ཨེན་ནའུ་ཝེ་ཐེ་མི།

ཡོང་ཁུངས་Wikipedia

ཨེན་ནའུ་ཝེ་ཐེ་པ་ནི་སའི་གོ་ལའི་བྱང་མཐའ་རུ་འཚོ་ཞིང་གནས་པའི་མི་རིགས་ཤིག་ཡིན། ཨེན་ནའུ་ཝེ་ཐེ་པའི་གཟུགས་དབྱིབས་ཀྱི་ཁྱད་ཆོས་སོག་པོ་དང་ཧ་ཅང་འདྲ། དེའི་ཕྱིར་ཚན་རིག་པ་ཚོས་ཚོད་དཔག་བྱས་པ་ལྷར་ན། གནའ་སྔ་མོའི་འཁྱགས་ཀླུང་དུས་སྐབས་སུ། ཨེ་ཤེ་ཡའི་སོག་པོའི་མི་རྒྱུད་པེ་རེན་མཚོ་འགག་བརྒྱུད་དེ་གླིང་ཆེན་ཨ་མེ་རི་ཁ་བྱང་མར་འབྱོར་ཅིང་རིམ་གྱིས་ཨེན་ནའུ་ཝེ་ཐེ་པ་རུ་གྱུར་པ་རེད། ཨེན་ནའུ་ཝེ་ཐེ་པ་ལ་ཨེ་སི་ཁེའུ་མོ་མི་ཡང་ཟེར་ལ་ནང་དོན་ནི་"ཤ་རྗེན་ཟ་བའི་མི་"ཞེས་པ་རེད། ཨེ་སི་ཁེའུ་མོ་ཁྱི་ནི་ཨེན་ནའུ་ཝེ་ཐེ་མིའི་བློས་ཐུབ་ཀྱི་གྲོགས་པོ་ཡིན། ཁྱི་དེ་གཟུགས་ཆེ་ཞིང་ལུས་སྟོབས་རྒྱས་ལ་པགས་པས་དྲོད་འཛིན་བཟང་བས་གྲང་ངར་ལ་མི་སྐྲག ཨེན་ནའུ་ཝེ་ཐེ་པ་རྣམས་ཁྱི་དེ་རིགས་ཀྱིས་འདྲུད་པའི་གངས་གྲུ་ལ་བསྡད་དེ་བྱང་འཁྱགས་རོམ་རྒྱ་མཚོའི་སྟེང་ནས་རི་དྭགས་རྔོན་གྱི་ཡོད།[༡]

ལོ་རྒྱུས།[རྩོམ་སྒྲིག]

གསལ་བཤད།[རྩོམ་སྒྲིག]

པར་རིས་བར་འཁྱམས།[རྩོམ་སྒྲིག]


ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག:

  1. "འཛམ་གླིང་གི་ཡུལ་ལྗོངས།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧

དཔྱད་གཞིའི་དཀར་ཆག[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]