མགོན་པོ་ཏྲག་ཤད༴༔ མགོན་པོ་ལེགས་ལྡན་ནག་པོ༴༔ དཔལ་མགོན་བདུན་ཅུ་རྩ་གཉིས༴༔ དྲེགས་པའི་སྡེ་དཔོན་སུམ་ཅུ༴༔ སྲུང་མ་ལས་ལས་སྒྲུབ་པ༴༔ དམ་ཅན་གཞུང་ལ་གནས༴༔ ནག་པོ་སྟོང་དང་ཤ་ཟ་འབུམ༔ མ་མོ་བྱེ་བ་འཁོར་བཅས༴༔ སློབ་དཔོན་བརྒྱུད་ཀྱི་སྲུང་མ༴༔ ཆོས་བཀའ་གཉན་པོའི་སྲུང༴༔ གསང་སྔགས་ཕྱི་ནང༴༔ དབེན་གནས་གཉེན་པོའི༴༔ བསྟན་པ་གཉན་པོའི༴༔ བར་ཆད་མ་ལུས་སེལ་བྱེད་པ༔ ཆོས་སྐྱོང་སྲུང་མ་འཁོར༴༔ བོད་ཁམས་བརྟན་མ་བཅུ་གཉིས༴༔ དགེ་བསྙེན་ཉི་ཤུ་རྩ་གཅིག༴༔ རྗེ་ཡི་མགུར་ལྷ་བཅུ་གསུམ༴༔ གཏེར་བདག་བཀའ་ཉན་འཁོར༴༔ ལས་དང་སྐལ་བར་ལྡན་པ༴༔ མཐུ་དང་ནུས་པར་ལྡན༴༔ བཟང་པོའི་སྟོང་གྲོགས་བྱེད༴༔ རྒྱབ་ནས་བསྐྱེལ་མ་བྱེད༴༔ མདུན་ནས་འཁར་བ་བྱེད༴༔ དགྲ་བྱུང་བྱ་གཏོང་བྱེད༴༔ དུག་བྱུང་སྨན་གཏོང་བྱེད༴༔ མདུན་ནས་སྒྲོན་མེ་སྤོར་བ༴༔ བྲག་ལ་ཐེམ་སྐས་འཛུགས་པ༴༔ ཉིན་གྱི་བྱ་ར་བྱེད་པ༴༔ མཚན་གྱི་མེལ་ཚེ་བྱེད་པ༴༔ བྱེས་སུ་ལམ་འགྲོགས་བྱེད་པ༴༔ གཞི་ལམ་མཐུན་རྐྱེན་སྤེལ་བ༴༔ བཀའ་སྲུང་དམ་ཅན་འཁོར་བཅས༴༔ བསངས་ཀྱི་མཆོད་པ་འདི་འབུལ་གྱི༔ ཐུགས་དང་འགལ་བ་ཅི་བགྱིས་རྣམས༔ དེ་དག་མ་ལུས་སོ་སོར་བཤགས༔ རྣལ་འབྱོར་དཔོན་སློབ་འཁོར༴༔ བསམ་པ་སྒྲུབས་ལ་རེ་བ་སྐོངས༔ བར་དུ་གཅོད་པའི་དགྲ་བགེགས་ཐུལ༔ ཚེ་དང་བསོད་ནམས་དཔལ་འབྱོར་དང་༔ ལོངས་སྤྱོད་འབྱོར་དགུ་རྒྱས་པར་མཛོད༔ ཀྱཻ་བསངས་སོ༔ ལྷ་རྒྱལ་ལོ༔ ཀྱཻ༏ རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ༔ འགོ་ཞིང་སྟོང་གྲོགས་བྱེད་པ་ཡི༔ དགྲ་ལྷ་གཉན་པོ་བསངས་ཤིང་མཆོད༔ སྟེང་མི་ལ་འགོ་བའི་དགྲ་ལྷ༴༔ སྲིད་པའི་ལྷ་ཀླུང་དཀར་པོ༴༔ སྨོན་པའི་རྫི་ཀླུང་འཕྱོ་བ༴༔ འོད་ཟེར་མེ་སྟག་འཕྲོ་བ༴༔ སྲིད་པ་ཆགས་པའི་དགྲ་ལྷ༴༔ སྨོན་པ་འགྲུབ་པའི་དགྲ༴༔ གླེང་གཞི་འགྲུབ་པའི་དགྲ༴༔ དཔའ་སྙིང་ཆེ་བའི༴༔ མྱུར་མགྱོགས་ཆེ་བའི༴༔ འགོ་བའི་དགྲ་ལྷ་སྤུན་གསུམ༴༔ མི་ཐུབ་དགྲ་ལྷ་སྤུན་གསུམ༴༔ བལྟ་བ་མིག་གི་དགྲ་ལྷ༴༔ སྨྲ་བ་ལྕེ་ཡི༴༔ ཉན་པ་རྣ་བའི༴༔ སྣོམ་པ་སྣ་ཡི༴༔ དཔའ་རྩལ་ཆེ་བའི༴༔ མགྱོགས་པ་རྟ་ཡི་༴༔ སྲ་བ་བེར་གྱི་༴༔ བཙན་པོ་ཁྲབ་ཀྱི་༴༔ རྣོ་བ་མཚོན་གྱི་༴༔ གཡས་སྟག་གདོང་ཁྲ་བོའི་ནང་ན་ནི༔ སྒྲོ་སྨྱུག་འཛོམ་པའི་དགྲ༴༔ གཡོན་གཟིག་ཤུབ་ནང་ན་གནས་པ་ཡི༔ རྭ་ཤིང་འཛོམ་པའི༴༔ ཁ་འཛིན་བཤགས་འདེབས་བྱེད་པ་ཡི༔ དགྲ་ལྷ་གཉན་པོ་འཁོར༴༔ འགོ་བའི་ལྷ་ལྔ་ཐམས་ཅད༴༔ སྐྱོབ་པའི་ལྷ་དགུ་ཐམས་ཅད༴༔ ཕྱི་རབས་བརྒྱུད་ཀྱི་སྲུང་མ༴༔ སྨུ་རབས་བརྒྱུད་ཀྱི༴༔ བཙུག་རབས་བརྒྱུད་ཀྱི༴༔ སྟེང་གི་དགྲ་ལྷ་སྨུ་ཁྲི༴༔ ས་ཡི་དགྲ་ལྷ་མཚལ་སྟག༴༔ ཁ་ཟས་དང་སྤྲོད་པའི་དགྲ༴༔ ལག་ནོར་དང་སྤྲོད་པའི༴༔ ཕ་བཙུན་ཡབ་ལྷ་སྤུན་དྲུག༴༔ བསངས་ཀྱི་མི་བསངས༴༔ མ་བསངས་རྣམས༴༔ མ་དག་རྣམས༴༔ བསམ་པ་སྒྲུབ༴༔ བར་དུ་གཅོད་པའི༴༔ ལོངས་སྤྱོད་འབྱོར་དགུ་རྒྱས་པར་མཛོད༔ ཀྱཻ་བསངས་སོ༔ ལྷ་རྒྱལ་ལོ༔ ཀྱཻ༏ ཚངས་པ་བརྒྱ་བྱིན་ལ་སོགས་ཏེ༔ ཕྱོགས་སྐྱོང་བཅུ་ཡི་ལྷ་ཚོགས༴༔ ཡུལ་འཁོར་བསྲུང་བ་ལ་སོགས་པའི༔ རྒྱལ་ཆེན་རིགས་བཞིའི་ལྷ༴༔ ཉི་མ་ཟླ་བ་ལ༴༔ གཟའ་ཆེན་བརྒྱད་པོ་འཁོར་བཅས༴༔ སྨིན་དྲུག་ལ་སོགས་རྒྱུ་སྐར༴༔ ཐབ་སྨན་དེ་ནི་དཀར་མོ༴༔ ལྷ་དང་ལྷ་མིན་ཀླུ་རྣམས༴༔ གཉན་དང་ས་བདག་དམུ་རྣམས༴༔ ལྟོ་འཕྱེ་གྲུལ་བུམ་སྲིན་པོ༴༔ མོ་བཙུན་རྒྱལ་མོ་ཐང་གེ༴༔ སྨན་བཙུན་བདེ་མོ་གོང་དཀར༴༔ བོད་ཁམས་ཆགས་པའི་ཟོར་དོར༴༔ བོད་ཀྱི་མགུར་ལྷ་བཅུ་གསུམ༴༔ འཛམ་གླིང་བརྟན་མ་བཅུ་གཉིས༴༔ དགེ་བསྙེན་སུམ་བརྒྱ་དྲུག་ཅུ༴༔ སྐྱེས་ཆེན་རྡོ་རྗེ་ལེགས་པ༴༔ གནམ་གྱི་བརྒྱ་བྱིན་དཀར་པོ༴༔ བར་གྱི་བརྒྱ་བྱིན་ཁྲ་བོ༴༔ ས་ཡི་བརྒྱ་བྱིན་ནག་པོ༴༔ རི་རབ་ཆེན་པོའི་ས་བདག༴༔ གསེར་གྱི་རི་བདུན་ས༴༔ རོལ་པའི་མཚོ་བདུན་ས༴༔ གོང་པོའི་བཙན་དང་རོང་པོའི་བཙན༔ དམུ་བདུད་ལ་སོགས་སོ་སོར༴༔ བསིལ་བ་ཚལ་ལ་སོགས་པ་ཡི༔ དུར་ཁྲོད་བརྒྱད་ལ་གནས༴༔ ཏི་སེ་གངས་ལ་སོགས་པ་ཡི༔ གངས་རི་བསྐོར་གསུམ་ས་བདག་བསངས༔ ཆུ་བོ་གངྒཱ་ལ་སོགས་པའི༔ ཆུ་བོ་བཞི་ཡི་ཀླུ་རྒྱལ༴༔ མ་བསངས་རྡོ་རྗེ་ལེགས་པ༴༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད༴༔ ཕྱི་སྣོད་འཇིག་རྟེན་ལྷ་འདྲེ༴༔ ནང་བཅུད་སེམས་ཅན་ལྷ་རྣམས་བསངས༔ སྨ་ཡི་སྨ་ཆེན་སྦོམ་ར༴༔ སྨན་འཁོར་སུམ་བརྒྱ་དྲུག་ཅུ༴༔ འཛམ་བུ་གླིང་གི་ཀླུ་བརྒྱད༴༔ ཀླུ་འཁོར་སུམ་བརྒྱ་དྲུག་ཅུ༴༔ བར་གྱི་གཉན་ཆེན་ཐང་ལྷ༴༔ གཉན་འཁོར་སུམ་བརྒྱ་དྲུག་ཅུ༴༔ གནམ་ལྷ་ཆེ་ཆུང་ལྕམ་དྲལ༴༔ འོ་དེ་དགུང་རྒྱལ་ལ་སོགས་པའི༔ སྲིད་པ་ཆགས་པའི་དགྲ་ལྷ༴༔ ཁ་རག་ཁྱུང་བཙུན་ལ་སོགས་པའི༔ གཙང་གཡས་རུ་གཡོན་རུའི་ས་བདག༴༔ གཙང་གི་ལྷ་རྒོད་མདུང་རྩེ༴༔ ཡར་འབྲོག་གཡུ་མཚོ་ཕྱུག་མོ༴༔ ཡར་ལྷ་ཤམ་པོ་ལ༴༔ ཤར་བརྒྱུད་ལྷ་ཀླུ་གཞི་བདག༴༔ སྐུ་ལ་མཁའ་རི་ལ༴༔ ལྷོ་བརྒྱུད༴༔ ཧ་བོ་གང་བཟང་ལ༴༔ ནུབ་རྒྱུད༴༔ གཉན་ཆེན་ཐང་ལྷ་ལ༴༔ བྱང་བརྒྱུད༴༔ ཡབ་ཤུད་དམར་པོ་ལ༴༔ ཡར་ལྷ་བཙན་པོ་འཁོར་བཅས༴༔ དབུས་རུ་ཉིན་སྲིབས་ས་བདག༴༔ དྭགས་པོ་དཔལ་རི་ལ༴༔ དྭགས་པོ་ཉིན་སྲིབས་ས༴༔ ཀོང་བཙུན་བདེ་མོ་ལ་སོགས་པའི༔ ཀོང་པོ་ཉིན་སྲིབས་ས༴༔ མཐོ་བ་གནམ་ལ་གནས་པ༴༔ དམའ་བ་ས་ལ་གནས་པ༴༔ ཉིན་རྩེ་གངས་ཀྱི་ས༴༔ ཆུ་བོ་བཞི་ཡི་ཀླུ་རྒྱལ༴༔ དབུས་གཙང་རུ་བཞིའི་ས༴༔ མདོ་ཁམས་སྒང་གི་ས༴༔ རི་བོ་དན་ཏིག་ལ༴༔ མདོ་སྨད་ས་བདག་ཀླུ་གཉན༴༔ རི་བོ་གནྡྷ་ལ༴༔ གནྡྷ་བྱང་ཕྱོགས་ས༴༔ རི་བོ་རྩེ་ལྔ་ལ༴༔ རྒྱ་ནག་ས་བདག་ཀླུ་གཉན༴༔ པོ་ཊ་རི་ལ་སོགས་པ༴༔ སྨན་རྩིའི་ས་བདག་ཀླུ༴༔ གནས་ཆེན་བརྒྱད་ཀྱི་ས༴༔ སྦས་ཡུལ་བཞི་ཡི་ས༴༔ ཡུལ་ཉི་ཤུ་རྩ་བཞིའི་ས་བདག༴༔ ཕྱི་རྒྱ་མཚོ་ཆེན་པོའི་ཀླུ་བརྒྱད༴༔ བྱ་རྒོད་ཕུང་པོ་རྡོ་རྗེ་གདན༔ རྒྱ་གར་ཤར་ནུབ་གཞི་བདག༴༔ ཆུ་བོ་བརྒྱད་ཀྱི་གཞི་༴༔ ཤར་ཕྱོགས་རྒྱལ་པོ་ལ་༴༔ སྲོག་བདག་ཆེ་ཆུང་ཐམས་ཅད༴༔ ཕོ་ལ་དེར་མཚོ་ལ༴༔ སྟོང་གྲོགས་བྱེད་པ་ཐམས་ཅད༴༔ རོལ་མཚོ་བདུན་གྱི་ཀླུ་རྣམས༴༔ ཆུ་བོ་དྲུག་གི་ཀླུ༴༔ དྭགས་རི་དཀར་ལ་གནས་པ༴༔ སྲིབས་རི་ནག་ལ༴༔ ཕར་རི་གཡས་ལ་གནས༴༔ ཚུར་རི་གཡོན་ལ༴༔ སྐྱེ་བ་ཤིང་ལ་གནས༴༔ འབབ་པ་ཆུ་ལ༴༔ ལུང་པའི་ཕུ་ལ༴༔ ལུང་པའི་མདའ་ལ༴༔ འགྲོ་བ་ལམ་ལ༴༔ སྡོད་པ་ས་ལ༴༔ ས་བདག་གཙང་བཙན་ཁྲ་བོ༴༔ ས་ཡི་ལྷ་མོ་བརྟན་མ༴༔ ས་འཛིན་ལག་པ་ཆེན་པོ༴༔ སྨེ་བ་དགུ་ཡི་ས་བདག༴༔ སྤར་ཁ་བརྒྱད་ཀྱི༴༔ ལོ་སྐོར་བཅུ་གཉིས་ས༴༔ གབ་རྩེ་དགུ་ཡི༴༔ ལྷ་ཆེན་བརྒྱད་པོ་འཁོར༴༔ ཀླུ་ཆེན་བརྒྱད་པོ་འཁོར༴༔ གནོད་སྦྱིན་བརྒྱད་པོ༴༔ ལྷ་ཡི་རིགས་སུ་གྱུར་པ༴༔ བཙན་གྱི་རིགས་སུ༴༔ བདུད་ཀྱི་རིགས༴༔ སྨན་གྱི༴༔ མ་མོའི༴༔ གཟའ་ཡི༴༔ ཀླུ་ཡི༴༔ དམུ་ཡི༴༔ རྒྱལ་པོའི༴༔ སྲིན་མོའི༴༔ ས་བདག༴༔ གཉན་གྱི་རིགས་སུ༴༔ ཆུ་ལ་གནས་པ་ཐམས་ཅད༴༔ ས་ལ༴༔ བྲག་ལ༴༔ རྡོ་ལ༴༔ ཤིང་ལ་གནས་པ༴༔ རི་ལ༴༔ ཀླུང་ལ༴༔ ཡུལ་ལ༴༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཕོ་ལྷ་དགྲ་ལྷ་ཐམས་ཅད༴༔ མོ་ལྷ་ཞང་ལྷ་ཐམས་ཅད༴༔ སྲོག་ལྷ་དར་ལྷ༴༔ འགོ་བའི་ལྷ་ལྔ༴༔ སྐྱོབ་པའི་ལྷ་དགུ་ཐམས་ཅད༴༔ དགྲ་ལྷ་གཉན་པོ་ཐམས་ཅད༴༔ ཁྱིམ་གྱི་ཁྱིམ་ལྷ་གེ་ཐུང༴༔ ནོར་ལྷ་ཛམ་ལྷ་འཁོར༴༔ མཁར་གྱི་བརྩེ་ལྷ་གཉན་པོ་བསངས༔ ཐང་ལྷ་དེ་ནས་ཡུ་མོ༴༔ ཐབ་སྨན་དེ་ནི་དཀར་མོ༴༔ ཞིང་ལྷ་དེ་ནི་ས་ཆོས༴༔ རྟ་ཡི་རྟ་ལྷ་དམར་པོ་བསངས༔ མཛོ་ཡི་མཛོ་ལྷར་ར་དཀར༴༔ འབྲི་ཡི་འབྲི་ལྷ་ཤམ་པོ༴༔ ལུག་གི་ལུག་ལྷ་ནོར་བུ༴༔ ར་ཡི་ར་ལྷ་ཚེ་ཚེ༴༔ སྒོ་ཡི་སྒོ་ལྷ་སྟག་གཡག་བསངས༔ ལམ་ལྷ་དེ་ནི་མགྲོན་པོ༴༔ ལམ་དང་བྱེས་ཀྱི་ལྷ་གཉན༴༔ འགྲོ་ཡང་ཅང་ཤེས་གཉན་པོ༴༔ ཚོང་ལྷ་འཕྲུལ་དགུ་ཐམས་ཅད་༴༔ ནོར་གྱི་ནོར་ལྷ་གཉན་པོ༴༔ ཀྱཻ་བསངས་སོ༔ ལྷ་རྒྱལ་ལོ༔ ཀྱཻ༔ དུ་བ་གནམ་དུ་སོང་བ་ཡིས༔ ནམ་མཁའ་གང་བའི་ལྷ་རྣམས༴༔ མེ་ལྕེ་བར་སྣང་གང་བ་ཡིས༔ བར་སྣང་གང་བའི་གཉན༴༔ མེ་སྟག་ས་ལ་བབས་པ་ཡིས༔ ས་གཞི་གང་བའི་ཀླུ༴༔ གཞན་ཡང་འཛམ་གླིང་བྱང་ཕྱོགས་ན༔ ས་བདག་ཀླུ་གཉན་རྫུ་འཕྲུལ་ཅན༔ ཤིང་ལ་གནས་པའི་ལྷ་རྣམས༴༔ བྲག་ལ་གནས་པའི་བཙན༴༔ ཆུ་ལ་གནས་པའི་ཀླུ༴༔ ཁྱད་པར་ཡུལ་འདིར་གནས་པ་ཡི༔ གནས་བདག་གཞི་བདག་གཉན་པོ༴༔ ཡུལ་བདག་དཀོར་བདག་གཉན་པོ༴༔ ཀྱཻ་བསངས་སོ༔ ལྷ་རྒྱལ་ལོ༔ ཀྱཻ༏ ཁ་སང་ཁ་ཡི་ཉི་མ་ལ༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས༔ མི་གཙང་ཟས་སུ་ཟོས་པ༴༔ མི་གཙང་གོས་སུ་གྱོན་པ༴༔ དམེ་གྲིབ་བཙོག་གྲིབ་གཤན་གྲིབ༴༔ བག་གྲིབ་ཡུག་གྲིབ་མཛེ་གྲིབ༴༔ ཐབ་ཤོར་ཞོབ་ཤོར་མནོལ་ཤོར༴༔ ཉམས་གྲིབ་སྐྱོན་རྣམས་ཐམས་ཅད༴༔ ལྷ་དང་མི་ལ་གྲིབ་ཕོག་ཅིང་༔ སྐུ་གསུང་ཐུགས་དང་འགལ་བ་རྣམས༔ བསངས་ཀྱི་མཆོད་པ་དམ་པ་འདིས༔ ཐམས་ཅད་བྱང་ཤིང་དག་གྱུར་ཅིག༔ རང་རང་སོ་སོའི་དབང་པོ་བསྔོ༔ ལོངས་སྤྱོད་འབྱོར་དགུ་རྒྱས་པར་མཛོད༔ རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀྱི༔ བསམ་པ་སྒྲུབ་ལ་རེ་བ་སྐོངས༔ བར་དུ་གཅོད་པའི་དགྲ་བགེགས་ཐུལ༔ ཚེ་དབང་དཔལ་འབྱོར་རྒྱས་པར་མཛོད༔ ཀྱཻ་བསངས་སོ༔ ལྷ་རྒྱལ་ལོ༔  རྡོ་རྗེ་རྣམ་འཇོམས་ཀྱི་གཟུངས་སྔགས་ནི། རྒྱ་གར་སྐད་དུ།  བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེའི་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས། རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་ནས་ལག་ན་རྡོ་རྗེས་སངས་རྒྱས་ཀྱི་མཐུ་དང༌། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་ཀྱིས། རྡོ་རྗེ་ཁྲོ་བོ་ལས་བྱུང་བ། རྡོ་རྗེའི་སྙིང་པོ་རབ་ཏུ་སྨྲས་ཏེ། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ། རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིག་སྔགས་ཐམས་ཅད་གནོན་པར་བྱེད་པ། ལས་ཐམས་ཅད་འཇོམས་པར་བྱེད་པ། གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པ། གདོན་ཐམས་ཅད་བརླག་པར་བྱེད་པ། གདོན་ཐམས་ཅད་ལས་ཐར་བར་བྱེད་པ། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། སེམས་ཅན་ཐམས་ཅད་བསྲུང་བ། ཞི་བ། རྒྱས་པ། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ། རྨུགས་པར་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ།  ན་མཤྩཎྜ་བཛྲ་པཱ་ཎ་ཡེ།  མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ།  ཏདྱ་ཐཱ།  ཨོཾ་ཏྲུ་ཊ་ཏྲུ་ཊ།  ཏྲོ་ཊ་ཡ་ཏྲོ་ཊ་ཡ།  སྥུ་ཊ་སྥུ་ཊ།  སྥོ་ཊ་ཡ་སྥོ་ཊ་ཡ།  གྷཱུརྞཱ་གྷཱུརྞཱ།  གྷཱུརྞཱ་པ་ཡ།  གྷཱུརྞཱ་པ་ཡ།  སརྦ་སཏྭཱ་ནི།  བྷོ་དྷ་ཡ།  བྷོ་དྷ་ཡ།  སཾ་བྷོ་དྷ་ཡ།  སཾ་བྷོ་དྷ་ཡ།  བྷྲཱ་མ་བྷྲཱ་མ།  སཾ་བྷྲཱ་མ་ཡ་སཾ་བྷྲཱ་མ་ཡ།  སརྦ་བྷཱུ་ཏཱ་ནི།  ཀུཊྚ་ཀུཊྚ།  སཾ་ཀུཊྚ་ཡ།  སཾ་ཀུཊྚཡ།  སརྦ་ཤ་ཏྲཱུན།  གྷ་ཊ་གྷ་ཊ།  སཾ་གྷ་ཊ་ཡ།  སཾ་གྷ་ཊ་ཡ།  སརྦ་བིདྱཱཾ་བཛྲ་བཛྲ།  སྥོ་ཊ་བཛྲ་བཛྲ།  ཀ་ཊ་བཛྲ་བཛྲ།  མ་ཊ་བཛྲ་བཛྲ།  མ་ཐ་བཛྲ་བཛྲ།  ཨཊྚ་ཧཱ་ས་ནཱི་ལ་བཛྲ་སུ་བཛྲཱ་ཡ་སྭཱ་ཧཱ།  ཧེ་ཕུལླུ།  ནི་རུ་ཕུལླུ།  གྲྀཧྞ་ཀུལླུ།  མི་ལི་ཙུལླུ།  ཀུ་རུ་ཀུལླུ།  བཛྲ་བི་ཛ་ཡཱ་ཡ་སྭཱ་ཧཱ།  ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ།  ཀ་ཊ་ཀ་ཊ།  མ་ཊ་མ་ཊ།  ར་ཊ་ར་ཊ།  མོ་ཊ་ན།  པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ།  ཙ་ར་ནི་ཙ་ར།  ཧ་ར་ཧ་ར།  ས་ར་ས་ར།  མཱ་ར་ཡ།  བཛྲ་བི་དཱ་ར་ཎ་ཡ་སྭཱ་ཧཱ།  ཙྪིནྡྷ་ཙྪིནྡྷ།  བྷིནྡྷ་བྷིནྡྷ།  མ་ཧཱ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ།  བྷནྡྷ་བྷནྡྷ།  ཀྲོ་དྷ་བཛྲ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ།  ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཏྲཱ་ས་ཡ། ཏྲཱ་ས་ཡ། བཛྲ་ཀཱི་ལི་ཀཱི་ལ་ཡ་སྭཱ་ཧཱ། ཧ་ར་ཧ་ར། བཛྲ་དྷ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར།  བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ།  མ་ཏིསྠི་ར་བཛྲ།  ཤཱུ་ཏིསྠི་ར་བཛྲ།  པྲ་ཏིསྠི་ར་བཛྲ།  མ་ཧཱ་བཛྲ།  ཨ་པྲ་ཏི་ཧ་ཏ་བཛྲ།  ཨ་མོ་གྷ་བཛྲ།  ཨེ་ཧྱེ་ཧི།  ཤྲཱི་གྷྲཾ་བཛྲ་དྷཱ་རཱ་ཡ་སྭཱ་ཧཱ།  དྷ་ར་དྷ་ར།  དྷི་རི་དྷི་རི།  དྷུ་རུ་དྷུ་རུ།  སརྦ་བཛྲ་ཀུ་ལ་ཨ་ཝཱརྟ་ཡ་སྭཱ་ཧཱ།  གནོད་སྦྱིན་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཕཊ།  ན་མསྶ་མནྟ་བཛྲ་ཎཾ། སརྦ་བཛྲ་ཀུ་ལཾ་མ་ཝརྟ་ཡ། མ་ཧཱ་བ་ལེ། ཀ་ཏ་པ་ལེ། ཏ་ཏ་ལེ། ཨ་ཙ་ལེ།  མཎྜ་ལ་མ་ཡེ།  ཨ་ཏི་བཛྲ།  མ་ཧཱ་བ་ལེ།  བེ་ག་ར་ན་ར་ན།  ཨ་ཛི་ཏེ།  ཛྭ་ལ་ཛྭ་ལ།  ཏི་ཊི་ཏི་ཊི། པིངྒ་ལེ།  ད་ཧ་ད་ཧ།  ཏེ་ཛྭ་བ་ཏི།  ཏི་ལི་ཏི་ལི།  བྷནྡྷ་བྷནྡྷ།  མ་ཧཱ་བ་ལེ་བཛྲ་ཨཾ་ཀུ་ཤ་ཛྭ་ལཱ་ཡ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ།  ན་མཤྩཎྜ་བཛྲ་པཱ་ཎ་ཡེ།  མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ།  ཏདྱ་ཐཱ།  ཨོཾ་ཧ་ར་ཧ་ར་བཛྲ།  མ་ཐ་མ་ཐ་བཛྲ།  དྷུ་ན་དྷུ་ན་བཛྲ།  ད་ཧ་ད་ཧ་བཛྲ།  པ་ཙ་པ་ཙ་བཛྲ།  དྷ་ར་དྷ་ར་བཛྲ།  དྷཱ་ར་ཡ་དྷཱ་ར་ཡ་བཛྲ།  དཱ་རུ་ཎ་དཱ་རུ་ཎ་བཛྲ།  ཙྪིནྡྷ་ཙྪིནྡྷ་བཛྲ།  བྷིནྡྷ་བྷིནྡྷ་བཛྲ་ཧཱུྃ་ཕཊ། ན་མ་ཤྩཎྜ་བཛྲ་ཀྲོ་དྷཱ་ཡ།  ཧུ་ལུ་ཧུ་ལུ།  ཏིཥྛ་ཏིཥྛ།  བྷནྡྷ་བྷནྡྷ།  ཧ་ན་ཧ་ན།  ཨ་མྲྀ་ཏེ་ཧཱུྃ་ཕཊ། རིགས་སྔགས་སྟོང་བསྒྱུར། ཏདྱ་ཐཱ། ཨོཾ་ཛ་ཡེ་ཛ་ཡེ་མཧཱ་ཛ་ཡེ་ཝ་ཧི་ནི་ཛ་ཡོཏྟ་རི་ཀ་ལ་ཀ་ལ་མ་ལ་མ་ལ་ཙ་ལ་ཙ་ལ་ཀྵ་ཎི་ཀྵ་ཎི་སརྦྦ་ཀརྨྨ་ཨཱ་བ་ར་ཎཱ་ནི་མེ་སརྦྦ་ད་ཉ་ཛྙཱ་ན་ཨ་དྷི་ཥྛེ་ཏེ་སྭཱ་ཧཱ། ན་མོ་བྷ་ག་ཝ་ཏེ་ས་ཧ་སྲ་བརྟེ་སརྦྦ་བུདྡྷ་ཨ་བ་ལོ་ཀི་ཏེ། ཙཀྵུཿ ཤོ་ཏྲ་གྷཱ་ཎ་ཛི་ཧཱ་ཀ་ཡ་མ་ནོ་བི་ཛྙཱ་ན་བི་ཤོ་དྷ་ནི་སྭཱ་ཧཱ། ཕུ་རུ་ཕུ་རུ་སུ་རུ་སུ་རུ་ཕུ་རཱ་ཕུ་རཱ་པྲ་ཕུ་རཱ་པྲ་ཕུ་རཱ་སརྦྦ་བུདྡྷ་ཨདྷི་ཥྛི་ཏེ་སྭཱ་ཧཱ། དྷརྨ་དྷརྟུ་ག་རྦེ་སྭཱ་ཧཱ། ཨ་བྷ་བ་སྭཱ་ཧཱ། སརྦྦ་དྷརྨྨ་ཨ་བ་བོ་དྷ་ནི་སྭཱ་ཧཱ། བདག་སོགས་སེམས་ཅན་ཐམས་ཅད་ཀྱི། །སྡིག་པ་ཐམས་ཅད་བྱང་བ་དང་། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ལྡན་ཀུན་གྱིས་ལེགས་པར་བརྒྱན། །སེམས་ཅན་དབང་པོ་ཉམས་པ་དང་། །ཚེ་ཟད་པ་དང་ཚེ་ཉམས་དང་། །ཕུན་སུམ་ཚོགས་མིན་གང་ཆགས་དང་། །ལྷ་རྣམས་རྒྱབ་ཀྱི་ཕྱོགས་པ་དང་། །མཛའ་སྡུག་སྐྱེ་བོ་སྡང་བ་དང་། །བྲན་བཟའ་ལ་སོགས་གཙེས་པ་དང་། །ཕན་ཚུན་མཐུན་པ་མ་ཡིན་དང་། །ནོར་གྲིབ་པས་ནི་གནོད་པ་དང་། །མྱ་ངན་ངལ་དང་གནོད་པ་དང་། །འཇིགས་པ་དང་ནི་འཕོངས་པ་དང་། །གཟའ་དང་རྒྱུ་སྐར་བྱད་སྟེམས་དང་། །མི་བཟད་གདོན་གྱི་ཉེན་པ་དང་། །མྱ་ངན་ངལ་ལས་བྱུང་བ་ཡི། །རྨི་ལམ་སྡིག་པ་མཐོང་ན་ཡང། །དེས་ནི་རབ་བཀྲུས་གཙང་མ་ཡིན། །མདོ་སྡེ་དམ་པ་ཉན་པར་གྱིས། །གང་དག་ཡིད་དགེ་སེམས་དང་ཞིང་། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན། །མདོ་སྡེ་འདི་ཡིས་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །མི་བཟད་པ་ཡི་ནད་རྣམས་ཀྱང་། །དེ་དག་ཐམས་ཅད་ཞི་བར་བལྟ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་ཐར། །དགེ་བ་བསྔོ། བུམ་པ་ཡིག་འབྲུ་སྔགས་ཀྱིས་གང་བར་འགྱུར། ཡེ་དྷརྨ་སོགས་ཉེར་གཅིག་ལས་མི་ཉུང་བར་བཟླས་པའི་མཐར། ཡིག་འབྲུ་འོད་དུ་ཞུ་ནས་བུམ་པའི་ཆུ་རུ་གྱུར།  མ་ལུས་སེམས་ཅན༴ །བདུད་སྡེ་དཔུང་བཅས༴ །དངོས་རྣམས་མ་ལུས༴ །བཅོམ་ལྡན་འཁོར༴  །བཅོམ་ལྡན་འཁོར་བཅས༴ །བདག་ཅག་འགྲོ་བ༴ །བདག་གི་མཆོད་ཡོན༴ །འདི་ཉིད་དུ་ནི་བརྟན་པར་བཞུགས་སུ་གསོལ། །པདྨ་ཀ་མ་ལ་ཡེ་སྟྭཾ། རང་གི་སྙིང་ག་ནས་འཕྲོས་པའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ལྷ་དང་ལྷ་མོ་རྣམས་སྤྱན་དྲངས། དེ་རྣམས་ཀྱིས་བུམ་པས་ཆུ་ཁྲུས་མཛད། བཀྲ་ཤིས་ཀྱི་གླུ་དང་སྣ་ཚོགས་པས་རོལ་མོ་སྒྲ་ལ་སོགས་པས་མཆོད་པར་འགྱུར། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང་། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །མི་ལྡོག་པ་ཡི་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀཱ་ཏ་ས་མ་ཤྲཱི་ཡེ་ཧཱུྃ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་བཞིན། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀཱ་ཏ་ས་མ་ཤྲཱི་ཡེ་ཧཱུྃ། གཟུགས་ཀྱི་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་གཏི་མུག་སྦྱོང་བྱེད་པ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་སྐུ་ཡི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀཱ་ཏ་ས་མ་ཤྲཱི་ཡེ་ཧཱུྃ།  ཚོར་བའི་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ང་རྒྱལ་སྦྱོང་བྱེད་པ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཡོན་ཏན་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀཱ་ཏ་ས་མ་ཤྲཱི་ཡེ་ཧཱུྃ། འདུ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་འདོད་ཆགས་སྦྱོང་བྱེད་པ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །དཔལ་ལྡན་གསུང་གི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀཱ་ཏ་ས་མ་ཤྲཱི་ཡེ་ཧཱུྃ། འདུ་བྱེད་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པ། །བྱ་བ་བྱེད་པའི་ཡེ་ཤེས་ཀྱིས། །དཔལ་ལྡན་ཕྲིན་ལས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀཱ་ཏ་ས་མ་ཤྲཱི་ཡེ་ཧཱུྃ།  རྣམ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །དཔལ་ལྡན་ཐུགས་ཀྱི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀཱ་ཏ་ས་མ་ཤྲཱི་ཡེ་ཧཱུྃ། ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སིང་། །ཨྱོན་པདྨ་ཡེ་ཤེས་མཚོ་རྒྱལ་དང་། །པདྨ་གླིང་པ་རྩ་བའི་བླ་མའི་ཞབས། །རྩ་བརྒྱུད་བླ་མ་རྣམས་ལ༴ ཨོཾ་སརྦ༴ ཆོས་སྐུ་བཟུང་འཛིན་བྲལ་བའི་ངང་ཉིད་ལས། །ལོངས་སྤྱོད་རྫོགས་སྐུ་འཇའ་ཚོན་ལྟ་བུ་ལ། །མཚན་དང་དཔེ་བྱད་ཕྱག་རྒྱ་ལྔ་ཡིས་བརྒྱན། །ཡི་དམ་ལྷ་ཚོགས་རྣམས༴ ཨོཾ་སརྦ༴ རྡོ་རྗེའི་རང་བཞིན་གནས་མཆོག་དམ་པ་རུ། །མངོན་ཤེས་རྫུ་འཕྲུལ་མངའ་བའི་ཐུགས་རྗེ་ཡིས། །སྒྲུབ་པ་པོ་ལ་མ་ཡིས་བུ་བཞིན་སྐྱོང་། །གནས་གསུམ་མཁའ་འགྲོའི་ཚོགས་ལ༴ ཨོཾ་སརྦ༴ སྔོན་ཚེ་ཨྱོན་ཆེན་པོའི་སྤྱན་སྔ་རུ། །ཚུལ་བཞིན་སྒྲུབ་པར་བྱེད་པའི་གང་ཟག་ལ། །བར་ཆད་བསྲུང་ཞིང་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ལ༴ ཨོཾ་སརྦ༴ རིན་ཆེན་བུམ་པ་མངོན་པར་དགའ་བའི་ཡུལ། །དག་ཅིང་ཡེ་ཤེས་སེམས་དཔའི་རང་བཞིན་གྱི། །རྨད་བྱུང་ཆོས་ཉིད་བདུད་རྩིའི་ཁྲུས་གསོལ་བས། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་གསོལ་ལོ། །ཨོཾ་སརྦ༴  །གདེང་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་འཇོམས་མཛད་ཅིང་། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀཱ་ཏ་ས་མ་ཤྲཱི་ཡེ་ཧཱུྃ།  ཚེ་རིང་མཆེད་ལྔ་བསྟན་སྐྱོངས་བཅས། །གངས་ཆེན་གནས་པ་ཐམས་ཅད་ལ། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ལྷ་ཀླུ་གཞི་བདག་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀཱ་ཏ་ས་མ་ཤྲཱི་ཡེ་ཧཱུྃ། ཇི་ལྟར་དམ་པ་ཏོག་དཀར་དགའ་ལྡན་ནས། །ལྷ་མཛེས་ལྷུམས་ནས་བལྟམས་ཏེ་ཁྲུས་གསོལ་ལྟར། །སྐུ་གདུང་རིང་བསྲེལ་དྲི་མ་མེད་པར་བཅས། །སྤྲུལ་སྐུ་ཡིད་འོང་རྣམས་ལ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སུ་པྲ་ཏི་ཤུདྷི་སྭཱ་ཧཱ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་གོས་པའི་སྐུ་ཕྱི་འོ། །ཨོཾ་ཧཱུྃ་ཏྲཾ་ཧྲཱིཿ ཨཱཿ  ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱཧཱ། ཉེས་ལྟུང་དྲི་མས་མ་གོས་ཤིང་། །བསླབ་གཞན་སྤྱོད་པ་རྫོགས་པ་དང་། །ཧེ་རུ་ཀ་དང་མཉམ་པ་ཡི། །གོ་འཕང་ཚེ་འདིར་འཐོབ་པར་ཤོག །ཕ་མ་སེམས་ཅན་ཐམས་ཅད་སོགས། ཨོཾ་ཡེ་དྷརྨ་ལན་གསུམ་བཟླས་པའི་མཐར། སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། །གཡང་འགུགས་པ་ནི།  མདའ་དར་དཀར་མོ་ལག་པ་གཡས་པས་གཡབ་ཅིང་།  ཀྱེེ། མཐོན་པོ་དགུང་གི་དབྱིངས་རུམ་ནས། །ཉི་ཟླ་མ་བུའི་འོད་ཀྱི་གཡང་། །དེ་རིང་འདི་རུ་གཡང་དུ་ལེན། །ལྷོ་སྤྲིན་སྨུག་པོའི་དཀྱིལ་ཞིག་ན། །གཡུ་འབྲུག་སྔོན་མོའི་སྐད་ཀྱི་གཡང་། །དེ་རིང་འདི་རུ་གཡང་དུ་ལེན། །ཙན་དན་ནགས་ཀྱི་དཀྱིལ་རུམ་ན། །སྟག་གཟིགས་མ་བུའི་ཁྲ་གཡང་དེ།  །དེ་རིང་འདི་རུ་གཡང་དུ་ལེན། །མགོ་ནག་མི་ཡི་མི་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །དབུ་དཀར་ཧོར་གྱི་རྟ་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །སྐྱེས་བུ་དཔའ་བའི་དཔའ་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །ཏ་གཟིག་ནོར་གྱི་ནོར་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །འོག་རྟ་མགྱོགས་པའི་མགྱོགས་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །གེ་སར་དམག་གི་དམག་གཡང་དེ།  །དེ་རིང་འདི་རུ་གཡང་དུ་ལེན། །འཛམ་བུ་གླིང་གི་ནོར་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །གྲི་མཚོན་རྣོ་བའི་རྣོ་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །བོད་རྗེ་རྣམས་ཀྱི་ཟས་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །གཙོ་བོ་རྣམས་ཀྱི་གྲོས་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །མོ་བཙུན་རྣམས་ཀྱི་མཛངས་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །སྐྱེས་པ་རྣམས་ཀྱི་རྩལ་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །དཀར་མོ་ནས་ཀྱི་ནས་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །ཕྱུགས་ལུག་རྣམས་ཀྱི་ནོར་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན།  །ཡུལ་སྣ་འཛོམས་པའི་འཛོམས་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །འཇའ་ཚོན་འདྲ་བའི་གོས་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །འབྲུ་སྣ་འཛོམས་པའི་འཛོམས་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །གསེར་དངུལ་གོས་དར་ནོར་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །འབྲུ་བཅུད་ཟས་ཀྱི་ཟས་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །འབྲུ་ནོར་འཛོམས་པའི་འཛོམས་གཡང་དེ། །དེ་རིང་འདི་རུ་གཡང་དུ་ལེན། །རྒྱ་ནག་ཡུལ་གྱི་ཇ་དར་ཀུན། །དེ་རིང་འདི་རུ་གཡང་དུ་ལེན།  །ཕྱྭ་གཡང་འདིར་ཁུག་གནས་སུ་བཞུགས། །ཀི་བསྭོ་ཕྱྭའོ་ལྷ་རྒྱལ་ལོ།།  །། སྡེ་བརྒྱད་གསེར་སྐྱེམས་ནི། རྃ་ཡྃ་ཁྃ།  ཨོཾ་བཛྲ་ཨ་མྲི་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊཿ ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ།  ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ན་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ།  བཛྲ་སྥ་ར་ཎ་ཁཾ་སྭཱ་ཧཱ། ཀྱེེ། གནམ་ལ་འབྲུག་ལྡིར་ས་ལ་གློག་ཆེན་འཁྱུག །བར་སྣང་སྦྲང་ཆར་གྱིས་བསྐྱེད་སྨན་ཤིང་ཚོགས། །བསངས་མཆོད་བདུད་རྩིའི་རྒྱུན་འདིས་མི་གཙང་སྦྱངས། །དབང་པོ་ཡོངས་ཚིམ་བཞེས་པར་འབྱུང་གྱུར་ཅིག ། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། །ཁྱད་པར་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་འཕྲིན་ལས་མཛོད། །རྗེ་ཡི་མགུར་ལྷ་འབངས་ཀྱི་སྲོག་ལྷ་དང་། །བསྟན་མ་བཅུ་གཉིས་ལ་སོགས་གངས་ལྗོངས་འདིར། །དྲེགས་པའི་ལྷ་སྲིན་གཉན་པོ་མ་ལུས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་འཕྲིན་ལས་མཛོད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་ཡི་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེ་ལ་དབང་བའི་ལྷ། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་ཕྲིན་ལས་མཛོད། ། ཧཱུྃ། ལེགས་ལྡན་མ་ནིང་ཞལ་བཞི་རལ་གཅིག་མ། །རེ་ཏི་དུད་སོལ་ཁྱབ་འཇུག་མིང་སྲིང་དམར། །རྡོ་རྗེ་ལེགས་པ་སེང་གདོང་ནམ་གྲུ་ནག །རྣམ་མང་ཐོས་སྲས་དབང་ཕྱུག་རླུང་ཞགས་ཅན། །དུར་ཁྲོད་བདག་མོ་བརྟན་མ་བཅུ་གཉིས་དང། །རྡོ་རྗེ་གཡུ་སྒྲོན་བཀྲ་ཤིས་ཚེ་རིང་མ། །དཔེ་ཧར་ནེ་ལེ་ཐོད་དཀར་བྲག་བཙན་མ། །སེང་གདོང་དམར་མོ་དགེ་བསྙེན་མཁའ་རི་དང། །ཟོ་ར་རྭ་སྐྱེ་ཁྲག་མི་འཁྱག་པ་དཀར། །སྙོན་ཁ་ཁྱུང་བདུད་ཤེ་ཟ་ཡབ་བདུད་ནག །ཤེལ་གིང་དང་ལྷ་འོད་ལྷ་དཀར་པོ་སོགས། །གནས་བདག་གཞི་བདག་འཁོར་དང་བཅས་པ་རྣམས། །རིག་འཛིན་པད་འབྱུང་ལས་འབྲེལ་དྲི་མེད་པ། །པད་གླིང་ལ་སོགས་རིམ་བྱོན་བླ་མ་ཡི། །སྤྱན་སྔར་བསྟན་པ་སྲུང་བར་ཞལ་བཞེས་པའི། །དམ་ཚིག་ཇི་བཞིན་བདག་ཅག་སྒྲུབ་པ་པོའི། །དམ་རྫས་གསེར་སྐྱེམས་དགྱེས་པར་རོལ་ནས་ཀྱང། །ནད་གདོན་བགེགས་སོགས་མི་མཐུན་ཞི་བ་དང། །ཚེ་དཔལ་བཤད་སྒྲུབ་ལ་སོགས་མཐུན་རྐྱེན་རྒྱས། །སྲིད་གསུམ་མོས་པ་རྣམས་བཞི་དབང་བ་ཡི། །དགྲ་བགེགས་རྡུལ་དུ་རློག་སོགས་ལས་རྣམས་བཞིའི། །མཆོག་མཐུན་དངོས་གྲུབ་སྩོལ་བར་མཛད་དུ་གསོལ། ། ཧཱུྃ།  སྐུ་གསུམ་བརྒྱུད་གསུམ་བླ་མ་དང་། །ཡི་དམ་ཞི་ཁྲོ་ལྷ་ཚོགས་དང་། །སྐྱབས་གནས་དཀོན་མཆོག་གསུམ་པོ་དང་། །མཁའ་འགྲོ་ནོར་ལྷ་གཏེར་སྲུང་སོགས། །མཆོད་ཡུལ་གོང་མ་ཐམས་ཅད་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །ལྷ་ཡི་དབང་པོ་བརྒྱ་བྱིན་དང་། །ལྷ་མིན་དབང་པོ་ཐགས་བཟང་རིས། །ཀླུ་རྒྱལ་གཙུག་ན་རིན་ཆེན་དང་། །མིའམ་ཅི་ལྗོན་རྟ་མགོ་ཅན། །གནོད་སྦྱིན་གང་བ་བཟང་པོ་དང་། །མཁའ་ལྡིང་གསེར་མིག་འཁྱིལ་བ་དང་། །ཆོས་སྐྱོང་མཧཱ་ཀཱ་ལ་དང་། །དྲི་ཟ་ཟུར་ཕུད་ལྔ་ལ་སོགས། །ཕྱི་ཡི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །ཡབ་གཅིག་བདུད་རྗེ་ནག་པོ་དང་། །བཙན་རྒྱལ་ཡམ་ཤུད་དམར་པོ་དང་། །ཡུལ་ལྷ་ཕྱྭ་གསང་ཀླུ་སྲས་དང་། །སྲོག་བདག་རྒྱལ་པོ་སྙིང་འབྱིན་དང་། །ཆོས་སྐྱོང་གནོད་སྦྱིན་དམར་པོ་དང་། །མ་མོ་འཇིགས་པའི་གློག་འབྱིན་དང་། །དགེ་བསྙེན་རྡོ་རྗེ་ལེགས་པ་དང་། །དཀར་མོ་ཉི་ཟླ་ཐོད་ཕྲེང་སོགས། །ནང་གི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །བདུད་པོ་ཁ་ཐུན་རཀྵ་དང་། །གཤིན་རྗེ་གཤེད་པོ་དམར་པོ་དང་། །ཀླུ་བདུད་ནཱ་ག་རཱ་ཛ་དང་། །གནོད་སྦྱིན་ཤན་པ་གྲི་ཐོག་དང་། །མ་མོ་སྲིད་པའི་ཁྲམ་འདེབས་དང་། །བཙན་པོ་ཡམ་ཤུད་སྲོག་ལེན་དང་། །བདུད་པོ་རེ་ཏི་མགོ་གཡག་དང་། །སྲོག་བདག་དུང་གི་ཐོར་ཚུགས་སོགས། །གསང་བའི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །གཟའ་མཆོག་རྒྱལ་པོ་རཱ་ཧུ་ལ། །དཀར་ཕྱོགས་ཁྲམ་ཤིང་ཁ་འཐོར་དང་། །བདུད་མཆོག་མ་ནུ་ཡཀྵ་དང་། །བཙན་མཆོག་གྲི་བཙན་འཐུམ་པོ་དང་། །མ་མཆོག་ལྕེ་སྤྱང་མདུང་འཛིན་དང་། །ཀླུ་མཆོག་ཀླུ་རྒྱལ་དུང་སྐྱོང་དང་། །མགོན་མཆོག་ནག་པོ་ལྟེ་དཀར་དང་། །རྒྱལ་མཆོག་ལི་བྱིན་ཧ་ར་སོགས། །མཆོག་གི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །དཔུང་གཡས་དགྲ་ལྷར་སྤྲུལ་པ་དང་། །དཔུང་གཡོན་མ་མོར་སྤྲུལ་པ་དང་། །ཆུ་སོ་བདུད་དུ་སྤྲུལ་པ་དང་། །མགོ་བོ་སྲིན་པོར་སྤྲུལ་པ་དང་། །མཇུག་མ་དམུ་རུ་སྤྲུལ་པ་དང་། །ལག་གཡས་གཤིན་རྗེར་སྤྲུལ་པ་དང་། །ལག་གཡོན་ཀླུ་བཙན་སྤྲུལ་པ་དང་། །མིག་དང་སྙིང་དང་མཆིན་པ་གསུམ། །གཟའ་བདུད་ཉིད་དུ་སྤྲུལ་པ་སོགས། །སྤྲུལ་པའི་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། །ས་བདག་ཧལ་ཁྱི་ནག་པོ་དང་། །ཀླུ་བདུད་གདོལ་པ་ནག་པོ་དང་། །ས་ཡི་ལྷ་མོ་བརྟན་མ་དང་། །ས་འཛིན་ལག་པ་ཆེན་པོ་དང་། །ཕྱོགས་སྐྱོང་རྒྱལ་ཆེན་སྡེ་བཞི་དང་། །མགོན་པོ་བདུན་ཅུ་རྩ་ལྔ་དང་། །ཡུལ་འདིའི་གཞི་བདག་ཐམས་ཅད་དང་། །ཕོ་ལྷ་དགྲ་ལྷ་སྲོག་ལྷ་དང་། །མོ་ལྷ་མོ་སྨན་ལ་སོགས་པ། །སྣང་སྲིད་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་བསྒྲུབ་ཏུ་གསོལ། ། ཀྱེེ། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །སྐྱབས་གནས་དཀོན་མཆོག་གསུམ་པོ་དང་། །ཡི་དམ་ཌཱཀྐི་ཆོས་སྐྱོང་དང་། །དཔལ་མགོན་བདུན་ཅུ་རྩ་ལྔ་དང་། །དྲེགས་པའི་ལྷ་སྲིན་སྡེ་བརྒྱད་དང་། །སྲིད་པའི་གཟའ་མཆོག་ཀི་ཀང་དང་། །ལོ་ཟླ་ཞག་དུས་ཟ་མའི་ལྷ། །ཡུལ་ལྷ་གཏེར་སྲུང་མ་ལུས་པ། །འཁོར་བཅས་གསེར་སྐྱེམས་འདི་བཞེས་ལ། །ཀོ་ལོང་ཕྲག་དོག་མ་མཛད་པར།  །བདག་སོགས་གྲོགས་དང་ཕྲིན་ལས་མཛོད། །ཀྱཻ༏ ས་ཡུལ་འདི་ནང་གནས་པ་ཡི། །ལྷ་གཉན་ཀླུ་གཉན་བཙན་གཉན་དང་། །ཡུལ་ལྷ་གཉན་དང་མ་མོ་གཉན།  །ཡུལ་བདག་མཐུ་ཆེན་བཞུགས་པ་རྣམས། །རིན་ཆེན་གསེར་སྐྱེམས་འདི་བཞེས་ལ། །འཁོར་གྱིས་གནོད་པ་མ་མཛད་ཅིག །སྔ་མ་ལེགས་པའི་གཏང་རག་དང་། །ཕྱི་མ་ལེགས་པའི་ཞུ་སྐྱེམས་འབུལ། །ད་བཅོལ་ལེགས་པའི་ཕྲིན་ལས་མཛོད། །བཞེས་ནས་དངོས་གྲུབ་སྩོལ་དུ་གསོལ། །གསེར་སྐྱེམས་གཙང་མ་ཕུད་ཀྱི་མཆོད་པ་འདི། །རྩ་གསུམ་ལྷ་དང་སྡེ་བརྒྱད་འབྱུང་པོའི་ཚོགས། །གདོན་བགེགས་ལན་ཆགས་འགོ་བའི་ལྷ་རྣམས་ལ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །འདོད་པའི་དངོས་གྲུབ་སྟེར་བར་བྱེད་པ་ཡི། །ཆོས་སྲུང་ཡིད་བཞིན་ནོར་བུ་ཁྱེད་རྣམས་ཀྱིས། །བདག་ཅག་བསམ་དོན་མ་ལུས་སྒྲུབ་པར་མཛོད། །དམ་ཅན་རྟག་ཏུ་འགོ་ཞིང་གྲོགས་མཛོད་ལ། །བར་ཆད་རྐྱེན་བཟློག་ཚེ་དཔལ་སྙན་གྲགས་སྒྲོག །གཞི་བྱེད་ཀུན་ཏུ་བདེར་བགྲོད་བརྙེད་པ་སྒྲུབས། །ཁྱད་པར་བསམ་དོན་ལྷུན་གྲུབ་བཀྲ་ཤིས་མཛོད། །དམ་ཅན་རྒྱ་མཚོ་ཁྱེད་རྣམས་ཀྱིས། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་འགྲུབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྟོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་གྲུབ་ཤོག །ཀི་སྭ་ཕྱའོ་ལྷ་རྒྱལ་ལོ། །བྱེས་ལྷ་མཁའ་མགྲོན་མཆོད་པ་ནི། ཀྱཻ༏ ནམ་མཁའ་དཀར་པོའི་ཡར་སྟེངས་ན། །གཡུ་འབྲུག་སྔོན་མོའི་ལམ་ལྷ་མཆོད། །རྨ་བྱ་སྔོན་མོའི་ལམ༴། རྒྱ་སྟག་ཁྲ་བོའི༴། ཐང་ཀར་རྒོད་པོའི༴། གླང་པོ་ཁ་དཀར༴། རེག་འཇམ་སྔོན་མོའི༴། དུག་སྤྲུལ་དཀར་པོའི༴། ལམ་གཡག་ཟབ་མོའི༴། ཡིད་དང་མཐུན་པའི་གཟུགས་བརྙན་གྱིས། །སྐྱེས་བུ་དཔའ་བའི༴། འོག་རྟ་མགྱོགས་པའི༴། གོ་ཆ་བཙན་པའི༴། རྣོ་བ་མཚོན་གྱི༴། སྲ་བ་བེར་གྱི༴། དེད་ན་ཟིན་པའི༴། བྲོས་ན་ཐར་པའི༴། བཤགས་ཀྱིས་ཐུབ་པའི༴། མཚོན་གྱིས་མི་ཐུབ༴། འགྲོན་ན་མགྱོགས་པའི༴། ཅི་བསམ་འགྲུབ་པའི༴། བྱེས་ལ་འགྲོ་བའི༴། ཁ་ཟས་དང་སྤྲོད་པའི༴། ལག་ནོར་དང་སྤྲོད་པའི༴། ས་དང་ལམ་གྱི་ལམ༴། དེ་རྣམས་མཆོད་པའི་ཡོན་ཏན་གྱིས། །ད་རེས་མགྲོན་པོའི་ཁ་འཛིན་མཛོད། །ཟླ་བ་བཅུ་གཉིས་ཉི་མ་བཟང་། །སྔོན་པོ་ཁྲུས་བྱེད་དགྲ་ཐུལ་ལོ། །སྤུན་དགུ་བཙན་པོ་གོ་གྱོན་ཅིག །གཡུ་འབྲུ་གསེར་གློག༴། གངས་ཀྱི་བྱ་ཁྲ༴། རྣོ་བྱེད་དགྲ་ལ༴། དཔའ་བྱེད༴། བཙན་བྱེད༴། ཐོབ་བྱེད༴། ཉིན་གྱི་བྱ་ར༴། མཚན་གྱི་མེལ་ཚེ༴། བལྟ་བ་མིག་རྣོན༴། མཐོ་བའི་ས་ནས་བྱ་ར་མཛོད། །དམའ་བའི་ས་ནས་མེལ་ཚེ་མཛོད། །མུན་པའི་ནང་དུ་སྒྲོན་མེ་སྤོར། །དགྲ་དཔུང་བཤིག་ལ་བདུད་དཔུང་ཆོམས། །བསམ་པ་སྒྲུབ་ལ་རེ་བ་བསྐོངས། །ཚེ་དབང་ལོངས་སྤྱོད་སྤེལ་བ་དང་། །བདེ་སྐྱིད་ཕུན་སུམ་ཚོགས་པར་མཛོད། །གཏོར་འབུལ་ནི། ཀྱཻ༏ སྤྲུལ་པའི་ལྷ་གཡག་དཀར་པོ་འདི། །གཟུགས་བཟང་གྱད་ཆེ་སྟོབས་དང་ལྡན། །སྤུ་བཟང་རིན་ཆེན་ལྕང་ལོར་འཁྱིལ། །རྭ་གཉིས་ཁྲོ་བོ་ཁྲོ་མོའི་ཚུལ། །སྤྲུལ་པའི་ལྷ༴། སྤོ་ལ་རིན་ཆེན་གཡུ་འོད་འཕྲོ། །རྒྱ་སྟག་གནམ་ལ་འཕྱོ་བ་དང་། །སེངྒེ་གངས་ལ་འགྱིངས་བ་འདྲ། །སྤྲུལ་པའི་ལྷ༴། རྭ་ཐུར་གཡས་ཀྱི་རྩེ་མོ་ན། །ན་བུན་ཐོག་སེར་དམར་ལ་འཁྱུག །བཙན་རྒོད་འབར་བའི་ཚོགས་ལ་འབུལ། །སྤྲུལ་པའི་ལྷ་༴། །རྭ་ཐུར་གཡོན་གྱི་རྩེ་མོ་ན། །བསྐལ་པའི་མུན་ལྟར་འཚུབས་མ་འཁྱིལ།  །ནག་པོ་བདུད་ཀྱི་ཚོགས་ལ་འབུལ། །དཔྲལ་བའི་དཀྱིལ་ནས་ཉི་ཟླ་ཤར། །དཀར་པོ་ལྷ་ཡི་ཚོགས་ལ་འབུལ། །གཡག་གི་རྔ་མ་ཚར་རེ་ལ། །བསྐལ་པའི་ན་འབུན་སྤྲིན་ལྟར་འཐིབས། །ཡ་མ་གཤིན་རྗེའི་ཚོགས་ལ་འབུལ། །སུག་བཞིས་ས་ལ་འཁྲབ་པ་ཡིས། །སྦྲུལ་དང་སྦལ་པའི་ཚྭ་ཚྭ་འཕྲོ། །ས་བདག་ཀླུ་ཡི་ཚོགས་ལ་འབུལ། །ལྷ་གཡག་གཡས་ཀྱི་རུ་འདྲེན་པ། །ལུག་དཀར་འབའ་སྒྲ་དི་རི་རི། །ལྷ་གཡག་གཡོན་གྱི་རུ་འདྲེན་པ། །ར་དཀར་སྤུ་རིང་ཀླད་སྒྲ་ལྡིར། །ཡི་དམ་ལྷ་དང་ཆོས་སྲུང་དང་། །ཕོ་ལྷ་དགྲ་ལྷའི་ཚོགས་ལ་འབུལ། །གཡག་དཀར་འདི་ནི་གྲུས་ཀྱིས་མཆོད། །ལུག་དཀར་འདི་ནི་མཐོང་གིས༴། ར་དཀར་འདི་ནི་གསེར་གྱིས༴། ཡུལ་ལྷ་གཞི་བདག་ཐམས་ཅད་ལ། །མཆོད་དོ་འབུལ་ལོ་བཞེས་སུ་གསོལ། །ལྷ་སྲུང་གཉན་པོ་ཁྱེད་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །འགལ་རྐྱེན་བཟློག་ལ་མཐུན་རྐྱེན་སྒྲུབས། །བསམ་པའི་དོན་རྣམས་འགྲུབ་པ་དང་། །བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ། ། ༈ ཨོཾ་བླ་མ་མཆོག་གསུམ་ཡི་དམ་ལྷ། །མཁའ་འགྲོ་དམ་ཅན་རྒྱ་མཚོར་བཅས། །དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་དང་། །སྲིད་གསུམ་འབྱུང་པོའི་ཚོགས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་འགྲུབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྟོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་གྲུབ་ཤོག །  ཧཱུཾ། མགྲོན་རྣམས་ཀུན་གྱི་སྤྱན་ལམ་དུ། །བདག་གིས་བསངས་མཆོད་བགྱིས་པ་ལས། །འགལ་འཁྲུལ་ནོར་བ་ཅི་མཆིས་པ། །ཐམས་ཅད་མ་ལུས་བཟོད་པར་གསོལ། །གཙོ་བོར་ནུས་པ་མ་མཆིས་དང་། །མ་འབྱོར་མ་རྙེད་མ་ཚང་དང་། །འདིར་ནི་བགྱི་བ་གང་ནོངས་པ། །དེ་དག་ཐམས་ཅད་བཟོད་པར་གསོལ། །ཡིག་བརྒྱ་བརྗོད་ལ་གཤེགས་གསོལ་ནི། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །འཇིག་རྟེན་འདས་དང་མ་འདས་པའི། །མགྲོན་རྣམས་མ་ལུས་ཐམས་ཅད་ཀུན། །རང་གནས་བདེ་བར་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཾ། སརྦ་ལོ་ཀ་གཙྪ། བཀྲིས་བསྡུས་པ་ནི། ཨོཾ་ཨཱཿཧཱུྃ་ བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། ཧྲཱིཿ ཆོས་སྐུའི་བཀྲ་ཤིས་མཐའ་ཡས་འོད་དཔག་མེད༔ རྡོ་རྗེ་མི་འགྱུར་སྐུ་ཡི་བཀྲ་ཤིས་ཤོག༔ ལོངས་སྐུའི་བཀྲ་ཤིས་བྱམས་མགོན་ཐུགས་རྗེ་ཆེ༔ འགགས་མེད་ཚངས་དབྱངས་གསུང་གི་བཀྲ་ཤིས་ཤོག༔ སྤྲུལ་སྐུའི་བཀྲ་ཤིས་རིག་འཛིན་ཐོད་ཕྲེང་རྩལ༔ གདུལ་བྱ་དཔག་མེད་འབྱོར་རྒྱས་བཀྲ་ཤིས་ཤོག༔ གསང་ཡུམ་བཀྲ་ཤིས་མཁའ་འགྲོ་མཚོ་རྒྱལ་མ༔ བདེ་སྟོང་རྒྱུན་ཆད་མེད་པའི་བཀྲ་ཤིས་ཤོག༔ ཆོས་ཀྱི་བཀྲ་ཤིས་བླ་མེད་ཡང་སྙིང་མཛོད༔ གསང་སྔགས་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག༔ རྡོ་རྗེ་སློབ་དཔོན་སྒྲུབ་པའི་མཆེད་ལྕམ་རྣམས༔ དུས་གསུམ་འདུ་འབྲལ་མེད་པའི་བཀྲ་ཤིས་ཤོག༔ བསངས་མཆོད་མཐར་ཕྱིན་འདི་ཡི་བྱིན་རླབས་ཀྱིས༔ འགྲོ་རྣམས་བདེ་ཆེན་ཞིང་དུ་སྐྱེ་བ་དང༔ ཏིང་འཛིན་ཟས་ཀྱིས་རྟག་ཏུ་འཚོ་བྱེད་ཅིང་༔ བདག་གཞན་གདོད་མའི་ས་ལ་ཕྱིན་པར་ཤོག༔ ན་མོ༔ བདག་གཞན་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས༔ བསོད་ནམས་ཚོགས་གཉིས་དགེ་བ་ཅི་བསགས་པ༔ རྣམ་པ་ཐམས་ཅད་མཁྱེན་པའི་ས་རུ་བསྔོ༔ བདག་གཞན་དོན་གཉིས་བླ་མེད་རབ་ཐོབ་ཤོག༔ སངས་རྒྱས་སྐུ་གསུམ་མཉེས་པའི་སོགས་ནས་བསྔོ་བ་སྨོན་ལམ་རྣམ་དག་འགྲུབ་པར་ཤོག།  །།   བཀྲ་ཤིས་རྒྱས་པ་ནི། བཀྲ་ཤིས་གང་ཞིག་སྐྱེ་བ་མེད་པའི་ཆོས་དབྱིངས་ལས། །མ་འགག་རོལ་པ་བདེན་གཉིས་རང་བཞིན་དག་པའི་སྐུ། །སྐུ་གསུམ་སྐུ་ལྔ་ཡེ་ཤེས་གཅིག་ཏུ་ལྷུན་རྫོགས་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་དོན་ཀུན་འགྲུབ་གྱུར་ཅིག །བཀྲ་ཤིས་གང་ཞིག་རྒྱལ་བ་ཀུན་གྱི་ཕྲིན་ལས་པ། །ངོ་མཚར་མེ་ཏོག་པདྨའི་ཀློང་ནས་རང་བྱུང་བ། །པདྨ་འབྱུང་གནས་ཟག་མེད་ཡེ་ཤེས་འོད་ཀྱི་སྐུ། །བཀྲ་ཤིས་དེས༴། བཀྲ་ཤིས་གང་ཞིག་ཕྱོགས་བཅུའི་ཞིང་ཁམས་མུ་མེད་པར། །ལས་དང་རིགས་མཐུན་ཐབས་མཁས་མཛད་པ་སྣ་ཚོགས་ཀྱིས། །འགྲོ་བ་ཀུན་ལ་དོན་གཉིས་ལྷུན་གྲུབ་འབྲས་བུ་སྟེར། །བཀྲ་ཤིས་དེས༴། བཀྲ་ཤིས་གང་ཞིག་བྱང་ཕྱོགས་བོད་ཀྱི་ཡུལ་ལྗོངས་སུ། །སྲིད་གསུམ་ཟིལ་གནོན་སྣང་སྲིད་སྡེ་བརྒྱད་དམ་ལ་བཏགས། །ཁམས་གསུམ་དབང་བསྡུས་སངས་རྒྱས་བསྟན་པའི་རྒྱལ་མཚན་བཙུགས། །བཀྲ་ཤིས་དེས༴། བཀྲ་ཤིས་གང་ཞིག་ལྷོ་ནུབ་རྔ་ཡབ་སྲིན་ཡུལ་དུ། །དབང་གི་རང་བཞིན་ཟངས་མདོག་དཔལ་རིའི་རྩེ་འཁོར་ནས། །ཤ་ཟ་མ་རུངས་ཐབས་ཀྱིས་བྱང་ཆུབ་འགོད་མཛད་པ། །བཀྲ་ཤིས་དེས༴། བཀྲ་ཤིས་གང་ཞིག་རིན་ཆེན་པདྨའི་རང་འོད་ཀྱིས། །དབུས་མཐའ་མེད་པའི་གཞལ་མེད་ཁང་ཆེན་འཇའ་ལྟར་བཀྲ། །དྲན་པ་ཙམ་གྱིས་བདེ་ཆེན་མཆོག་ཐོབ་དག་པའི་ཞིང་། །བཀྲ་ཤིས་དེས༴། བཀྲ་ཤིས་གང་ཞིག་མཉམ་མེད་མ་ཧཱ་གུ་རུ་ནི། །རྒྱ་བོད་རིག་འཛིན་གྲུབ་ཆེན་ཚོགས་དང་ཡི་དམ་ལྷ། །མཁའ་འགྲོ་གིང་བཅས་སྟོང་གསལ་ཡེ་ཤེས་འོད་ལྔའི་སྐུ། །བཀྲ་ཤིས་དེས༴། བཀྲ་ཤིས་གང་ཞིག་གཉིས་མེད་ཡེ་ཤེས་སྟོན་པའི་ཕྱིར། །རྒྱལ་བ་བསྐྱེད་མཛད་མཁའ་འགྲོའི་གཙོ་མོ་མཁར་ཆེན་བཟའ། །མནྡྷ་ར་སོགས་གསང་ཆེན་ཡུམ་དང་མཉམ་སྦྱོར་བའི། །བཀྲ་ཤིས་དེས༴། བཀྲ་ཤིས་གང་ཞིག་བག་ཆགས་དངོས་འཛིན་དྲི་བྲལ་བའི། །ཟག་མེད་འདོད་ཡོན་ཀུན་བཟང་སྤྲིན་ལ་ལོངས་སྤྱོད་ཅིང་། །གདོད་ནས་དག་པའི་དམ་ཚིག་རྫས་ཀྱིས་ཡོངས་འབྱོར་བའི། །བཀྲ་ཤིས་དེས༴།  བཀྲ་ཤིས་གང་ཞིག་ཆོས་སྐྱོང་དྲེགས་པ་ཕོ་མོའི་ཚོགས། །སྣ་ཚོགས་གཟུགས་འཆང་རབ་འཇིགས་ཐོགས་མེད་རྫ་འཕྲུལ་ཅན། །ཟ་བྱེད་རྔམས་པའི་དགྲ་བགེགས་བདུད་འཇོམས་བསྟན་པ་སྐྱོང་། །བཀྲ་ཤིས་དེས༴། བཀྲ་ཤིས་གང་ཞིག་ཇི་སྲིད་སེམས་ཅན་ཟད་ཀྱི་བར།  །ཞིང་ཁམས་ཀུན་ཏུ་རྒྱུན་མི་ཆད་པའི་རྣམས་འཕྲུལ་གྱི། །མྱུར་མགྱོགས་ཐུགས་རྗེས་འགྲོ་དྲུག་དབྱིངས་སུ་གྲོལ་མཛད་པ། །བཀྲ་ཤིས་དེས༴། བཀྲ་ཤིས་གང་ཞིག་ཡར་ངོ་ཚེས་བཅུའི་དུས་ཀྱི་ཚེ། །དངོས་སུ་བྱོན་ནས་མཆོག་ཐུན་དངོས་གྲུབ་སྟེར་བྱེད་ཅིང་། །ལྷག་པར་ལས་ངན་བོད་ཀྱི་སེམས་ཅན་སྐྱོང་མཛད་པ། །བཀྲ་ཤིས་དེས༴།  བཀྲ་ཤིས་གང་ཞིག་སྤྲུལ་སྐུ་ཉིད་དང་དབྱེར་མེད་པའི། །རིམ་པར་བྱོན་པའི་གཏེར་སྟོན་རིག་འཛིན་བརྒྱུད་པར་བཅས། །འབྲེལ་ཚད་དོན་ལྡན་འགྲོ་རྣམས་བདེ་ལ་འགོད་མཛད་པ། །བཀྲ་ཤིས་དེས༴། བཀྲ་ཤིས་གང་ཞིག་གསང་ཆེན་རབ་འབྱམས་རྒྱལ་བའི་བཀའ། །འཆལ་དང་བསླད་པའི་ཉམས་པས་མ་གོས་ཟབ་མོའི་གཏེར། །བྱིན་རླབས་མྱུར་མགྱོགས་ལོ་དང་ཟླ་བས་སངས་རྒྱས་སྦྱོར། །བཀྲ་ཤིས་དེས༴། བཀྲ་ཤིས་གང་ཞིག་ཉམས་སུ་བླངས་པ་ཙམ་གྱིས་ནི། །ཡིད་སྤྱོད་འཛིན་པའི་ལྟ་སྒོམ་འཕྲང་ལས་སྒྲོལ་བྱེད་ཅིང་། །སྐད་ཅིག་ཉིད་དུ་ཡེ་ཤེས་མངོན་སུམ་སྟོན་བྱེད་པའི། །བཀྲ་ཤིས་དེས༴། བཀྲ་ཤིས་གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ནི། །འདི་དང་ཕྱི་མའི་འཇིགས་པ་ཆེ་ལས་སྐྱོབ་བྱེད་པ། །པདྨ་འབྱུང་གནས་བརྒྱུད་པར་བཅས་པའི་བྱིན་རླབས་ཀྱིས། །དེང་འདིར་འགྲོ་ལ་སྲིད་ཞིའི་བདེ་ལེགས་འགྲུབ་གྱུར་ཅིག  །ཆོས་དབྱིངས་རང་བཞིན་ཡེ་ནས་ལྷུན་གྲུབ་བདེན་པ་དང་། །རྩ་བ་གསུམ་འདུས་རྗེ་བཙུན་པདྨ་ཐོད་འཕྲེང་རྩལ། །གང་གི་ཐུགས་རྗེ་བདག་ཅག་འདིར་འདུས་ཐམས་ཅད་ལ། །ཕྱོགས་དུས་ཀུན་ཏུ་དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །སངས་རྒྱས་སྐུ་གསུམ་མཉེས་པའི་སོགས་ནས་བསྔོ་བ་སྨོན་ལམ་རྣམ་དག་འགྲུབ་པར་ཤོག། །།བསང་མཆོད་བར་ཆད་ཀུན་སེལ་གུ་རུའི་བཀྲ་ཤིས་ཚིགས་སུ་བཅད་པ་དོན་གཉིས་ལྷུན་གྲུབ་དང་བཅས་པ་རྫོགས་སོ།།  དགེའོ།།

"རྩོམ་རིགས།"ནང་་གི་ཤོག་ངོས།

སྡེ་ཚན་འདིར་གཤམ་གྱི་ཤོག་ངོས་ཁོ་ན་བསྡུས་ཡོད།