3D (བློས་བསླངས་)

ཡོང་ཁུངས་Wikipedia

3Dནི་དབྱིན་ཇིའི་མིང་ཚིགthree—Dimensions ཡི་བསྡུས་འབྲི་ཡིན་ལ། དངོས་གཟུགས་གང་ཞིག་ལ་རིང་ཐུང་དང་མཐོ་དམའ། སྲབ་མཐུག་བཅས་ཀྱི་ཚད་གཞི་གསུམ་འཛོམས་པ་ཞིག་ལ་ཟེར་བ་དང་། ད་སྐབས་ཀྱི་3Dནི་སྥྱིར་བཏང་གློག་ཀླད་དང་དྲ་རྒྱ་བཀོལ་ནས་གང་དེ་རྩིས་གྲངས་ཅན་ དང་བསླངས་གཟུགས་ཅན་དུ་བསྒྱུར་བའི་ལག་རྩལ་ཞིག་ལ་བརྗོད་ཀྱིན་འདུག དེ་མཚུངས་ཀྱིས3Dགློག་བརྙན་འདིའང་བསླངས་གཟུགས་ཀྱི་ཚོར་བས་ཕྱུག་པའི་གློག་ བརྙན་གྱི་རིགས་ཤིག་ཡིན་ལ། དེ་ནི་སྤྱིར་བཏང་གི་བརྙན་ཆས་ཀྱི་སྒྲིག་གཞིས་ཕྱོགས་གཉིས་གྱི་ལམ་ནས་གཟུགས་ རིས་བསྡུ་འཇུག་བྱེད་ཀྱིན་ཡོད་པ་དེ་ལ་གློག་བརྙན་གཟིགས་སྐབས་སུ་ཁྱད་པར་ཅན་ གྱི་བརྙན་འཆར་མིག་ཤེལ་ཞིག་སྤྱད་པ་ཡིས་བསླངས་གཟུགས་ཀྱི་ཚོར་བ་བྱུང་ཐུབ་པ་ ཞིག་ཡིན།

བསླངས་གཟུགས་གློག་བརྙན་འདིའི་རིགས་ཀྱི་བཟོ་སྟངས་ཐོག་མར་བྱུང་བ་ནས་ད་ལྟའི་ བར་དུ་ཚན་རྩལ་གྱི་འཕེལ་རྒྱས་དང་བསྟུན་ནས་ཡར་རྒྱས་གོང་འཕེལ་དུ་སོང་བ་ནི་ གདོན་མི་ཟ་མོད། མིའི་མིག་གིས་དངོས་གཟུགས་མཐོང་ནུས་པའི་བདེན་དོན་ལ་དཔེ་བལྟས་ཏེ། འོད་ནུས་སྐྱེད་སྦྱོར་གྱི་གཞུང་ལུགས་སྤྱད་ནས་བཟོས་པ་ཞིག་ཡིན་འདུག དེ་ཡང་མིའི་མིག་གིས་དངོས་གཟུགས་མཐོང་ཐུབ་པ་དང་དེའི་རྒྱང་རིང་ཐུང་གི་བར་ཐག་ མཐོང་བ་ཙམ་གྱིས་ཚོད་དཔག་བྱེད་ཐུབ་པ་དེའང་གཙོ་བོ་གཡས་གཡོན་མིག་གཉིས་ཀྱི་བར་ ཐག་གིས་བཏོན་པའི་ནུས་པ་ཡིན་པས། བསླངས་གཟུགས་གློག་བརྙན་ཕབ་སྐྲུན་བྱེད་དུས་ཀྱང་བརྙན་ཕབ་འཕྲུལ་ཆས་གཉིས་མིའི་ གཡས་གཡོན་གྱི་བར་ཐག་གིས་ཆོད་སར་བཞག་ནས་དུས་མཉམ་གཅིག་དུ་ཕབ་སྐྲུན་བྱས་ཤིང་། དེ་དང་མཚུངས་བར་བརྙན་སྒྲོན་གྱི་དུས་སུའང་བརྙན་ཆས་གཉིས་ནས་དུས་གཅིག་དུ་བརྙན་ གཏོང་བ་དང་། བརྙན་ཡོལ་ཏུ་གཟུགས་རིས་ཡོངས་སུ་མཚུངས་པ་གཉིས་བརྩེགས་མའི་ལམ་ནས་འཆར་བ་དེ་ལ་ ཁ་དོག་ཚགས་བྱེད་ཀྱི་ནུས་པ་ལྡན་པའི་ཤེལ་མིག་ཅིག་སྤྱད་པ་ཡིས་ད་གཟོད་བརྙན་ གཟུགས་ཡོངས་ལ་བསླངས་གཟུགས་ཀྱི་ཚོར་བས་ཕྱུག་པ་ཞིག་ཡིན།

[ བྱུང་འཕེལ། ]

དུས་རབས་བཅུ་དགུ་བའི་ལོ་རབས་དགུ་བཅུའི་ནང་དབྱིན་ཇིའི་གློག་བརྙན་པ་William Friese-Greeneཡིས3Dགློག་བརྙན་གྱི་ཁེ་དབང་སྒེར་སྤྱོད་ཀྱི་ཐོབ་ཐང་སྙན་ཞུ་ཞུས་ ཡོད་ལ། སྙན་ཞུའི་སྐབས་སུ་ལྟད་མོ་བས་སྲ་གཟུགས་དབྱིབས་འགོད་ཡོ་ཆས་སྤྱད་ནས་བལྟ་དགོས་ པའི་བརྙན་ཐུང་གཉིས་བརྙན་སྒྲོན་བྱས་འདུག་པ་ནི་ཆེས་ཐོག་མའི་རྣམ་པ་ཡིན་འདུག་ལ། དེའི་རྗེས་ཀྱི་སྤྱི་ལོ་༡༩༡༥ལོར་Edwin S. Porter དང་ William E. Waddell གཉིས་ཀྱིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནས་བསླངས་གཟུགས་གློག་བརྙན་ཐོག་མའི་ ཚོད་ལྟའི་བྱས་འདུག་མོད། ཡོངས་ཁྱབ་ཀྱིས་ (The Power of Love ) ༼བརྩེ་དུངས་ཀྱི་སྟོབས་ཤུགས༽སྟེ། སྤྱི་ལོ༡༩༢༢ལོརHarry K. Fairal ཡིས་བཟོས་ཤིང་ཨ་རིའི་གྲོང་ཁྱེར་ལའོ་སི་ཨན་ཇོ་ལི་ནས་ཐོག་མའི་གཟིགས་ཕུད་བྱས་ པའི་གློག་བརྙན་འདི་ནི3Dགློག་བརྙན་གྱི་ཐོག་མ་རུ་བརྩི།


༡༩༣༦ལོར་Edwin H. Land ཡིསPolaroid filter ཞེས་པའི་ཚགས་བྱེད་ཅིག་བཟོས་པ་དེ་གློག་བརྙན་བཟོ་ལས་ཁྲོད་རྒྱ་ཁྱབ་ཀྱིས་བེད་ སྤྱད་ཐུབ་པ་བྱུང་ཞིང་། འདི་ནི3Dགློག་བརྙན་གྱི་ཕབ་སྐྲུན་གོ་རིམ་ཁྲོད་ཀྱི་ལག་རྩལ་གལ་ཆེའི་རིགས་ཤིག་ ཡིན་འདུག་ལ། གང་འཚམ་གྱིས་གློག་བརྙན་འགའ་འང་ཕབ་སྐྲུན་བྱས་ཡོད་མོད། དེའི་རིན་གོང་མཐོ་བའི་སྲ་ཆས་དང་བཟོ་སྐྲུན་བརྒྱུད་རིམ་ཁྲོད་ཀྱི་དམིགས་བསལ་ གྱི་མཁོ་ཆས། གཅིག་མཐུན་གྱི་ཚད་གཞི་མེད་པ་བཅས་རྒྱུ་རྐྱེན་གང་མང་དང་། ལྷག་པར་དུ་ལོ་རབས་སུམ་ཅུ་དང་བཞི་བཅུ་ནི་དཔལ་འབྱོར་ཉམས་ཉེན་དང་སྦྲགས་འཛམ་ གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་ལ་འཁེལ་ཡོད་སྟབས། 3Dགློག་བརྙན་གྱི་ཕབ་སྐྲུན་ཐད་ལའང་ཤུགས་རྐྱེན་ཐེབས་ནས་སྔ་མ་ལས་ཐོལ་བརྒལ་མང་ པོ་མ་བྱུང་བར། གློག་བརྙན་བཟོ་ལས་ཁྲོད་ཀྱི་ཆ་ཤས་ཆུང་ངུ་ལས་ཟིན་ཐུབ་མེད།

ལོ་རབས་ལྔ་བཅུའི་འགོ་ནི3Dགློག་བརྙན་གྱི་གཟི་འོད་འབར་བའི་དུས་སྐབས་ཡིན་འདུག་ ལ། ༡༩༥༢ལོརArch Oboler ཡིས་འཁྲབ་ཁྲིད་དང་འཁྲབ་གཞུང་རྩོམ་མཁན་ཀྱི་འགན་གཅིག་ལྕོགས་ཀྱིསBwana Devil ཞེས་པའི་བརྙན་ཐུང་མ་ཡིན་པའི་ཚོན་མདོག་ཅན་གྱི3Dགློག་བརྙན་ཐོག་མར་ཕབ་སྐྲུན་ བྱས་ཡོད་པ་མ་ཟད། ༡༩༥༣ལོརHouse of Waxཞེས་པའི་གློག་བརྙན་གྱིས་མཚོན་པའི3D འཇིགས་སྐུལ་གློག་བརྙན་ཐོན་འགོ་ཚུགས་འདུག་ལ། དེའི་ནང་དུ་༡༩༥༤ལོའི་ཟླ༣་པརUniversal-internationalཡིས་ཕབ་པའིCreature from the Black Lagoonནི་དུས་ད་རག་བར་དུ་མུ་མཐུད་དུ་ཐོན་བཞིན་པའི3D འཇིགས་སྐུལ་གློག་བརྙན་གྲས་ཀྱི་གཅིག་ཡིན།

ལོ་རབས་བརྒྱད་ཅུ་དང་དགུ་བཅུ་ནི3Dགློག་བརྙན་གྱི་བསྐྱར་གསོན་དུས་རིམ་ལ་བརྩི་ ཞིང་། དེའི་ནང་དུIMAXཡིས3Dགློག་བརྙན་ཕུད་འགོ་བརྩམས་པ་ཡིས་མིག་གཟེརབ་སོགས་མི་བདེ་ བའི་ཚོར་སྣང་དག་མེད་པར་བྱས་ནས་ལག་རྩལ་དང་བཟོ་སྐྲུན་གྱི་ཆུ་ཚད་ཇེ་མཐོར་བཏང་ ཡོད་ལ། ཊིའི་སི་ཉེའུ་ཀུང་ཟིས་བཟོས་པའི་གློག་བརྙན་རིང་ཐུང་འགའ་སྔ་ཕྱིར་ཕུད་པ་ ཡིས3Dགློག་བརྙན་འདི་གཞི་རྒྱ་ཆེ་བའི་སྒོ་ནས་འཛམ་གླིང་ཡོངས་ཁྱབ་ཀྱིས་བསྐྱར་ གསོན་བྱུང་དུ་བཅུག་ཡོད། ཁྱད་པར་དུ་ལོ་རབས་དགུ་བཅུ་བའི་ནང་འཁྲབ་ཁྲིད་པJean-Jacques Annaud ཕབ་སྐྲུན་བྱས་པའི་ IMAX 3D གློག་བརྙན་ཐོག་མ་སྟེWings of Courage ༼སྤོབས་པའི་གཤོག་ཟུང༽ ལ་སོགས་པའི་ལག་རྩལ་དང་སྤུས་ཀ་སྔར་ལས་ཚད་ལྡན་གྱི3D གློག་བརྙན་མང་དུ་བྱུང་ཡོད།


དུས་ རབས་ཉེར་གཅིག་པ་ནི3D གློག་བརྙན་ལ་མཚོན་ནའང་འཕེལ་རྒྱས་ནས་འཕེལ་རྒྱས་ཀྱི་ཡང་རྩེ་རུ་གྱུར་ཡོད་པའི་ དུས་སྐབས་གསར་བ་ཞིག་ཡིན་འདུག་ལ། ༢༠༠༣ལོའི་ཇེམ་སི་ཁཱ་མེ་ལོན་ཀྱི་གློག་བརྙན༼ Ghosts of the Abyss གྲོག་རོང་ནང་གི་རྣམ་ཤེས༽དང་། ༢༠༠༤ལོའི༼བྱང་སྣེའི་མགྱོགས་ཡིག The Polar Express༽བཅས་ནིIMAX དང3Dམཉམ་འབྲེལ་སྒོས་ཕུད་པའི་གློག་བརྙན་ཐོག་མའི་རིགས་ཡིན། གློག་བརྙན་ལག་རྩལ་གྱི་འཕེལ་རྒྱས་དང་གློག་བརྙན་བཟོ་ལས་ཁྲོད་ཀྱི་དོ་སྣང་། ལྟད་མོ་བའི་དགོས་མཁོ་རྒྱ་ཆེའི་འཕར་སྣོན་བྱས་པ་བཅས་ཕྱོགས་སོ་སོའི་ཐད་ཀྱི་ མཐུན་རྐྱེན་གྱིས3D གློག་བརྙན་ཡང་སྤྱི་ལོ༢༠༠༩ལོའི་ལོ་མཇུག་གི་ཇེམ་སི་ཁཱ་མེ་ལོན་གྱི་གློག་བརྙན ༼Avatar ༽ཕུད་པ་ཡིས་འཕེལ་རྒྱས་ཀྱི་ཡང་རྩེ་ལྟ་བུར་བྱོན་ཡོད།

དུས་ད་ལྟའི་བར་དུ3Dགློག་བརྙན་ནི་འཛམ་གླིང་གི་ས་ཆ་ཕལ་ཆེ་བར་གློག་བརྙན་ཐད་ ཀྱི་གཙོ་རྒྱུགས་རིག་གནས་ཤིག་ཏུ་གྱུར་ཏེ། འགུལ་རིས་གློག་བརྙན་དང་། ཚན་འཕྲུལ།༼science fiction ༽འཇིགས་སྐུལ་གློག་བརྙན། དུང་བརྗོད་གློག་བརྙན་ལ་སོགས་པའི་གློག་བརྙན་རིགས་འདྲ་མིན་སྣ་ཚོགས་ནང་སྤྱད་ ནས་ཕབ་སྐྲུན་དང་གཟིགས་ཕུད་གནང་དང་གནང་བཞིན་ཡོད་ལ། དེའི་ནང་གི་གློག་བརྙན་མི་ཉུང་བ་ནི་ལོ་རེའི་ཆེས་བྲིན་ཤོས་ཀྱི་གློག་བརྙན་གྲས་སུ་ཚུད་ཡོད།