5G

ཡོང་ཁུངས་Wikipedia

སྐུ་ཉིད་རྟག་ཏུ་ལག་ཐོག་ཁ་པར་ཐོག༼ཁུར་སྣོན་བྱེད་བཞིན་པ༽ཞེས་པའི་རྐྱེན་གྱིས་དངངས་འཚབ་སྐྱེས་སྲིད་དམ། ཡང་ན་སྐུ་ཉིད་རྟག་ཏུ་སྐུད་མེད་དྲ་བ་བརྡ་རྟགས་འཚོལ་མ་ཐུབ་པས་སུན་སྣང་བྱུང་ཡོད་དམ། 5Gདུས་རབས་སླེབས་ལ་ཉེ་བའི་མཚམས་འདིར། གནད་དོན་དེ་དག་ལོ་རྒྱུས་སུ་འགྱུར་འགྲོ་ངེས། 5Gལྡན་པའི༼རིམ་འདས་དྲ་འགྲོས” དེ་གང་དུའང་ཡོད་པ་མ་ཟད། དེས་མ་འོངས་པར་མི་བཟོས་རིག་ནུས་དང་། རིག་ནུས་ཁྱིམ་ཆས། དེ་བཞིན་དངོས་དོན་རྟོག་བཟོ་བཅས་ཀྱི་ཚན་རྩལ་གསར་པ་རྣམས་ང་ཚོའི་འཚོ་བའི་ཁྲོད་དུ་གཏིང་ཟབ་མོར་སིམ་པར་སྒོ་མོ་འབྱེད་ངེས།

གལ་ཏེ4Gཡིས་མི་དང་མི་དབར་གྱི་འབྲེལ་ལམ་ཐག་གཅོད་བྱུང་ཡོད་ན། 5Gཡིས་ང་ཚོའི་གཞི་གྲངས་ཀྱི་འབྱུང་ཁུངས་དང་ལྡོག་འདྲེན་ལས་ཆོད་དེ་གཉིས་ཚད་མཐོའི་མཐོར་འདེགས་བཏང་ནས།དངོས་པོ་དང་དངོས་པོ་དབར་ལ་མུ་འབྲེལ་ཡོང་རྒྱུ་མངོན་འགྱུར་བྱེད་ཐུབ། རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་ཁཱེ་ཏཱ་ཤུན་ཧྥེ་ཀུང་སིི་ལས་འཛིན་ཆེན་མོ་ལེའུ་ཆེང་ཧྥེང་གིས་གསུངས་དོན་ལ། དཔེར་ན་རླངས་འཁོར་དང་རླངས་འཁོར་གཉིས་ཀྱི་དབར་ལ་རང་དགར་འགྲོ་འོང་བྱེད་པ་ནས་རིམ་བཞིན་ཕན་ཚུན་ལ་མཚམས་འདྲིའི་བརྡ་གཏོང་བ་སྟེ། མདུན་དུ་རླངས་འཁོར་གཞན་པས་ཁགས་ཡོད་པ་ཚོར་ཚད་སྐར་ཆ་ཁ་ཤས་ནས་ཀླད་ཀོར་མས་སུ་འགྲོ་བས་ན་རླངས་འཁོར་རང་རྐྱང་ངང་བགྲོད་ཐུབ་པའི་ངེས་པའང་མཆིས། གལ་ཏེ་ཁྱིམ་ཚང་ཞིག་གི་ཁྱིམ་ཆས་མི་འདྲ་བ་འགའ་སྟོབས་ཤུགས་མཉམ་སྤྱོད་ཐུབ་ཚེ། རིག་ནུས་ཅན་གྱི་ཁྱིམ་ཆས་དེ་ཡོང་སྲིད་པ་ཞིག་ཡིན།

ཁྱེད་རང་མེ་ཞི་དང་སེའེ་ལུའོ། ཡང་ན་དྷ་པུའུ་ལའོ་ནེ་བཅས་སུ་ལ་དགའ་པོ་ཡོད་དམ། སྨོན་ཡུལ་གྱི་སྣང་བརྙན་དེ་ཐོག་མའི་མཐོང་ཟུར་དུ་བཟུང་ནས་སྤང་ལྗོངས་སྔོ་མོའི་སྟེང་དུ་རྒྱུགས་ཤིང་ཕ་རོལ་གྱི་སྲུང་སྒོར་ཕར་རྒོལ་བྱེད་པའི་ཚེ་ཁྱེད་ཀྱིས་ཕྱག་མཛུབ་འགུལ་ནས་དཀོན་མཆོག་གི་མཐོང་སྣང་བཟུང་སྟེ་ཀུན་ལ་ཐུར་ལྟ་བྱེད་ཆོག ད་ལོའི་དབྱར་དུས་ཀྱི་ཨུ་རུ་སུའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐོག་5Gལག་རྩལ་གྱིས་དེ་དག་ཡོངས་སུ་འགྲུབ་ཐུབ། ཕྱིན་ཟིན་པའི་ཕིང་ཁྲང་དགུན་དུས་ཨོ་ཚོགས་འགྲན་བསྡུར་ཐོག་ལའང་5Gཚད་མཐོའི་མགྱོགས་ཚད་དེ་4Gལས་ལྡབ་5༠མགྱོགས་པ་ཡོད། ཏུའུ་༣༦༠ཡོད་པའི་རྟོག་བཟོའི་དངོས་ཡོད་ཅིག་དང་ཐོག་མའི་མཐོང་ཟུར་ལ་སོགས་གོ་དོན་གསར་པའི་བརྙན་འཕྲིན་འཁྲབ་ཚན་འདོན་ཡོད་པས། སྐུ་མགྲོན་རྣམས་ཀྱིས་ཕྱོགས་མི་འདྲ་བ་ནས་འགྲན་བསྡུར་ལ་གཟིགས་ཆོག

ཀྲུང་གོའི་5Gལག་རྩལ་དེ་འཕེལ་རྒྱས་ཇི་ཙམ་ཐོན་ཡོད། རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་ཀྲུང་གོའི་འགུལ་བསྐྱོད་ཀྲེ་ཅང་ཀུང་སིིའི་ལས་འཛིན་ཆེན་མོ་ཀྲན་ཅི་ཡིས་ངོ་སྤྲོད་གནང་བར། རྒྱལ་ཡོངས་སུ་ཆེས་སྔ་ཤོས་ཀྱི་5Gཚོད་ལྟ་དེ་རང་རྒྱལ་གྱིས་འདོན་སྤེལ་གནང་བ་དང་། གཙོ་བོར་འདོན་པའི་5Gལག་རྩལ་གྱི་འཆར་འགོད་མང་དག་ཅིག་ཀྱང་རྒྱལ་སྤྱིའི་ཚད་གཞིའི་ནང་དུ་འཇུག་ཡོད།

ད་ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ཐོག་སྐབས་ལྔ་པའི་འགུལ་སྐྱོད་འཕྲིན་གཏོང་ཐོན་རྫས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་འདོན་སྤེལ་གནང་ཡོད། འཆར་འགོད་ལ་གཞིགས་ན་རང་རྒྱལ་གྱིས་སྤྱི་ལོ་༢༠༢༠ལོར་5Gཚོང་དོན་ཞབས་ཞུ་དེ་འདོན་སྤེལ་གནང་ཡོད།མིག་སྔར་འཕྲིན་གཏོང་སྐྱེལ་གཉེར་ཆེན་པོ་གསུམ་གྱིས་5Gཚོད་ལྟའི་དྲ་བ་བཀོད་སྒྲིག་བྱེད་སྒོ་ཚུགས།

པར་རིས་བར་འཁྱམས།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག[རྩོམ་སྒྲིག]

"https://bo.wikipedia.org/w/index.php?title=5G&oldid=141355"ལས་སླར་རྙེད་སོང།